Donate

བོད་མདོ་སྨད་བླ་བྲང་དུ་ཆུ་ལོག་གི་གནོད་སྐྱོན་ཚབ་ཆེན་ཐེབས་འདུག

ཁ་སང་དགོང་མོར་བོད་བླ་བྲང་ཕྱོགས་སུ་དྲག་ཆར་དང་སེར་བ་ཤུགས་ཆེན་བབས་ཏེ། བསང་ཆུ་རྒྱས་ནས་གཞུང་ལམ་རྣམས་ཆུ་འདམ་གྱིས་ཁེངས་ཡོད་པ་མ་ཟད། ཉེ་འཁོར་གྱི་ཁྱིམ་ཚང་མང་པོའི་སྡོང་ཁང་དང་ར་སྐོར་སོགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་། སེར་བ་ཆེན་པོ་བབས་རྐྱེན་ཁང་བའི་སྒེའུ་ཁུང་དང་རླངས་འཁོར་གྱི་སྒེའུ་ཁུང་སོགས་ལ་ཆག་སྐྱོན་བཟོས་ཡོད་སྟབས། དེ་རིང་དགེ་འདུན་པས་གཙོས་ས་གནས་མི་མང་མཉམ་རུབ་ཀྱིས་གནོད་སྐྱོན་ཐེབས་པ་ཚོར་རོགས་རམ་དང་གྲོང་སྡེ་གཙང་བཟོ་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་མི་ཕྱུག་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་གོ་ཐོས་མི་འདུག

14040027_1008193275945399_5525526685919880643_n

14064281_1008193329278727_3035881235943783643_n

14045972_1008193332612060_6468762697537494907_n

14079508_1008193265945400_5420528605007094691_n

14053973_1008182609279799_7893212645262020512_n

14021582_10210017824344318_7643336686687022081_n

14117976_10210017820504222_1592680514862423184_n

14080053_1017338851724838_109310101431875940_n

བོད་ཀྱི་དུས་བབ་ལས་དྲངས།