Donate

དཀར་མཛེས་ཁུལ་ལི་ཐང་རྫོང་དུ་ས་འགུལ་རིམ་པ་ ༥.༡ བྱུང་འདུག

དཀར་མཛེས་ཁུལ་ལི་ཐང་རྫོང་དུ་ས་འགུལ་རིམ་པ་ ༥.༡ བྱུང་འདུག

“སྤྱི་ལོ ༢༠༡༦ ཟླ་ ༩ ཚེས་ ༢༣ དགོང་མོའི་ཆུ་ཚོད་ ༡༢ དང་སྐར་མ་ ༤༧ ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་དུ་ (འཕྲེད་ཐིག་བྱང་མ་ཏུའུ་ ༣༠.༠༩ དང་ཤར་གྱི་གཞུང་ཐིག ཏུའུ་ ༩༩.༦༤) ས་འགུལ་རིམ་པ་ ༤.༩ བྱུང་བ་དང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་ ༡༩ ཡོད་པ་རེད། དུས་ཚོ་ ༡ དང་སྐར་མ་ ༢༣ གྱི་ཐོག དཀར་མཛེས་ཁུལ་ལི་ཐང་རྫོང་དུ་(འཕྲེད་ཐིག་བྱང་མ་ཏུའུ་ ༣༠.༡༠ དང་ཤར་གྱི་གཞུང་ཐིག་ཏུའུ་ ༩༩.༦༡) ཡང་བསྐྱར་ས་འགུལ་རིམ་པ་ ༥.༡ བྱུང་བ་དང་འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་ ༡༦ ཡོད་པ་རེད།
8200གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ས་འགུལ་བྱུང་རྗེས། འགུལ་ལྟེ་ཧོ་སྙིང་ཤང་དང་ཉེ་འཁོར་གྱི་མཆོད་རྟེན་ཤང་། མཐོ་སྒང་ཤང་། ཚེ་མགོན་ཤང་། བླ་མ་ཡག་ཤང་། འགྲམ་སྣ་ཤང་སོགས་ལ་འགུལ་ཚོར་ཆེན་པོ་བྱུང་།
ས་འགུལ་གྱིས་ཧོ་སྙིང་ཤང་གི་ཁང་པ་ ༦ བརྡིབས་སོང་བ་དང་། ཁང་པ་ ༣༠༨ ཟམ་པ་ ༢༣ གཞུང་ལམ་སྤྱི་ལེ་ ༢༠ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད། མིག་སྔར་མི་ལ་ཤི་རྨས་བྱུང་མེད། གཞན་དུ་འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་དུ་གནོད་བཤེར་བྱེད་བཞིན་ཡོད།” ཅེས་སོགས་བཀོད་འདུག

ཁམས་པའི་བོད་སྐད་བརྙན་འཕྲིན་དྲ་གནས་ (康巴藏语卫视) ལས་དྲངས། 800-500hhhh