Donate

ཉག་རོང་ལ་འགུལ་ཚད་རིམ་པ་ལྔ་ལྷག་གི་ས་ཡོམ་རྒྱབ་འདུག

ཁམས་ཉག་རོང་ཁུལ་དུ་འགུལ་ཚད་རིམ་པ་ལྔ་ལྷག་གི་ས་ཡོམ་བརྒྱབ་ཡོད་པ་དང་ད་སྔ་གོད་ཆག་བྱུང་ཡོད་མེད་དེ་ཙམ་ཁ་གསལ་མི་འདུག
འདི་ཚེས་ ༥ ཉིན་བོད་ནང་གི་སྔ་དྲོའི་ཚོུད་ལྔ་དང་ཕྱེད་ཀ་ལྷག་ཙམ་ལ། ཁམས་ཉག་རོང་ཁུལ་དུ་ས་ཡོམ་འགུལ་ཚད་རིམ་པ་ ༥ ལྷག་ཙམ་ཞིག་རྒྱབ་འདུག་ཅེས་རྒྱ་ནག་གི་ས་ཡོམ་བརྟག་དཔྱད་ལས་དོན་ཚན་པས་གསལ་སྟོན་གནང་འདུག ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་། གོང་ཞུས་ས་ཡོམ་བརྟག་དཔྱད་ལས་དོན་ཚན་པས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། དེ་རིང་སྔ་དྲོ་ཁམས་ཉག་རོང་ཁུལ་དུ་ས་ཡོམ་འགུལ་ཚད་ལྔ་དང་གྲངས་ཆུང་ ༡ ཙམ་ཞིག་རྒྱབ་ཡོད་ཀྱང་ས་གནས་སུ་མི་ཤི་རྨས་དང་། དེ་བཞིན་ཁང་པ་གཏོར་སྐྱོན་ཕྱིན་པ་སོགས་ཀྱི་གནས་ཚུལ་ད་ལྟའི་ཆར་གང་ཡང་བྱུང་མེད་པ་བརྗོད་འདུག

ས་ཁྲའི་ནང་གི་སྒོར་ཐིག་དམར་པོ་ཡོད་ས་དེ་ཁམས་ཉག་རོང་ཡིན།

ས་ཁྲའི་ནང་གི་སྒོར་ཐིག་དམར་པོ་ཡོད་ས་དེ་ཁམས་ཉག་རོང་ཡིན།

གཞན་ཡང་ཉག་རོང་ས་ཁུལ་གྱི་གུང་ཁྲན་ཚོགས་པའི་འགོ་ཁྲིད་ཞིག་གིས་ཀྱང་ས་གནས་སུ་ས་ཡོམ་འགུལ་ཚད་ལྔ་དང་ཚགས་ ༣ ཙམ་ཞིག་རྒྱབ་ཡོད་ཀྱང་ད་བར་མི་འཆི་སྐྱོན་དང་། ཁང་པ་གཏོར་སྐྱོན་ཕྱིན་པའི་གནས་ཚུལ་གང་ཡང་བྱུང་མེད་ལུགས་གསུང་འདུག
ཉག་རོང་དེ་བཞིན་རྒྱ་མཚོ་ངོས་ནས་མཐོ་ཚད་མེ་ཊར་ ༤༧༠༠ ཙམ་གྱི་སར་གནས་ཡོད་ཅིང་། མི་འབོར་ཉིས་ཁྲི་ལྷག་ཙམ་ཞིག་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་། དབྱངས་སྒྲོ།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས་ནས་དྲངས།

ཐེངས་ 421 བཀླགས་འདུག