Donate

སྐྱོ་བྲག་གནས་རྒན་མའི་གད་སྙིགས་གཙང་སེལ་ལས་འགུལ།

སྐྱོ་བྲག་གནས་རྒན་མའི་གད་སྙིགས་གཙང་སེལ་ལས་འགུལ།

ངེད་ཁོར་སྲུང་ཞབས་ཞུ་མི་སྣས་ཡང་བསྐྱར་དུ་སྐྱོ་བྲག་གནས་རྒན་མའི་གད་སྙིགས་གཙང་སེལ་གྱི་ལས་འགུལ་སྤེལ་བ། སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༨ པའི་ཚེས་ ༣༠ ཉིན། དབུ་རྩེའི་རི་ཁྲོད་པ་ཁ་ཤས་དང་ལྷན་དུ་༼ནང་དགེ་མཐུན་སྦྱོར་ཁོར་ཡུག་གཅེས་

རླུང་རྟ་དང་དར་ལྕོག་གིས་མཚོན་པའི་གད་སྙིགས་རིགས་གང་བཟོ་བྱེད་བཞིན་པ།

སྐྱོང་ཞབས་ཞུ་མི་སྣས༽གནས་ཆེན་ཉེར་ལྔའི་ཡ་གྱལ་ཏེ། སྐྱོ་བྲག་གནས་རྒན་མའི་ཉེ་འགྲམ་ཡོངས་དང་ཁྱད་པར་སྐྱོ་བྲག་སེང་གེ་གནམ་འཁྱོང་དང་། སྐྱོ་བྲག་དབུ་རྩེ་སོགས་ནས་གད་སྙིག་གི་རིགས་སུ་གཏོགས་པའི་བཏུང་བ་འདྲ་མིན་གྱི་ཤུབས་དང་། ལྷག་ཏུ་རི་ཆུ་དང་ནགས་ཚལ་དག་ལ་དེང་སང་འབགས་བཙོག་ཆེས་ཆེ་བའི་རླུང་རྟ་དང་དར་ལྕོག་གི་རིགས་ས་འོག་ཏུ་རུལ་བ་དང་རུལ་བཞིན་པ། ས་སྟེང་ནས་རྩི་ཤིང་དང་ལྗང་མདོག་དག་ལ་གནོད་པར་དོགས་པའི་རིགས་རྣམས་གཙང་

རླུང་རྟ་དང་དར་ལྕོག་གིས་མཚོན་པའི་གད་སྙིགས་རིགས་གང་བཟོ་བྱེད་བཞིན་པ།

སེལ་བྱས་པ་རེད།

ནང་དགེ་མཐུན་སྦྱོར་ཁོར་ཡུག་གཅེས་སྐྱོང་ཞབས་ཞུ་མི་སྣའི་དྲ་ཚོམས་ལས་དྲངས།