Donate

སའི་གོ་ལའི་ངོས་ཀྱི་ཆུའི་འཕེལ་འགྲིབ།

སའི་གོ་ལའི་ངོས་ཀྱི་ཆུའི་འཕེལ་འགྲིབ།

ཚན་རིག་པ་ཚོས་འཕྲུལ་སྐར་གྱིས་བླངས་པའི་པར་རིས་བརྒྱུད་ནས། སའི་གོ་ལའི་ངོས་ཀྱི་ཆུ་རྣམས་ལོ་སུམ་ཅུའི་རིང་འགྱུར་བ་ཇི་སོང་ལ་ཞིབ་འཇུག་བྱས་འབྲས་སུ། སྐམ་ས་མང་པོ་ཆུར་ནུབ་པ་དང་ཆུས་ཁེངས་བཞིན་པ། མཚོ་མང་པོ་སྐེམ་བཞིན་པ། སྔོན་མར་ཆུས་ཁེངས་པའི་ས་ཁུལ་མང་པོ་སྐམ་སར་འགྱུར་བཞིན་ཡོད་པ་སོགས་རྟོགས་འདུག དེ་ཡང་ཆུའི་འཕེལ་ཚད་ཆེ་ཤོས་ནི་བོད་ཀྱི་རྩྭ་ཐང་དང་བོད་ཁུལ་ཡིན་ཞིང་། གནམ་གཤིས་འགྱུར་ལྡོག་ཆེ་བའི་དབང་གིས་འདས་པའི་ལོ་འགའི་ནང་། བོད་མཐོ་སྒང་གི་འཁྱགས་རོམ་ཤུགས་ཆེར་ཞུ་བར་བརྟེན། སྔར་མེད་པའི་མཚོ་དང་མཚེའུ་མང་པོ་བོད་ཀྱི་རྩྭ་ཐང་ཐོག་འཕེལ་བཞིན་ཡོད་པར་བཤད་འདུག་ལ། ཚན་རིག་པ་ཚོས་འཕྲུལ་སྐར་གྱི་གནས་བསྡུས་དཔྱད་གཞིར་ཞིབ་འཇུག་གིས། དེང་སང་ས་གནས་ཁག་མང་པོར་ཆུ་མཛོད་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་པ་འདིས་ཀྱང་། ཆུ་འཕེལ་བའི་གནས་སྟངས་འདིར་ཤུགས་རྐྱེན་ཆེན་པོ་ཐེབ་བཞིན་ཡོད་པ་དང་། གཞན་གསང་བའི་ཐོག་ནས་བཟོ་སྐྲུན་མང་པོ་ཞིག་བྱེད་བཞིན་པའང་ཤེས་རྟོག་བྱུང་ཡོད་འདུགtibet-consciousness-save-tibetan-plateauཞིང་ཁར་ཆུ་འདྲེན་ཆེན་གཙང་པོ་དང་ཆུ་བོ་རྣམས་ཀྱི་འབབ་རྒྱུན་ཁ་བསྒྱུར་བ་སོགས་ཀྱིས། འཛམ་གླིང་གི་མཚོ་ཆེ་ཤོས་ཀྱི་གྲལ་དུ་ཡོད་པའི་དཀྱིལ་ཤར་ཡུལ་གྲུའི་ཨཱ་རལ་ (Aral) རྒྱ་མཚོ་ནི། དེང་སང་ཧ་ལམ་བསྐམས་ཚར་ཡོད་པ་དང་། ཞིབ་འཇུག་པ་རྣམས་ཀྱིས་ Lake Mead near Las Vegas ཞེས་པའི་ཨ་རིའི་ས་ཁུལ་ཞིག་གི་མཚོ་ཡང་རིམ་བཞིན་འགྲིབ་སྟེ། མཚོ་ཁའི་སྐམ་ས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལུང་པ་གཞན་གྱི་མཚོ་བརྒྱུད་ཀྱི་ས་ཁུལ་མང་པོར་ཡང་། འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པར་བཤད་འདུག ཡང་ཌོག་ཊར་བྷར་ཋི་ (Dr Baart) ཡིས་ “རྒྱ་མཚོའི་མཐོ་ཚད་ཆེ་རུ་སོང་སྟབས་མཚོ་ཁའི་ཆུ་ས་ཐོག་ཏུ་མང་པོར་སླེབ་བཞིན་ཡོད་པར་ང་ཚོས་ཚོད་དཔག་བྱེད་ཀྱིན་ཡོད། འོན་ཀྱང་ཡ་མཚན་ཆེན་ཤོས་ཤིག་ནི་འཛམ་གླིང་ཁྱོན་ཡོངས་ཀྱིི་མཚོ་བརྒྱུད་ཚང་མ་ནས། སྐམ་ས་ཆུར་ནུབ་བཞིན་པ་འདི་རེད་” ཅེས་གསུངས་འདུག

            མདོར་ན་འདས་པའི་ལོ་ཧ་ཅང་མང་པོ་ཞིག་གི་རིང་། མི་རྣམས་ཀྱིས་འདོད་རྔམས་ལ་བརྟེན་ནས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། དེང་སང་ཡང་མུ་མཐུད་ནས་ནུས་པའི་འབྱུང་ཁུངས་ཁག བེད་སྤྱོད་ཚད་ལས་འདས་པ་གཏོང་བཞིན་པར་བརྟེན། སྤྱིར་གོ་ལ་ཁྱོན་ཡོངས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཤིན་ཏུ་ཆེན་པོ་ཐེབས་ཏེ། ས་འགུལ་དང་ཆུ་ལོག དེ་བཞིན་ཆུའི་འཕེལ་འགྲིབ་སོགས་ཀྱིས་ང་ཚོ་འཚོ་གནས་བྱེད་སའི་ཁོར་ཡུག་ལ་འགྱུར་བ་ཤུགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ཅིང་། སྒོས་སུ་ལོ་ངོ་སྟོང་ཕྲག་མང་པོ་སོང་བའི་བོད་མཐོ་སྒང་གི་སྲིད་པའི་གངས་རི་དང་། འཁྱགས་རོམ་མང་དུ་ཞུ་བའི་རྐྱེན་གྱིས་མཚོ་དང་མཚེའུ་སོགས་ཀྱི་ཆུའི་འཕེལ་ཚད་ཇེ་ཆེར་འགྲོ་བ་དང་། སྔར་ཆུ་མེད་སར་མཚོ་དང་བསྐྱིལ་ཆུ་ལྟ་བུའི་ཆུ་མང་དུ་འཁྱིལ་བ་སོགས་ཀྱི་འཕོ་འགྱུར་འགྲོ་བཞིན་ཡོད་འདུག་ལ། བལ་ཡུལ་དང་རྒྱ་གར་ལ་ཆུ་ལོག་ཆེན་པོ་ཡོང་སྲིད་པའི་དོགས་ཟོན་དང་འཇིགས་སྐྲག་བྱེད་བཞིན་པ་ཡང་བོད་དུ་ཆུའི་འཕེལ་ཚད་མགྱོགས་སུ་སོང་བའི་རྐྱེན་གྱིས་ཡིན་འདུག

བྷི་བྷི་སི་གསར་ཁང་གི་དྲ་གནས་ལས་ཕབ་སྒྱུར་བྱས།

ཐེངས་ 421 བཀླགས་འདུག