Donate

ཀན་སུའུ་ཞིང་ཆེན་ནང་ས་ཡོམ་བརྒྱབ་ཏེ་མི་༨༩ཙམ་གྱི་ཚེ་སྲོག་ཤོར་བ།

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༧ པའི་ཚེས་ ༢༢ རེས་གཟའ་ཟླ་བ་ཉིན་གྱི་ཞོགས་པ་ཆུ་ཚོད་ ༧ དང་སྐར་མ་ ༤༥ ཐོག་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་གྱི་ Dingxi ཏིང་ཞི་གྲོང་ཁྱེར་ཁོངས་མེན་རྫོང་དང་། ཀྲང་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་གཏིང་ཚད་སྤྱི་ལེ་༢༠ ཕྱིན་པའི་ས་ཡོམ་རིམ་པ་ ༦་༦ ཅན་ཞིག་བརྒྱབ་ནས་མི་ ༥ གར་སོང་ཆ་མེད་དང་། ༨༢༨ ལ་རྨས་སྐྱོན། མི་༨༩ འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

The earthquake comes just months after 164 people were killed in a quake in the neighbouring Sichuan province

ཐེངས་འདིའི་ས་ཡོམ་གྱིས་རྐྱེན་པས་ཁྱོན་མི་གྲངས་༡༢༣་༠༠༠ ཙམ་གྱི་འཚོ་བར་ཤུགས་རྐྱེན་ཐེབས་ནས། མི་གྲངས་ ༣༡་༦༠༠ ཙམ་སྐབས་འཕྲལ་ས་གནས་གཞན་དུ་སྤོ་ཐུབ་པ་བྱུང་ཡོད་འདུག་པ་དང་། ཞིང་ཆེན་གྱི་ས་ཡོམ་དོ་དམ་ཚན་པས་ཁྱོན་སྡོད་ཁང་ ༢༢་༥༠༠ ཙམ་གཏོར་བཤིག་ཐེབས་ཡོད་པའི་ནང་། སྡོད་ཁང་ ༢༠༠༠ ཙམ་ཧ་ལམ་རྩ་མེད་དུ་ཕྱིན་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག 
རྒྱ་ནག་གི་ས་ཡོམ་ཞིབ་འཇུག་བསྟི་གནས་ཁང་གིས་ཐེངས་འདིར་བརྒྱབ་པའི་ས་ཡོམ་གྱི་ཤུགས་ཚད་རིམ་པ་ ༦་༦ དང་། གཏིང་ཚད་སྤྱི་ལེ་༢༠། ཡང་ཨ་རིའི་ས་ཁམས་རིག་པ་ཞིབ་འཇུག་པས་ས་ཡོམ་གྱི་ཤུགས་ཚད་རིམ་པ་ ༥་༩ ། དང་། དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ས་ཡོམ་དོ་དམ་ཚན་པས་ཐེངས་འདིའི་ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་ ༦ ཡིན་ལུགས་བཅས་འགྲེལ་བརྗོད་བྱས་འདུག 
རྒྱ་ནག་གི་རྒྱ་གྲམ་དམར་པོ་ཚོགས་པས་ལན་ཀྲུའུ་དང་པེ་ཅིང་སོ་སོ་ནས། གུར་ ༢༠༠ དང་། ཁྱིམ་ཆས་ཅ་དངོས་གྲངས་ ༡༠༠༠ དེ་བཞིན་སྟོད་ཐུང་གྲངས་ ༢་༠༠༠ བཅས་ས་ཡོམ་གྱིས་གནོད་ཐེབས་ཁུལ་དུ་བཏང་ཡོད་ལུགས་དང་། ད་དུང་རོགས་རམ་དེ་ལས་ཤུགས་ཆེ་བ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་དང་། ཉེན་རྟོག་པ། མེ་གསོད་རུ་ཁག མྱུར་སྐྱོབ་སྨན་བཅོས་རུ་ཁག་བཅས་ཁྱོན་མི་གྲངས་ ༦་༠༠༠ ཙམ་དང་། ཐད་འཕུར་གནམ་གྲུ་གཉིས་བཅས་ས་གནས་སུ་བཏང་ཡོད་ལུགས་བརྗོད་འདུག 

About 380 buildings collapsed in Zhanxian County

ཀུན་སུའུ་ཞིང་ཆེན་ནི་རྒྱ་ནག་ནང་མི་འབོར་ཅུང་ཉུང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ཡང་། ཁྱོན་མི་འབོར་ས་ཡ་ ༢༦ ཙམ་ཡོད་པ་དང་། ཏིང་ཞི་གྲོང་ཁྱེར་ཁོངས་སུ་ཁྱོན་མི་གྲངས་ས་ཡ་ ༢་༧ ཡོད་འདུག 
ཐེངས་འདིའི་ས་འགུལ་དེ་ཀན་སུའུ་ཞིང་ཆེན་གྱི་ཏིན་ཞི་གྲོང་ཁྱེར་ཁོངས་དང་། ལུང་ནན། ཐེན་ཧྲོས། པེ་དབྱིན། ཀ་ཆུ། ཀན་ལྷོ་བཅས་གྲོང་ཁྱེར་དང་ཁུལ་ ༦ གི་རྫོང་དང་ས་ཁུལ་ ༢༢ དང་། ཤང་དང་གྲོང་བརྡལ་ ༢༠༤ ཙམ་ལ་ཁྱབ་ཡོད་འདུག

ཐེངས་ 42358 བཀླགས་འདུག