Donate

འདས་པའི་ལོ་བཅུ་ཕྲག་བཞིའི་ནང་བོད་དུ་གངས་དང་འཁྱག་རོམ་ཞུ་ནས་མཚེའུ་གསར་པ་ ༩༩ ཙམ་གསར་དུ་བྱུང་ཡོད་པར་བསྒྲགས་འདུག

འདས་པའི་ལོ་བཅུ་ཕྲག་བཞིའི་ནང་བོད་དུ་གངས་དང་འཁྱག་རོམ་ཞུ་ནས་མཚེའུ་གསར་པ་ ༩༩ ཙམ་གསར་དུ་བྱུང་ཡོད་པར་བསྒྲགས་འདུག

 སྤྱི་ལོ་ ༢༠༧ ཟླ་ ༠༡ ཚེས་ ༠༥ ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས་སུ་བཀོད་པའི་གནས་ཚུལ་ལྟར་ན། མཚོ་བོད་མཐོ་སྒང་ཐོག་ལས་ཀ་བྱེད་བཞིན་པའི་གནམ་གཤི་འགྱུར་ལྡོག་སྐོར་གྱི་ཞིབ་འཇུབ་པ་རྣམས་ཀྱིས། ཉེ་བའི་ལོ་བཅུ་ཕྲག་བཞིའི་ནང་བོད་དུ་དྲོད་ཚད་ཧ་ཅང་མགྱོགས་པོར་འཕར་བར་བརྟེན། མཚེའུ་ ༩༩ གསར་དུ་ཆགས་པ་དང་། མཚོ་ཆེན་མང་པོ་རྒྱ་སྐྱེད་ཆེན་པོ་བྱུང་ཡོད་སྐོར་བཤད་འདུག ཉམས་ཞིབ་ཀྱི་ཤེས་རྟོག་དེ་བཞིན་ཨ་རིའི་(ས་གཞིའི་དངོས་ཁམས་རིག་པའི་ཞིབ་འཇུག་གི་འཕྲིན་ཡིག?) “Geophysical Research Letters.” ཅེས་པའི་གསར་ཤོག་གི་ཐོག་མཐའ་མའི་བསྐྱར་བཅོས་ནང་དཔར་ཡོད་ཚུལ་གོང་གི་དྲ་བར་བཀོད་འདུག  “ལྷོ་བྱང་གི་སྣེ་གཉིས་ཕུད་པའི་མཚོ་བོད་དང་སོག་པོའི་མཐོ་སྒང་འདི་ཉིད་གནམ་གཤི་འགྱུར་ལྡོག་གིས་ཆེས་ཤུགས་རྐྱེན་ཐེབས་སླ་བའི་ས་ཁུལ་རེད།” ཅེས་(ཀྲུང་གོའི་ཚན་རིག་གཙུག་ལག་སློབ་གྲྭའི་བོད་མཐོ་སྒང་ཞིབ་འཇུག་ལྟེ་གནས?) “Chinese Academy of Sciences’ Institute of Tibetan Plateau Research” ཀྱི་ཀྲང་གོའོ་ཆིན་གྱིས་བཤད་འདུག་ཅིང་། ཀྲང་གོའོ་ཆིན་ནི་གོང་བཀོད་རྩོམ་ཡིག་དེའི་རྩོམ་པ་པོ་རེད་འདུག གོང་བཀོད་ཀྱི་རྩོམ་ཡིག་དེ་ལྟར་ན་མཐའ་འབྲེལ་གྱི་མཐོ་སྒང་དེ་གཉིས་(བོད་དང་སོག་པོའི་མཐོ་སྒང་)གནམ་གཤི་འགྱུར་ལྡོག་གིས་རྐྱེན་པའི་འགྱུར་བ་འགྲོ་སྟངས་ལྡོག་ཕྱོགས་སུ་ཕྱིན་ཡོད་པར་བཤད་འདུག དེ་ཡང་ཁོང་གིས། “ང་ཚོས་སྤྱི་ལོ་ ༡༩༧༠ ནས་ ༢༠༡༣ བར་འདས་པའི་ལོ་བཅུ་ཕྲག་བཞི་ཙམ་གྱི་རིང་བོད་མཐོ་སྒང་དུ་མཚེའུ་གསར་པ་ ༩༩ རྙེད་པ་དང་མཚོ་ཆེན་པོ་རྣམས་རྒྱ་སྐྱེད་འགྲོ་བཞིན་པ་ཤེས་བྱུང་།” ཞེས་གསུངས་འདུག

ད་དུང་རུ་ཁག་དེས་གནས་ཚུལ་འདི་ནི་ས་ཁུལ་དེའི་ཆར་ཞོད་མང་དུ་བཏང་བ་དང་། འཁྱག་དར་གྱིས་ཁུལ་དེར་ཆུའི་མཁོ་སྤྱོད་ལ་ཞལ་འདེབས་ཕུལ་བ་རེད་ཅེས་བསྟོད་པ་ཡང་བྱས་ཡོད་འདུག དེ་ལས་ལྡོག་སྟེ་སོག་པོའི་མཐོ་སྒང་དུ་མཚེའུ་ ༢༠༨ ཙམ་རྩ་རླག་ཕྱིན་ཟིན་པ་དང་། བརྒྱ་ཆའི་༧༥ ལྷག་པ་རྣམས་ཀྱང་སྐམས་ཏེ་ཇེ་ཆུང་དུ་ཕྱིན་ཡོད་ཅིང་། ཆུང་དུ་འགྲོ་དོན་ནི་གཙོ་བོར་མིས་བྱེད་ལས་ལ་བརྟེན་ནས་ཡིན་པར་བཀྲང་གིས་བཤད་འདུག

“ང་ཚོས་ཉམ་ཞིབ་ཀྱི་ཤེས་རྟོག་འདི་དག་གིས་ཉམས་ཆག་འགྲོ་སླ་བའི་ཡུལ་ལྗོངས་འདི་ཚོའི་ནང་དུ་དཔལ་འབྱོར་དང་ཆུའི་འབྱུང་ཁུངས་འཆར་འགོད་སོགས་ལ་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་ཐུབ་པའི་རེ་བ་ཡོད།” ཅེས་ཁོང་གིས་གསུངས་འདུག

གོང་བཀོད་ལྟེ་གནས་ཁང་གིས་སྤྱི་ལོ་ ༢༠༡༥ ལོར་བཏོན་པའི་སྙན་ཐོར་གཞིགས་ན། སྤྱི་ལོ་ ༡༩༦༠ ནས་ ༢༠༡༢ བར་གྱི་ལོ་བཅུ་རེའི་ནང་ལོ་རེའི་ཆ་སྙོམས་དྲོད་ཚད་ 0.3-0.4 degree Celsius  འཕར་བཞིན་ཡོད་པ་དང་། དེ་ནི་འཛམ་གླིང་གི་ས་ཕྱོགས་གཞན་དག་གི་ཆ་སྙོམས་དྲོད་ཚད་འཕར་བ་དང་བསྡུར་ན་ལྡབ་གཉིས་ཀྱིས་འཕར་མགྱོགས་པ་ཡིན་འདུག མཐོ་སྒང་འདིའི་བྱང་རྒྱུད་དུ་དགུན་ཁའང་ལོ་རེ་ནས་ལོ་རེར་ཚ་དྲོད་འཕར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཚུལ་གསལ་འདུག

གནམ་གཤིས་འགྱུར་ལྡོག་ཀྱི་དཔེ་གཞི་དེ་ལྟར་ན། མ་འོངས་པའི་ལོ་ ༡༠༠ ནང་མཐོ་སྒང་འདི་ 4 degrees Celsius, ཙམ་གྱིས་དྲོ་རུ་འགྲོ་རྒྱུ་ཡིན་སྐོར་བཀོད་འདུག

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས་ལས་ཕབ་སྒྱུར་བྱས།

ཐེངས་ 422 བཀླགས་འདུག