Donate

ཀར་བོན་སིམ་འཇོག་བྱེད་སའི་གཏན་ཆགས་འཁྱགས་རིམ།

འཛམ་གླིང་གི་སྟེང་སའི་ཀར་བོན་ཀྱི་སུམ་ཆ་གཅིག་ཙམ་ཞིག་(བརྒྱ་ཆ་ ༢༣ ནས་ ༤༨ )གཏན་ཆགས་འཁྱགས་རིམ་གྱི་འོག་ཏུ་གནས་ཡོད་13,14ཅིང་། འདིའི་ཉམས་རྒུད་ལ་བརྟེན་ནས་ཀར་བོན་ཧ་ཅང་ཕོན་ཆེན་ཞིག་རླུང་ཁམས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པ་དེས་གོ་ལའི་ཚ་དྲོད་རྒྱས་རྒྱུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད། ཨར་ཊིག་དང་བྱང་ཕྱེད་གོ་ལའི་བྱང་ལྷག་ས་ཁུལ་དུ་རྒྱ་ཁྱབ་ཀྱིས་ཆགས་པའི་གཏན་ཆགས་འཁྱགས་རིམ་དང་མི་འདྲ་བར་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་ནི་ས་བབས་ཆེས་མཐོ་སར་ཆགས་པའི་རི་མགོའ་ིགཏན་ཆགས་འཁྱགས་རིམ་ཞིག་ཡིན་པ་དང་།རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༡.༣ ནས་ ༡.༦ ཅན་གྱི་བོད་ཀྱི་གཏན་ཆགས་འཁྱགས་རིམ་ནི་ས་འོག་ཏུ་དར་འཁྱགས་མང་བའི་དྲོད་ལྡན་གྱི་རང་བཞིན་ཅན་ཞིག་ཡིན། གནས་སྟངས་འདིས་གནམ་གཤིས་འགྱུར་ལྡོག་དང་དམིགས་བསལ་ཚ་དྲོད་འཕེལ་བའི་སྐབས་གནོད་སྐྱོན་དང་ཉམས་ཆག་འགྲོ་སྐྱེན་པའི་གཉོད་ཆུང་ཅན་ཞིག་ཡིན་ལ། གཏན་ཆགས་འཁྱགས་རིམ་ཡོད་མེད་ཀྱི་ཁྱད་པར་ལ་བརྟེན་ནས་ས་ཆའི་ཕྱིའི་སྒྲོམ་གཞི་དང་ནང་གི་ས་བཅུད་གཉིས་ཀར་ཁྱད་པར་ཆེན་པོ་ཡོད།
བོད་མཐོ་སྒང་གི་ཚ་དྲོད་འཕར་བཞིན་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་སྐྱེ་དངོས་ཕྲ་ཕུང་རུལ་འཇིག་གི་འབོར་ཚད་འཕར་བའི་རྐྱེན་གྱིས་ཀར་བོན་ཁག་གཏན་འཁྱགས་ས་གནས་ནས་ཕྱིར་ཐོན་རྒྱུ་༼དྲོད་ཚད་སེལ་ཤས་སྒོར་ཐིག་(OoC)ལས་བརྒལ་བའི་སྐབས།༽ངེས་ཤིང་། ཕྱི་ལོ་ ༢༠༠༨
ལོར་ཝང་ (Wang) གིས་ཁོང་ཚོའི་ཞིབ་འཇུག19བརྒྱུད་བོད་མཐོ་སྒང་གི་རྩྭ་སས་གཡོགས་པའི་རི་རྒྱུད་ཡུལ་ལྗོངས་དང་རྣམ་འགྱུར་སྐྱེན་པའི་གཏན་ཆགས་འཁྱགས་རིམ་གྱི་སྲབ་མཐུག་དབར་གྱི་ཁྱད་པར་གྱི་རྗེས་སུ་འགྲོ་ལྡོག་གི་གལ་ཆེའི་འབྲེལ་བ་གྲུབ་ཡོད་པ་སྟེ། གཏན་ཆགས་འཁྱགས་རིམ་བཞུར་བའམ་རྣམ་
འགྱུར་སྐྱེན་པའི་ས་རིམ་མང་དུ་སོང་བའི་དབང་གིས་སྔོ་རྩའི་ཁེབ་གཡོག་ཉམས་རྒུད་དང་ཇེ་ཉུང་དུ་འགྲོ་བར་བཤད་ཡོད། ཁོང་ཚོས་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་གྱིས་ཀར་བོན་ཏུན་(tonne)ས་ཡ་ ༡༢,༣༠༠ ཙམ་མམ་ཡང་ན། འཛམ་གླིང་ཁྱོན་ཡོངས་ཀྱི་རྩྭ་ཐང་གིས་བདག་ཉར་བྱས་པའི་སྟེང་སའི་སྐྱེ་ལྡན་ཀར་བོན་ཀྱི་བརྒྱ་ཆ་ ༣༧ ཙམ་ཞིག་ཉར་སྲུང་བྱས་ཡོད་པའི་ཚོད་དཔག་དང་། ད་དུང་རྨ་ཆུའི་ཆུ་མགོའ་ིས་ཁུལ་དུ་ལོགས་སུ་ཞིབ་འཇུག་གཞན་ཞིག་བྱས་པར། ས་ཁུལ་དེའི་གཏན་ཆགས་འཁྱགས་རིམ་ནང་ན་རླངས་གི་འབོར་མི་
ཉུང་བ་ཞིག་ཐིམས་གནས་ཡོད་པ་གསལ་སྟོན་བྱས་ཡོད། གཏན་ཆགས་འཁྱགས་རིམ་ཉམས་རྒུད་དུ་ཕྱིན་པ་དེས་བོད་མཐོ་སྒང་གི་ཀར་བོན་སྙོམ་གནས་ལ་དོ་ཕོག་ཙམ་མ་ཟད། ད་དུང་མངོན་པར་མི་གསལ་བར་དལ་བུར་འགྱུར་བ་འགྲོ་བཞིན་ཡོད་པས་འབྱུང་འགྱུར་བསྐྱར་གསོ་བྱ་ཐབས་བྲལ་བའི་ཉམས་རྒུད་མང་དག་ཅིག་ཡོང་རྒྱུ་ཡིན་པ་དཔེར་ན། གདོད་མའི་རི་སྐྱེས་རྩི་ཤིང་གི་རིགས་རྩ་སྟོང་། རྩྭ་ས་བྱེ་ཐང་དུ་འགྱུར་བ། འདམ་ས་དང་སའི་བརླན་གཤེར་སྐམ་པ། ས་འོག་ཆུ་རིམ་དམའ་རུ་འགྲོ་རྒྱུ་སོགས་ཡིན།
ད་དུང་འགྱུར་བ་འདི་དག་གིས་དེང་དུས་ཀྱི་འཛུགས་སྐྲུན་བྱ་གཞག་རྣམས་ཀྱང་ཉེན་ཁའི་གནས་སུ་ལྷུང་སྲིད་དོ། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42162 བཀླགས་འདུག