Donate

རྒྱ་གཞུང་གིས་ལི་ཐང་གཡོན་རུ་ས་ཆུ་ཁོལ་དུ་གསེར་གྱི་གཏེར་ཁ་སྔོག་འདོན།

རྒྱ་གཞུང་གིས་ལི་ཐང་གཡོན་རུ་ས་ཆུ་ཁོལ་དུ་གསེར་གྱི་གཏེར་ཁ་སྔོག་འདོན།

ཁམས་ལི་ཐང་གཡོན་རུ་ཁུལ་དུ་ས་ཆུ་ཁོལ་ཟེར་བའི་ས་གནས་སུ་རྒྱ་ནག་གཞུང་གིས་ལམ་བཟོ་བཞིན་ཡོད་ཚུལ་བཤད་ནས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས་སུ་བཀོད་པ་ལྟར་ན། ཁམས་ལི་ཐང་གཡོན་རུ་ཁུལ་དུ་ས་ཆུ་ཁོལ་ཟེར་བའི་ས་གནས་སུ་རྒྱ་གཞུག་གི་གཏེར་ལས་ཚན་པ་ཞིག་ལམ་ཁ་བཟོ་བཞིན་ཡོད་ཅེས་བརྗོད་བཞིན་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་འདུག འབྲེལ་ཡོད་ཞིག་གིས་བརྗོད་དོན། དེ་སྔོན་ས་གནས་དེ་ནས་ལོ་མང་རིང་གཏེར་ཁ་སྔོག་འདོན་བྱས་ཏེ་ཁུར་དེའི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བྱས་ཡོད་པ་དང་། སྐབས་དེར་ས་གནས་མི་མང་གིས་ངོ་རྒོལ་བཀའ་འགོག་བྱས་པར་བརྟེན་རེ་ཞིག་མཚམས་འཇོག་བྱས་ཡོད་འདུག་ཀྱང་། ཉེ་ཆར་སླར་ཡང་གཏེར་ལས་ཚན་པ་ཞིག་ས་ཆུ་ཁོལ་ལ་འབྱོར་ནས་ལམ་ཁ་བཟོ་རྒྱུར་ཁ་གཡར་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་འདུག རྒྱ་མི་དེ་དག་གིས་ས་ཐོག་གི་སྤང་རྣམས་བཤུས་ཏེ་ས་གཏིང་རིང་པོར་བྲུས་རྗེས་དེའི་ནང་དུ་ཆུ་གཏོང་བ་སོགས་བྱེད་ཀྱི་ཡོད་པ་དང་།

གཏེར་ཁ་སྔོག་སའི་ཡུལ་དངོས།

གཏེར་ཁ་སྔོག་སའི་ཡུལ་དངོས།

ལམ་ཁ་བཟོ་རྒྱུ་ཡིན་ན་ས་བྲུས་ཏེ་ཆུ་གཏོང་དགོས་དོན་མེད་པ་དང་། སྤྱིར་ས་ཆ་དེ་ནི་ལམ་ཁ་བཟོ་དགོས་ས་ཤིག་གཏན་ནས་མིན་པར་བརྟེན་ས་བྲུས་ཤུལ་དུ་ཆུ་བཏང་ནས་བྱེ་མ་དང་གསེར་ཕྱེ་ཁ་ཁར་ཕྱེ་ཀྱི་ཡོད་པའི་དོགས་གནས་ཆེ་བ་སོགས་ཀྱིས་ས་གནས་ཡུལ་མི་ཚོས་རྒྱ་མི་དེ་དག་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་གསལ་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་འདུག་ཅེས་དང་། ཡུལ་མི་རྣམས་ཀྱིས་དེ་སྔོན་རྫོང་དང་། ཁུལ། རིམ་བཞིན་རྒྱ་ནང་སྲིད་གཞུང་ལ་གནས་ཚུལ་དེ་ཞུ་གཏུགས་བྱས་ཀྱང་འབྲེལ་ཡོད་དཔོན་རིགས་ཀྱིས་ས་གནས་མི་མང་ལ་ཁྱོད་ཚོར་ས་གནས་དེ་ནས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པའི་དཔང་རྟགས་ག་རེ་ཡོད། ཅེས་སོགས་བརྗོད་ནས་དཔང་རྟགས་མེད་ཚུལ་ལ་ཁ་གཡར་ནས་ས་གནས་བོད་མིའི་ཞུ་གཏུགས་ལ་ཁ་ཡ་བྱས་མི་འདུག་ཅེས་འབྲེལ་ཡོད་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལ་འགྲེལ་བརྗོད་གནང་འདུག

གཏེར་ཁ་སྔོག་མཁན་གྱི་རྒྱ་མི།

གཏེར་ཁ་སྔོག་མཁན་གྱི་རྒྱ་མི།

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་སྒྲ་ཕབ་དང་སྒྲིག་སྦྱོར་བྱས།

ཐེངས་ 422 བཀླགས་འདུག