Donate

ལོ་ངོ་བྱེ་བ་གཉིས་དང་ས་ཡ་དྲུག་གི་གོང་དུ་མཚོ་བོད་ས་མཐོ་ནི་དྲོད་གཤེར་གྱི་གཤོང་ས་ཞིག་ཡིན།

ལོ་ངོ་བྱེ་བ་གཉིས་དང་ས་ཡ་དྲུག་གི་གོང་དུ་མཚོ་བོད་ས་མཐོ་ནི་དྲོད་གཤེར་གྱི་གཤོང་ས་ཞིག་ཡིན།

ཞིབ་འཇུག་ལས་གསལ་བར་ལོ་བྱེ་བ་གཉིས་དང་ས་ཡ་དྲུག་གི་གོང་མཚོ་བོད་ས་མཐོ་ནི་དྲོ་གཤེར་གྱི་གཤོང་ས་ཡིན་པ། རང་རྒྱལ་གྱི་ཚན་རིག་མཁས་པའི་ཞིབ་འཇུག་ཚོགས་པས་ཉེ་ཆར་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པའི་བོད་ལྗོངས་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དང་ཉི་མ་རྫོང་གི་ས་བབ་མཐོ་ཚད་ལ་སྨིས ༥༠༠༠ ཡོད་པའི་ས་ཆར་བརྟག་ཞིབ་བྱེད་སྐབས། ད་ལྟ་ནས་བརྩིས་པའི་ལོ་བྱེ་བ་གཉིས་སམ། ས་ཡ་དྲུག་ནས་བྱེ་བ་གཉིས་དང་ས་ཡ་བཞིའི་གོང་གི་རྡོ་འགྱུར་ཕན་ལུ་ཉ་(攀鲈)དང་། དེ་དང་ཆབས་ཅིག་ཏུ་སྐྱེས་པའི་སྐྱེ་དངོས་ཀྱི་རྡོ་འགྱུར་རྙེད་ཡོད་པ་དང་། དེ་དག་ལ་བརྟགས་རྗེས་ད་ལྟ་ནས་བརྩིས་པའི་ལོ་བྱེ་བ་གཉིས་དང་། ས་ཡ་དྲུག་ནས་བྱེ་བ་གཉིས་དང་ས་ཡ་བཞིའི་གོང་མཚོ་བོད་ས་མཐོའི་ལྟེ་བ་ནི་སྔར་བཞིན་དྲོད་གཤེར་ཆེ་བའི་གཤོང་ས་ཡིན་པའི་ཆོད་སྡོམ་བྱས་པ་དང་། སྐབས་དེ་དུས་ཀྱི་ཁོར་ཡུག་དང་དེང་གི་ཨེ་ཤ་ཡའི་ལྷོ་ཁུལ་གྱི་ས་ཁུལ་འགའ་རེའི་ཁོར་ཡུག་འདྲ་པོ་ཡོད་པའི་ཚོད་དཔག་བྱས་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་མཁས་པ་རྣམས་པར་མཚོ་བོད་ས་མཐོའི་ས་བབ་མཐོ་རུ་ཕྱིན་པའི་དུས་ཚོད་ཐད་ཀྱི་ལྟ་ཚུལ་ལ་ཧེ་བག་ཆེན་པོ་ཡོད་པ་རེད། འགའ་རེས་ས་མཐོ་དེ་ད་ལྟ་ནས་བརྩིས་པའི་ལོ་བྱེ་བ་ལྔ་ཡི་གོང་ནས་གྲུབ་པ་མ་ཟད། ཧ་ལམ་ལོ་ངོ་བྱེ་བ་གསུམ་གོང་ངམ་ལོ་ངོ་བྱེ་བ་གཅིག་དང་ས་ཡ་ལྔ་ཡི་གོང་ནས་ད་ལྟའི་མཐོ་ཚད་འདིར་སླེབས་པར་བཞེད། ཡང་འགའ་རེས་ད་ལྟའི་མཐོ་ཚད་འདི་ཧ་ལམ་ལོ་ས་ཡ་བདུན་གོང་དང་ཐ་ན་དེ་ལས་ཀྱང་འགྱང་བར་གཞི་ནས་གྲུབ་པར་བཞེད། གཞན་ཡང་ད་དུང་མཚོ་བོད་ས་མཐོ་འདི་ཉིད་ས་མཐོར་གྱུར་བའི་དུས་ཚོད་དེ་གོང་གི་དུས་ཚོད་དེ་གཉིས་ཀྱི་བར་དུ་ཡིན་པར་བཞེད་མཁན་ཡང་ཡོད།

རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

中国藏语广播CNR

ཐེངས་ 422 བཀླགས་འདུག