Donate

བྱམས་བརྩེའི་སློབ་གླིང་གི་སྐྱེ་ཁམས་སློབ་གསོ་དང་ལྗང་བསྒྱུར་བྱ་འགུལ།

བྱམས་བརྩེའི་སློབ་གླིང་གི་སྐྱེ་ཁམས་སློབ་གསོ་དང་ལྗང་བསྒྱུར་བྱ་འགུལ།

ཕྱི་ལོ་ ༢༠༡༧ ཟླ་ ༠༥ ཚེ་ ༠༧ ནང་ཆེན་རྫོང་བྱམས་བརྩེའི་སློབ་གླིང་གི་སྐབས་དང་པོའི་སྐྱེ་ཁམས་སློབ་གསོ་དང་ལྗང་བསྒྱུར་བྱ་འགུལ། དེད་ཡང་ ༥/༤ དུས་ཆེན་ཉིན་རྫོང་གཙོ་དང་སློབ་གླིང་གི་དགེ་སློབ་བརྒྱ་ཕྲག་ཕྱེད་གཉིས་བཅས་མཉམ་ཞུགས་སྒོ་ནས་བྱ་འགུལ་བསྒྲུབས་པ་དང་། ལྕང་མ་ ༢༠༠ འབོ་ལོ་ ༥༠ ཤུག་པ་ ༥༠ ཤིང་ཕྲན་གཞན་༢༠༠ བཅས་སྡོང་པའི་རྐང་ ༥༠༠ ནང་བཙུགས། ལྗང་མདོག་དང་། ཚེ་སྲོག་ནི་ང་ཚོའི་ཕུགས་འདུན་ཡིན། དགའ་ཞེན་དང་། བྱམས་བརྩེ་ནི་ང་ཚོའི་བདེ་སྐྱིད་ཡིན། དེ་རིང་ང་ཚོས་བཙུགས་པའི་སྡོང་པོ་དང་མེ་ཏོག་རྩ་ལྗང་འདི་དག་གིས་དུས་གཏན་དུ་སློབ་གླིང་འདི་ཉིད་ལ་སྐྱེ་སྟོབས་ཀྱི་གཟི་དཔལ་ཞིག་བསྩལ་རྒྱུ་རེད་ལ། ལྗང་མདོག་གི་མཛེས་པ་ཞིག་བསྐྲུན་རྒྱུ་རེད། ད་དུང་མཛེས་ཤིང་སྡུག་པའི་སྐྱེ་དངོས་འདི་དག་གིས་སློབ་གྲྭའི་ཁོར་ཡུག་གི་དབྱང་གཉིས་སོལ་འགྱུར་འབག་རྩོག་རྔུབ་ལེན་སྒོ་ནས། འཚོ་རླུང་ཕྱི་རུ་གཏོང་རྒྱུ་རེད། དྭངས་གཙང་གི་འཚོ་རླུང་དེས་སློབ་རའི་ཕྱི་ནང་གི་ཁོར་ཡུག་ཀུན་ཏུ་ཁྱབ་རྒྱུ་དང་། དགེ་སློབ་རྣམས་ཀྱིས་ཀྱང་འཚོ་རླུང་དེ་ལོངས་སུ་སྤྱད་དེ་མུ་མཐུད་སློབ་གླིང་གི་སློབ་གསོའི་དཔལ་ཡོན་རྒྱུད་འཛིན་དང་དར་སྤེལ་གཏོང་ངེས། འདི་ནི་ང་ཚོས་སློབ་གླིང་གི་སྐབས་དང་པོའི་སྐྱེ་ཁམས་སློབ་གསོ་དང་ལྗང་བསྒྱུར་བྱ་འགུལ་སྤེལ་བའི་དགོས་དོན་ཡིན།

ཡིག་གཟུགས་སྒྱུ་རྩལ་ཆེས་ལེགས་པ།
དམངས་ཁྲོད་རིག་གནས་ཆེས་དར་བ།
ནད་སེལ་ཆུ་ཚན་ཆེས་མང་བ།
རང་བྱུང་ཚྭ་གཏེར་ཆེས་ལེགས་པ།
སྨན་རྫས་གཏེར་སྣ་ཆེས་འཛོམས་པ།

གནས་ཚུལ་དང་། འདྲ་པར་གྱི་ཡོང་ཁུངས་“དུང་རི་ཚང་” འཕྲིན་སྟེགས།