Donate

ང་ཚོའི་ཆུའི་སྤུད་ཚད་ལེགས་སུ་གཏོང་བ།

ང་ཚོའི་ཆུའི་སྤུད་ཚད་ལེགས་སུ་གཏོང་བ།

ཆུ་ནི་རྩ་ཆེན་པོ་ཡིན་ཞིང་། ཆུའི་སྤུས་ཚད་ཀྱང་ང་ཚོ་འཚོ་གནས་བྱེད་པར་ཧ་ཅང་གལ་ཆེན་རེད། ལྷའི་ཉེ་ཆར་གྱི་རྩོམ་ཡིག་རྣམས་ཆུའི་མང་ཉུང་དང་། ཆུ་བེད་སྤྱོད་ཤུགས་ཆེན་བྱེད་པ། ཡང་ན་བེད་སྤྱོད་ལོག་པར་གཏོང་བ་སོགས་ཀྱི་སྐོར་རེད་འདུག དེ་ཡང་འབྲེལ་གཏུག་དུས་དེབ་ཀྱིས་འདས་པའི་ལོ་གཉིས་ནང་བོད་ནང་གི་ཆར་དུས་དང་། ༢༠༡༤ ལོའི་ཕྱི་ཟླ་གཉིས་པ། ༢༠༡༧ ལོའི་ཕྱི་ཟླ་ ༩ པའི་ཆུའི་ཤེལ་དམ། ད་དུང་ཆུའི་སྤུས་ཚད་སོགས་ཀྱི་སྐོར་ནས་གླེང་སློང་བྱས་འདུག་ཅིང་། གལ་ཆེ་ཤོས་ཤིག་ལ་མི་མང་གི་བདེ་ཐང་དང་འཕྲོད་བསྟེན་ལ་འཕན་འདོགས་ཕྱིར་ (རྒྱ་གར་ཡུལ་མི་དང་བོད་རིགས་འདུས་སྡོད་) ས་གནས་སུ་ལྷས་ཆུ་ཚགས་འཕྲུལ་ཆས་མཁོ་སྤྲོད་ཀྱིས་མི་མང་གི་བདེ་ཐང་དང་འཕྲོད་བསྟེན་ལ་འཕན་འདོགས་གནང་འདུག འདིར་ལྷ་ཚོགས་པས་ས་གནས་ཀྱི་སྤྱི་ཚོགས་སུ་གང་ཞིག་སྒྲུབ་བཞིན་པའི་སྐོར་གྱི་པར་རིས་ཆེན་པོ་དེ་དག་ང་ཚོས་མཐོང་བྱུང་། དེར་བརྟེན་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་ཁ་ཤས་ཞུ་རྒྱུ་ཡིན།

         ཁྱེད་རང་སོ་སོ་རང་ཉིད་ཀྱིས་ཆུའི་སྤུས་ཚད་ལེགས་སུ་གཏོང་བའམ་མི་གཞན་དང་། སྲིད་གཞུང་། ཚོང་ལས་ཁང་སོགས་ལ་བྱེད་དུ་བཅུག་ཆོག  དེ་ནས་དང་པོ་ཆུའི་འབོར་ཚད་དང་དེ་ནས་སྤུས་ཚད་ལ་བལྟས་ཏེ་འགོ་འཛུགས་བྱེད་ཆོག ཆུའི་གྲངས་ཚད་རྒྱ་ཆེར་ཤེས་ཕྱིར་ང་ཚོས་ཆུའི་རྒྱུན་འཁོར་ (Cycle) ལ་བལྟ་ཆོག དཔེ་རིས་དང་པོར་གཟིགས།

དཔེ་རིས་དང་པོ།

དཔེ་མཚོན་གསུམ།

༡ བོད་དང་བོད་ཀྱི་ཆར་དུས་ཀྱིས་ཆུའི་རྒྱུན་འཁོར་ལ་ཤུགས་རྐྱེབ་ཐེབས་སྲིད།

༢ རྒྱ་གར་དུ་འབབ་བཞིན་པའི་བོད་ཀྱི་ཆུ་བོ་ཁག་ལ་ཆུ་མཛོད་བསྐྲུན་པས་རྒྱ་གར་དུ་ཆུ་འཕྲི་བར་བྱེད་སྲིད།

༣ རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་དཔྱིད་དུས་ཐུང་བ་དང་། ས་འོག་གི་ཆུ་ཉུང་དུ་འགྲོ་བ། ཆུ་ལོག་གི་རྐྱེན་བྱེད་པ་སོགས་ནི་གནམ་གཤིས་འགྱུར་ལྡོག་གི་དཔེ་མཚོན་ཞིག་རེད།

         ང་ཚོས་ཆུ་སྤུས་ལེགས་རྣམས་དང་། གཙང་བཟོ་བྱས་པའི་ཆུ་ལ་བརྟེན་ནས་གཤམ་གྱི་ཆུ་རྒྱུན་རྣམས་དྭངས་གཙང་ཞིག་བཟོ་ཐུབ། གཤམ་གྱི་དཔེ་རིས་གཉིས་པར་གཟིགས། དྷ་རམ་ས་ལའི་རི་གཤམ་གྱི་ཆུ་རྒྱུན་རྣམས་གང་འདྲ་ཞིག་ཡོད་དམ། བྷག་སུའུ་ཡི་ཆུ་རྒྱུན་ཇི་ལྟར་ཡིན་ནམ། གང་ནས་ཆུ་གཙང་མ་འདུག གང་ནས་བཙོག་པ་ཆགས་ཀྱི་འདུག ཆུ་རྒྱུན་གྱི་སྤུས་ཚད་ལེགས་སུ་གཏོང་བའམ་ཡང་ན་སྡུག་ཏུ་གཏོང་བའི་རྒྱུ་རྐྱེན་གང་ཞིག་རེད། དགོངས་པ་བཞེས།  (དཔེ་མཚོན་རི་མོར་ལྟོས)

དཔེ་རིས་གཉིས་པ།

         རྐྱེན་གང་ཞིག་གིས་ཆུ་རྒྱུན་གཙང་མར་བཟོ་བ་དང་། གང་ཞིག་གིས་བཙོག་ཏུ་གཏོང་བ།

         ཡུལ་ལུང་མང་པོ་ཞིག་གི་ནང་ཆུའི་སྤུས་ཚད་ཉམས་རྒུད་དུ་ཕྱིན་ནས་ལོ་མང་སོང་རྗེས་བསྐྱར་གསོ་གོང་འཕེལ་དུ་འགྲོ་བཞིན་པར་ཐུགས་རྗེ་ཆེ། ༡༩༩༩ ནས་བཟུང་རྒྱལ་སྤྱིའི་ཆུ་བོའི་ཐེབས་རྩ་ (International River Foundation) ནས་རྒྱུག་ཆུའི་མ་ལག་ཡར་རྒྱས་ཀྱི་རྟགས་མ་འཛམ་གླིང་རྒྱ་ཁྱབ་ཀྱིས་གནང་བ་དང་། རྒྱ་གར་བ་ཨར་ཝ་རི་ (Arvari) ལ་ ༢༠༠༣ དང་ ༢༠༠༤ བཞི་ལོར་རྟམས་མ་འདི་ཐོབ་ཡོད་ཅིང་། ཁོང་ནི་རྟགས་མ་འདི་འཐོབ་མཁན་རྒྱ་གར་བ་གཅིག་པུ་དེ་རེད། རྒྱ་ནག་གི་ཧྲའ་ (Sha) ཆུ་བོར་ ༢༠༠༦ ལོ་དང་།  རྨ་ཆུ་ལ་ ༢༠༠༧ དང་ ༢༠༡༠ ལོར་ཐོབ་པ་ལས་བོད་པ་གཅིག་ལ་ཡང་ཐོབ་མེད།

       བོད་ནང་གི་རི་བོ་ཀེ་ལ་ཤཱའི་ (ཀེ་ལ་ཤཱ་ནི་རྒྱ་གར་གྱི་སྐད་ཡིན་ཞིང་། གངས་རི་སྤྱི་ལ་འཇུག་ཀྱང་འདིར་གངས་ཏི་སེ་ལ་གོ་དགོས་) ཉེ་སར་ཡོད་པའི་མཚོ་མཱན་ཎི་སོ་ར་ཝར་ (Lake Manasoravar) ལ་གནས་སྐོར་དུ་སྐྱོད་མཁན་རྒྱ་གར་བ་ཞིག་གིས། ཉེ་བའི་ཆར་རྩོམ་པ་པོར་གལ་ཏེ་མཚོ་བྱིན་ཅན་འདི་རྒྱ་གར་དུ་ཡོད་ཚེ་འབགས་བཙོག་ཤོར་ཡོད་ངེས་རེད། མཚོ་བྱིན་ཅན་དྷལ་ (Dal holy lake) ལ་གཅིག་ལྟོས་དང་ཞེས་ཟེར།

ཆུ་བཙོག་པ།

ཆུ་གཙང་མ།

ཆུའི་སྤུས་ཚད་ལ་ཞིབ་ཕྲའི་གོ་རྟོག་གང་ལེགས་ཡོང་ཕྱིར་ང་ཚོས་ཕྱི་རྒྱལ་གྱི་ཐུན་མོངས་མ་ཡིན་པའི་ཆུའི་རྒྱུན་འཁོར་གྱི་ (དཔེ་རིས་ ) པ་ལ་ལྟས་ན་ཆོགས་པ་དང་། ཆུ་སྐྱོང་ཐབས་དང་། བཙོག་ཅུ་སྐྱོང་ཐབས་སོགས་ལ་སེམས་པར་བྱའོ།

དཔེ་རིས། ༣ པ། ཕྱི་རྒྱལ་གྱི་ཆུའི་རྒྱུན་འཁོར།

འཐུང་ཆུ་ནི་འོས་འཚམས་ཀྱི་ཆུ་བོ་ལས་བྱུང་བ་དང་། རྒྱུན་དུ་བདེ་ཐང་ཆེད་གཙང་མར་བཟོས་ཡོད། (དཔེ་རིས་གསུམ་པར་ལྟོས)

         མེག་ལོར་ས་གནས་ཀྱི་ཆུ་གཙང་བཟོའི་མ་ལག་དྷར་མཚེའུ་ (Dal lake)

         དཀའ་ངལ་གཉིས་ཀྱིས་ཆུ་སྐྱོན་ཅན་འཐུང་དགོས་པ་བཟོ་སྲིད། དང་པོ་ནི་གལ་སྲིད་མི་རྣམས་ལ་གཙང་མར་བཟོས་ཟིན་པའི་ཆུ་འཐུང་རྒྱུ་མེད་པ་དང་། གཙང་བཟོ་ལེགས་པར་མ་བྱས་པའི་ཆུ་ལ་བརྟེན་དགོས་བྱུང་བ། གཉིས་པ་ནི་གལ་ཏེ་ཁོང་ཚོའི་ཆུ་ཡོང་སའི་ཆུ་བོ་ (འབབ་ཆུ་དང་། མཚེའུ། ས་འོག་གི་ཆུ་སོགས་ཆུའི་འབྱུང་ཁུགས་ཡོད་ཚད་ལ་གོ་) རྣམས་འབགས་བཙོགས་ཤོར་ཡོད་པ། དཔེར་ན། ཆར་དུས་ཀྱི་ཆུའི་སྤུས་ཚད་མི་ལེགས་པ་ལྟ་བུ་རེད། ལྷས་གནས་དོན་དེ་གཉིས་ཀར་རོགས་བྱས་ཡོད།

         ཕྱི་ཟླ་དྲུག་པའི་ནང་ལྷའི་དྷ་རམ་ས་ལའི་འཐུང་ཅུ་གཙང་བཟོའི་ལས་འཆར་གྱི་ཆ་ཤས་སུ་ཆུ་ཚགས་འཕྲུལ་ཆས་ཐེངས་ཉེར་ལྔ་པ་དེ་གསར་འཛུགས་བྱས་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༠༧ པའི་ནང་གི་གནས་བསྡུས་དཔྱད་གཞི་ལྟར་ན། མི་ ༡༤‚༠༠༠ མ་ཟིན་ཙམ་ལ་འཐུང་ཆུ་གཙང་མ་འདང་ངེས་ཐོབ་བཞིན་ཡོད་པ་དང་། ཚོགས་སྡེ་སྒྲིག་འཛུགས་དང་། སློབ་གྲྭ་ཁག་འདྲ་མིན་ལ་ཁེ་ཕབ་ཐོབ་ཡོད་པ། སློབ་མ་རྣམས་ཀྱིས་འཕྲོད་བསྟེན་ཡར་རྒྱས་ཕྱིན་ཡོད་སྐོར་བཤད་ཡོད་པ་དང་། དགེ་རྒན་ཚོས་ཆུ་གཙང་མ་བཏུང་བའི་རྗེས་སུ་སློབ་མ་འཛིན་གྲྭར་སླེབས་ཚད་མང་དུ་ཕྱིན་ཡོད་སྐོར་བཤད་པ་སོགས་ ༢༠༡༦ ལོའི་སྙན་ཐོའི་ནང་བཀོད་འདུག

         ཆུ་ཚགས་འཕྲུལ་ཆས་དེ་དག་ཁོང་ཚོས་ཇི་ལྟར་བདག་སྐྱོང་བྱེད་པ་དང་། ས་ཁུལ་གྱི་འཐུང་ཆུའི་སྒྲིག་སྲོལ་དང་མཉམ་སྦྲེལ་ཇི་ལྟར་བཟོས་པའི་སྐོར་ཀྱི་གསལ་ཁ་མེད། ཆ་སྙོམས་ཀྱིས་གལ་ཆེ་བ་ཞིག་ནི་བཙོག་ཆུ་གཙང་བཟོ་བྱེད་པ་  (དཔེ་རིས་ ༣ པར་བསྐྱར་དུ་ལྟོས)  འོས་འཚམས་ཀྱི་གཙང་བཟོ་ཡིས་ཆུ་བོ་གཙང་མ་ཡོང་ཐུབ། (དཔེ་རིས་ ༢ པའི་ནང་གསལ) གཙང་བཟོ་བྱས་ཟིན་ཞིང་ཕྱིར་བཏོན་པའི་ཆུ་ནི་གཤམ་གྱི་ཆུ་རྒྱུན་དུ་ཧ་ལམ་མི་ཞིག་གི་འཐུང་ཆུ་རུ་གྱུར་སྲིད། (དཔེ་རིས་ ༣ པར་བསྐྱར་དུ་གཟིགས) ཕན་ནུས་ལྡན་པའི་ཆུ་གཙང་བཟོའི་ཡར་རྒྱས་ཀྱི་གོ་སྐབས་དག་ནི།

         ༡༽ གསང་སྤྱོད་ཀྱི་བཙོག་ཆུ་ནག་པོ་བཙོག་ཆུའམ་ཆུ་སྙིང་གཙང་མ་བཟོ་སར་གཙང་མ་བཟོ་བ།

 སྤྱིར་བཏང་ཆུ་སྙིགས་གཙང་བཟོ་ནི་ཆེད་ལས་པས་བདག་སྐྱོང་བྱེད་ཀྱི་ཡོད་པས་མི་ཚང་སོགས་ཀྱི་ནང་གི་ཆུ་སྙིགས་གཙང་བཟོ་ལས་ཡིད་བརྟན་འཕེར་ངེས་སུ་ཡོད་ཅིང་། ཆུ་སྙིགས་གཙང་བཟོ་ནི་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དག་ཏུ་མང་བ་ཡོད། དྷ་རམ་ས་ལའི་ཁུལ་ཇཱ་ཝར་ཧར་གྷུ་ལི་རེ་ཡན་ (Jawahar, Gulerian) དུ་ཆུ་སྙིགས་གཙང་བཟོ་བྱེད་ས་གཅིག་ཡོད་པ་དང་། ཐག་རིང་སྤྱི་ཚོགས་དང་། མི་ཚང་ཁ་ཤས་ལ་དེ་དང་འདྲ་བ་འདུག་ཀྱང་དེ་དག་ཆུ་སྙིགས་གཙང་བཟོའི་མ་ལག་གང་དུ་ཡང་མཐུད་ཡོད་པར་མ་ངེས། བོད་ཀྱི་ལྷ་ས་རུ་བཙོག་ཆུ་གཙང་བཟོའི་མ་ལག་ཡོད་སྐོར་སྙན་ཐོར་བཀོད་འདུག

         ༢༽ གྱོན་པ་འཁྲུད་པ་དང་། ནང་གཙང་མར་བཟོ་བ། ཁྲུས་ཁང་། ཐབ་ཚང་སོགས་ཀྱི་ཆུ་སྐྱ་བོ་གཙང་མར་བཟོ་བ།

         ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་མང་པོའི་ནང་དུ་ཆུ་སྐྱ་བོ་ཆུ་ནག་པོ་དང་མཉམ་དུ་ཆུ་སྙིགས་གཙང་བཟོའི་མ་ལག་ཏུ་གཙང་བཟོ་བྱེད། མེག་ལོར་གྷན་ཇི་དང་རྒྱ་གར་གྱི་ས་ཆ་གཞན་མང་པོ་ཞིག་གི་ནང་དུ་ཆུ་སྐྱ་བོ་རྣམས་ཁོར་ཡུག་དུ་བཏང་ནས་ཉེ་འཁོར་གྱི་ཆུ་ལ་ཡང་འབགས་བཙོག་ཐེབ་ཀྱི་ཡོད། (ཆར་ཆུ་མེད་པའི་སྐབས་ཀྱི་མེག་ལོར་གྱི་ཆུ་ཡུལ་རྣམས་ལ་གཟིགས།) ས་གནས་ཀྱི་འགྱུར་འགྲོས་རྟགས་ཚན་ཞིག་ནི་ཆུ་སྐྱ་བོ་བསྐྱར་གསོ་དང་བསྐྱར་སྤྱོད་ཀྱི་སྐོར་རྟོག་ཞིབ་ཀྱི་གནས་བབ་སྐོར་ནཱ་དྷིའི་མཚེའུ་ (Naddi, Dal lake.  རུ་ཡོད་པའི་སཱི་ཝ་ཤཱི་གྲོང་སྡེ་ (SWASH Village) ཡིས་བཀོད་ཡོད་པ་དེ་རེད།

         ༣༽ ཆར་པ་དང་གང་ཞུ་བ་ལས་བྱུང་བའི་ཆུ་ལ་ལྟ་སྐྱོང་བྱེད་པ། (དཔེ་རིས་གསུམ་པའི་སྡེ་ཚན་དཀྱིལ་མ་ལ་གཟིགས) གངས་ཞུ་བ་དང་། ཆར་པ་ཤུགས་ཆེན་བབས་པ་ལ་བརྟེན་ནས་བྱུང་བའི་ཆུས་ས་སྙིགས་རྡོ་སྙིགས་དང་། ལྕི་བ། གད་སྙིགས་སོགས་ཁྱེར་ནས་ཡོང་སྟེ་ཆུ་ལམ་བཀག་སྟེ་ཆུ་ལོག་གི་རྐྱེན་བྱེད་ཀྱི་ཡོད། ཆུ་འགྲོའི་ལྕགས་སྦུག་ལས་ལུད་པའི་ཆུ་དང་། ཁད་མཐོ་སའི་ཆུ་སོགས་ཀྱིས་དམའ་སར་ཆུ་ཆེན་པོ་འབབ་པའི་རྐྱེན་བྱེད་ཀྱི་ཡོད། ཡར་རྒྱས་ཕྱིན་ཟིན་པའི་ལུང་པ་མང་པོའི་ནང་དུ་ས་སྙིགས་རྡོ་སྙིགས་རྣམས་སྟངས་འཛིན་བྱས་ཡོད་ལ། གད་སྙིགས་རྣམས་སྙིགས་ཟོམ་དུ་བླུགས་ཡོད་ཅིང་། སེམས་ཅན་གྱི་བདག་པོས་ལྕི་བ་སྒྲུག་གི་ཡོད་པ་དང་། ཁད་མཐོ་སའི་ཆུ་རྣམས་ནང་སོ་སོར་ཁྱེར་ཏེ་བེད་སྤྱོད་བྱེད་འགྲོ་བཞིན་ཡོད། བྷ་རེ་སི་བྷནི་ (Brisbane) གྲོང་ཁྱེར་སྤྱི་ཁྱབ་ལྷན་ཁང་གི་ཆུ་དང་ཆར་ཆུའི་སྤུན་ཚད་འཛིན་སྐྱོང་ནི་ཨོ་སི་ཁྲོའོ་ལི་ཡའི་གྲོང་ཁྱེར་གྱི་དཔེ་མཚོན་ཞིག་རེད།  (Brisbane City Council’s Water Stormwater Quality Management is one Australian city’s example.) དེ་དང་མཚུངས་པའི་དཔེ་མཚོན་ཞིག་བོད་དམ་ཧི་མ་ཅལ་མངའ་ཁུལ་དུ་ཡོད་སྐོར་ཤེས་རྟོག་མེད། ལྷས་ཟླ་རེ་བཞིན་མེག་གྷན་གྱི་ཉེ་འཁོར་དུ་གད་སྙིགས་སྒྲུག་སྟེ་ཁོར་ཡུག་གཙང་བཟོའི་སྣེ་ཁྲིད་ཀྱི་ཡོད་སྟབས་ཆར་ཞོད་ལས་བྱུང་བའི་ཆུའི་གནོད་སྐྱོན་སེལ་བར་ཚད་ངེས་ཅན་གྱི་རོགས་བྱེད་ཀྱི་ཡོད།

         ཧི་མ་ཅལ་ཁུལ་དུ་ཆུའི་སྤུས་ཚད་ (ཧམ་ལམ་བོད་ནང་དུ་ཡང་)[1] ལེགས་སུ་འགྲོ་བཞིན་ཡོད་ཀྱང་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་དག་གི་་ཁྱབ་ཚད་དེར་སླེབས་མེད། རྒྱ་གར་དུ་རྒྱ་གར་གཞུང་དང་ལྷས་འཐུང་ཆུའི་སྤུས་ཚད་ལེགས་བཅོས་བྱེད་བཞིན་ཡོད་པ་དང་། རྒྱ་གར་གཞུང་གིས་གསང་སྤྱོད་ཀྱི་ཆུ་ནག་པོ་གཙང་བཟོ་བྱེད་བཞིན་ཡོད། ལྡོག་ཕྱོགས་ནས་བཤད་ན་དྷ་ས་ཁུལ་གྱི་ཆར་ཞོད་ཀྱི་ཆུ་དང་། ཁྲུས་ཁང་སོགས་ཀྱི་ཆུ་སྐྱ་བོའི་སྟངས་འཛིན་ཧ་ཅང་སྐྱོ་པོ་ཡོད། སྤུས་ཚད་ཞན་པའི་བཙོག་ཆུས་རི་གཤམ་དང་། འབབ་ཆུའི་རྒྱུན་དུ་ཡོད་པའི་མི་དང་སྒོ་ཕྱུགས་ལ་གནོད་པ་བྱེད་ཀྱི་ཡོད། རྒྱ་གར་ནང་དང་། མེག་ལོར་སོགས་སུ་དཀའ་ངལ་འདི་སེལ་ཕྱིར་དྷ་སར་གནས་སྡོད་རྣམས་ “ང་ཚོའི་གྲོང་ཁྱེར་སྔོ་ལྗངས་དང་གཙང་མར་ཉར་” ཞེས་པའི་ལྷའི་དེབ་ཆུང་དང་། དེའི་ནང་གད་སྙིགས་ཐང་དུ་མ་གཡུག ཆུ་འགྲོའི་ལྕགས་སྦུག་བཟོ་བཅོས་གྱིས་ཞེས་སོགས་འཁོད་ཡོད་པ་དེའི་རྗེ་སུ་འབྲངས་དགོས་ཤིང་། མི་གཞན་རྗེས་སུ་འབྲངས་རྒྱུར་སྐུལ་སློང་བྱེད་དགོས། ད་དུང་མི་རྣམས་ཀྱིས་ཁད་མཐོ་སའི་ཁྲུས་ཁང་སོགས་ཀྱི་ཆུ་སྐྱ་བོ་དང་། ཆར་ཞོད་ཀྱི་ཆུའི་སྟངས་འཛིན་གོང་འཕེལ་གཏོང་བར་རྒྱབ་བསྐྱོར་བྱེད་དགོས། དེའི་གྲུབ་འབྲས་ནི་ཆུ་སྤུས་སྔར་ལས་ལེགས་པ་དང་འབབ་ཆུའི་རྒྱུན་བཟང་བ། མི་རྣམས་ཀྱི་འཕྲོད་བསྟེན་ཡག་པ་སོགས་ཡོང་གི་རེད།

 

སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝེལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།

[1] ཧ་ལམ་བོད་ནང་དུ་ཡང་ཞེས་པ་འདི་སྒྱུར་བ་པོའི་མཆན་མིན། མ་རྩོམ་ལ་གཟིགས་པར་འཚལ།

མ་རྩོམ་གྱི་དྲ་ཐག http://www.tibetnature.net/en/improving-water-quality/ འདི་བརྒྱུད་གོང་བཀོད་ཀྱི་འགྱུར་འདིའི་མ་རྩོམ་ངེད་ཀྱི་ཨིན་ཡིག་དྲ་བར་བཀོད་ཡོད་པས་གཟིགས་པར་འཚལ།