Donate

སའི་གོ་ལར་སྣེ་གསུམ་པ་གཅིག་ཡོད་པ་དང་མི་ས་ཡ་མང་པོས་དེའི་ཆུ་བེད་སྤྱོད་བྱེད།

སའི་གོ་ལར་སྣེ་གསུམ་པ་གཅིག་ཡོད་པ་དང་མི་ས་ཡ་མང་པོས་དེའི་ཆུ་བེད་སྤྱོད་བྱེད།

གནམ་གཤིས་འགྱུར་ལྡོག་གིས་འཛམ་གླིང་གི་འཁྱགས་རོམ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་བསམ་བློ་གཏོང་སྐབས། ང་ཚོས་རྒྱུན་དུ་ལྷོ་བྱང་གི་སྣེ་མོ་ཐོག་མར་བསམ་བློར་འཁོར་གྱི་ཡོད། རྒྱུ་མཚན་བཟང་པོ་འགའ་ལ་བརྟེན་ནས་ཧ་ལམ་འཛམ་གླིང་གི་ཆུ་གཙང་མའི་བརྒྱ་ཆའི་ ༧༥ ཙམ་ཤོང་བའི་གྷི་རིན་ལན་ཌ་ Greenland དང་། ལྷོ་སྣེའི་མཐའ་གླིང་ Antarctica ཡི་འཁྱགས་པ་རྣམས་དྲན་གྱི་ཡོད། ས་ཁུལ་དེ་གཉིས་ཀའི་གནམ་གཤིས་ཀྱི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་འབྱུང་གྱུར་ལོ་བཅུ་ཕྲག་ཁ་ཤས་ནང་འཁྱགས་རོམ་དེ་དག་བཞུ་བར་ད་ལྟ་ནས་ཚབས་ཆེན་གྱིས་གནོད་འཚེ་ཐེབས་བཞིན་པ་ཡིན།

          འོན་ཀྱང་གནམ་གཤིས་འགྱུར་ལྡོག་གིས་འཇིག་ཉེན་ཐེབས་བཞིན་པའི་འཁྱགས་རོམ་གྱི་མཛོད་ཁང་ནི་སྣེ་དེ་གཉིས་གཅིག་པུ་མ་ཡིན་པར་ཨེ་ཤི་ཡའི་དཀྱིལ་དུ་སྣེ་གཞན་ཞིག་ཡོད་ཅིང་། དེ་ནི་ཧ་ཅང་ཆེ་ལ་སྣེ་གསུམ་པ་ཞེས་ཡང་ཡང་འབོད་ཀྱིན་ཡོད།

           སྣེ་གསུམ་པ་སྟེ་གངས་ཀྱིས་བཏུམས་པའི་རི་བོས་ཡོངས་སུ་བསྐོར་བའི་བོད་མཐོ་སྒང་འདིར། གངས་གཟིག་ཀྱི་གནས་ཡུལ་རྒྱ་ཆེར་ཡོད་ཅིང་། སྣེ་འདིའི་ཕྱི་ངོས་སུ་འགྱུར་ལྡོག་དཀའ་བའི་འཁྱགས་རོམ་དང་། གཏན་འཁྱགས་ཆགས་རིམ་སོགས་གཏོས་ཆེར་ལྡན་ཡོད། ས་ཁུལ་དེར་འཛམ་གླིང་གི་རི་རྩེ་ཆེས་མཐོ་ཤོས་རྣམས་ཡོད་ཅིང་། བློ་ཡུལ་དུད་ཤོང་དཀའ་བའི་རིགས་རྒྱུད་སྣ་ཚོགས་ཀྱི་ཚོགས་སྡེ་ཡོད་པ་དང་། ཡ་མཚན་སྐྱེ་འོས་པའི་རྩི་ཤིང་དང་སེམས་ཅན་འདྲ་མིན་སྣ་ཚོགས་(ཉེན་ཁ་ཆེ་བའི་གངས་གཟིགས་ཐེ་བའི་)ཡོད། སྣེ་མོ་དེའི་འཁྱགས་རོམ་སྟོང་ཕྲག་དང་། སྤྱིར་བཏང་གི་གངས་སོགས་བཞུར་བ་ལས། མི་ས་ཡ་ ༢༡༠ ལ་འཐུང་ཆུ་དང་། གློག ཞིང་ཁར་ཆུ་འདྲེན་རྒྱུ་སོགས་ཐད་ཀར་ཕན་ཐོགས་ཡོད་པའི་ཨེ་ཤེ་ཡའི་ཆུ་བོ་ཆེ་ཤོས་བཅུའི་ཆུ་མགོ་ཆགས་ཀྱི་ཡོད་པ་དང་། ལུང་ཤོང་གི་ཆུ་དེ་དག་གིས་མི་དུས་ཕྱུར་ ༡‚༣ ལས་མང་བར་ཤུགས་ནས་ཕན་ཐོགས་ཡོང་གི་ཡོད།

          གངས་གཟིག་ནི་སོག་པོ་ Mongolia‚ དང་། ར་ཤི་ཡ། Russia, ཨ་ཧྥི་གྷ་ནི་སི་ཐན། Afghanistan, པ་ཀི་སི་ཐན། Pakistan, རྒྱ་གར། India, བལ་ཡུལ། Nepal, འབྲུག་ཡུལ། Bhutan, རྒྱ་ནག་ China, སོགས་ནས་རྙེད་ཀྱི་ཡོད། འོན་ཀྱང་ཁོང་ཚོའི་གྲངས་འབོར་ནི་ཉུང་དུ་འགྲོ་བཞིན་པ་རེད། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཧི་མ་ལ་ཡ་གཅིག་པུ་ནས་གངས་གཟིག་གི་གནས་ཡུལ་བརྒྱ་ཆའི་ ༣༠ ཙམ་མེད་པར་གྱུར་བཞིན་ཡོད།

          གནམ་གཤིས་འགྱུར་ལྡོག་གིས་འཁྱམས་རོམ་བཞུར་བ་སོགས་ཀྱིས་རྐྱེན་པས་ཨེ་ཤི་ཡའི་རི་ངོགས་ཀྱི་ལུང་ཤོང་དུ་གནས་པའི་ཤར་པ་བ་རྣམས་ཀྱི་འཚོ་གནས་ལ་ཡང་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། རྒྱས་བཞིན་པའི་ཚ་དྲོད་ཀྱིས་བོད་ཀྱི་རྒྱ་ཆེའི་གཏན་འཁྱགས་ཆགས་རིམ་དང་གངས་ཞུ་བ་དང། སྣེ་གསུམ་པ་འདིའི་འཁྱགས་རོམ་ཧ་ཅང་མང་པོ་ཇེ་ཆུང་དུ་འགྱུར་བཞིན་པ། གངས་དང་འཁྱགས་རོམ་མགྱོགས་མྱུར་ངང་ཞུ་བཞིན་པ་དེས། ཁུལ་དེའི་ཡུལ་ལྗོངས་ལ་འགྱུར་བ་གཏོང་གི་ཡོདཅིང་། དེས་རྐྱེས་པས་ས་གནས་དེར་ཡོད་པའི་སེམས་ཅན་རྣམས་ཀྱི་འཚོ་ཐབས་དང་། ཟས་ཀྱི་འབྱུང་ཁུངས། ཆུའི་བདེ་འཇག་སོགས་ལ་འཇིགས་སྐུལ་ཐེབས་བཞིན་ཡོད། ༢༠༡༢ ལོར་ WWF ཡིས་ཁུལ་དེའི་རི་སྐྱེས་སྲོག་ཆགས་ལ་འཚམ་པོ་བཟོ་བ་དང་། སྤྱི་ཚོགས་ལ་རོགས་རམ་བྱེད་པའི་ལོ་བཞིའི་ལས་འཆར་ཞིག་ལ་ USAID ཡིས་མ་དངུལ་བཏང་ནས་སྣེ་ཁྲིད་གནང་ཡོད་པ་རེད།

          ཨེ་ཤི་ཡའི་རི་བོ་མཐོ་པོའི་ཡུལ་ལྗོངས་གི་ནགས་ཚལ་གཉེར་སྲུང་དང་། བཟོ་བཅོས། མང་ཚོགས་ཀྱི་ལས་འཆར་བརྒྱུད་དེ། WWf ཡི་ལས་བྱེད་པས་ས་གནས་ཀྱི་གནམ་གཤིས་འགྱུར་ལྡོར་དང་། ཆུའི་བདེ་འཇག་ལ་ལེགས་བཅོས། ཤེས་ཡོན་རྗེ་རེས་སོགས་ཀྱི་ཕན་ཚུལ་ཞི་འཇམ་ལྟོས་གྲུབ་ཀྱི་སྣེ་གསུམ་པ་ཞིག་སྐྲུན་ཕྱིར། པ་ཀི་སི་ཐན་ Pakistan, དང་། ཁར་རྗེ་རྫི་སི་ཐན། Kyrgyzstan, སོག་པོ་ Mongolia‚ བལ་ཡུལ། Nepal, རྒྱ་གར། India, འབྲུག་ཡུལ། Bhutan‚ སོགས་ས་ཁུལ་དེའི་རྒྱལ་ཁབ་དྲུག་གི་ནང་འགྱུར་སླ་བའི་གནམ་གཤིས་ལ་དཔྱད་ཞིབ་གཞི་རྒྱ་ཆེན་པོ་ཞིག་ལ་སྣེ་ཁྲིད་གནང་ཡོད།

          ལས་འཆར་དེས་ས་གནས་ཀྱི་སྙན་གྲགས་ཅན་གྱི་གངས་གཟིག་ལ་གཉེར་སྲུང་བྱེད་པར་ཡང་དམིགས་པ་ཡིན། གང་ལགས་ཤེ་ན། སྣོད་བཅུད་རྟེན་འབྲེལ་ལམ་ཕན་ཚུན་ལྟོས་གྲུབ་ཀྱིས་གངས་གཟིག་གི་འཚོ་གནས་སྐྲུན་རྒྱུ་ནི་ས་ཁུལ་དེའི་ཁོར་ཡུག་ལེགས་བཅོས་དང་ཆུའི་བདེ་འཇག་སོགས་ལ་གལ་ཆེན་དུ་གྱུར་ཡོད།

          རི་སྐྱེས་སྲོང་ཆགས་དང་འགྲོ་བ་མིའི་དཀའ་སྙོག་ཉུང་དུ་གཏོང་བའི་ཐབས་ལམ་ལག་བསྟར་རྒྱུན་འཁྱོངས་བྱེད་པ་ནི། སྤྱི་ཚོགས་དང་། གངས་གཟིག་གི་ཁོར་ཡུལ་ལ་སྲུང་སྐྱོབ་བྱེད་པ་ཡིན།

          འཁྱགས་རོམ་དང་། གངས་ཐེ་བའི་སྣེ་མོ་གསུམ་པའི་ཡུལ་ལྗོངས་གཉེར་སྲུང་བྱེད་པར་ས་ཁུལ་གི་མནའ་འབྲེལ་ལ་གཅེས་སྲུང་དང་། ཚད་མཐོ་བའི་ལས་འཆར་དང་། ཚད་དམའ་བའི་ལས་ཀ་སོགས་ཀྱང་བྱེད་དགོས་སོ།། །།

          WWWF.  དྲ་གནས་ལས་སྒྱུར་སྒྲིག་བྱས།

          མ་རྩོམ་གྱི་འབྲེལ་ཐག http://www.worldwildlife.org/stories/the-earth-has-a-third-pole-and-millions-of-people-use-its-water

ཐེངས་ 423 བཀླགས་འདུག