Donate

ཟླ་རེའི་ཁོར་ཡུག་གཙང་བཟོ།

ཕྱི་ལོ་ ༢༠༡༧  ཟླ་ ༠༩ ཚེས་ ༡༧  ཉིན་གྱི་ཞོགས་པར་ལྷའི་ལས་བྱེད་དང་།  སློབ་ཕྲུག དང་བླངས་པ་སོགས་མི་དྲུག་ཅུ་ཙམ་མེག་དྒན་གཙུག་ལག་ཁང་གི་ཉེ་སར་འཛོམས་ཤིང་། གཙུག་ལག་ཁང་གི་གཡས་གཡོན་དང་། གླིང་སྐོར་ལམ། ལྷའི་ཞི་བའི་ཚལ་གྱི་ཉེ་འཁོར་སོགས་སུ་གཙང་བཟོ་གང་ལེགས་བྱས། དེ་ནས་གད་སྙིགས་གཏོས་ཆེན་པོ་འདུས་པ་རྣམས་སྙིགས་འདྲེན་རླངས་འཁོར་དུ་བླུགས་ཏེ་གད་སྙིགས་འཕེན་སར་དབོར་བ་རེད།

          འདི་ནི་ལྷའི་ཟླ་རེའི་ཁོར་ཡུག་གཙང་བཟོའི་ལས་འཆར་གྱི་ཆ་ཤས་ཤིག་ཡིན་ཞིང་། ཟླ་རེའི་གཟའ་སྤེན་པ་གསུམ་པ་ནམ་ཡིན་ལ་ཁོར་ཡུག་གཙང་བཟོ་བྱེད་ཀྱི་ཡོད། ལས་འགུལ་འདིར་ཆ་ཤས་ལེན་ཁན་དང་གང་ཅིའི་ཐད་ནས་རོགས་རམ་གནས་མཁན་ཡོངས་ལ་ཚད་མཐོའི་ཡིད་རང་དང་བསྔགས་བརྗོད་ཞུ་བཞིན་ཡོད།

          བདོ་ཀྱི་ཁོར་ཡུག་སྐོར་ལ་གནས་ཚུལ་མང་ཙམ་མཁྱེན་འདོད་ཡོད་ཚེ ་ཁོར་ཡུག་སྐོར་གྱི་ལྷའི་དྲ་རྒྱ་ “བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ” www.Tibetanature.net ་ པ་སྐད་ཡིག་གཉིས་ལྡན་གྱི་དྲ་བ་དེའི་ཐོག ད་ལྟའི་བོད་ནང་གི་ཁོར་ཡུག་གི་གནས་སྟངས་གང་འདྲ་ཡིན་མིན་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དགེ་མཚན། ཉམ་ཆག་འགྲོ་བཞིན་པའི་བོད་ཀྱི་ཁོར་ཡུག་གི་གནས་དོན་ལ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་དང་། ཁོར་ཡུག་ལ་དོ་སྣང་དང་སེམས་ཁུར་ཡོད་པའི་མི་སྣ་མང་པོས་ཐུགས་ཁྲལ་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་མང་དུ་བཀོད་ཡོད་པ་དེར་གཟིགས་པར་འཚལ།