Donate

ཀྱལ་ཏའི་སྡོང་པོ་རྩ་སྟོངས་འགྲོ་བའི་ཉེན་ཁ།

ཀྱལ་ཏའི་སྡོང་པོ་རྩ་སྟོངས་འགྲོ་བའི་ཉེན་ཁ།

མཚོ་སྔོན་འབའ་རྫོང་གི་ཁོངས་སུ་འཛམ་གླིང་ཐོག་མཐོང་དཀོན་པའི་ཀྱལ་རྟ་(ཀྱལ་ཏ)འི་སྡོང་པོའི་ཚལ་ཞིག་ཡོད་པ་དེ་ད་ལྟ་ས་གནས་སུ་ཆུ་གློག་ས་ཚུགས་ཤིག་གསར་སྐྲུན་ཆེད་སྡོང་པོ་རྩ་ཆེན་དེ་དག་འཇིག་ཉེན་ལ་ཐུག་ཡོད་པར་བརྟེན། རྒྱ་ནག་གི་སྐྱེ་དངོས་ཚན་རིག་པ་ཚོས་ལས་གཞི་དེ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་སྐོར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ལྕགས་མོ་འཚོ་ལགས་ཀྱིས་འགྲེལ་བརྗོད་གནང་འདུགདེ་ཡང་ཁོང་གིས་ཀྱལ་རྟ་(ཀྱལ་ཏ)འི་སྡོང་པོ་འདི་རྩ་ཆེན་ཞིག་ཡིན་པ་ནི་སྤྱི་ལོ་ ༢༠༠༧ ལོར་གཞི་ནས་ཤེས་ཡོད་ཅིང་། ཐོག་མར་ཤེས་མཁན་ནི་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་། ནུབ་བྱང་མཐོ་སྒང་གི་སྲོག་ཆགས་ཞིབ་འཇུག་སྡེ་ཁག་གི་ཉམས་ཞིབ་པ་(ཝུའུ་ཡེ་ཧྥུ་?)ཞུ་བ་ཞིག་ཡིན་ཞིང་། ཁོང་གིས་ (ཕུན་ཕེའེ་?) ཞེས་པའི་གསར་ཁང་ལ་སྡོང་པོའི་ཚལ་འདིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱས་ནས་ད་བར་འཚོ་ཐུབ་ཡོད་ཅིང་། ང་ཚོའི་མི་ཐོག་འདིའི་རིང་མེད་པར་གཏང་བ་ཡིན་ན་ཧ་ཅང་བློ་ཕམ་དང་། ང་ཚོའི་མི་རབས་འདིས་ཉེས་པ་བསགས་པ་རེད་ཅེས་དང་། འབའ་རྫོང་ནི་སྤྱི་ལོ་ ༢༠༠༤ ལོར་གཙང་གསུམ་ཆུ་བོའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་གྲས་སུ་བཞག་ཡོད་པ་རེད། དེར་བརྟེན་གནས་ཚུལ་འདིའི་ཐད་པེ་ཅིན་རྩི་ཤིང་ལྡུམ་རའི་བཟོད་བཀོད་པ་གཞོན་པ་(ཀོང་ལིའི་?)ཟེས་བས་ས་ཁུལ་དེར་དངོས་སུ་གཟིགས་ཞིབ་ཀྱིས་རྗེས་སུ། འབའ་རྫོང་ནི་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུལ་རེད། གནས་འདི་ནས་ཀྱང་དེ་ལྟར་བྱེད་ཕོད་ན་ད་ནི་བྱེད་མི་ཕོད་པ་གང་ཞིག་ཡོད་དམ། འཛམ་གླིང་གི་གཅེས་ནོར་སྲུང་སྐྱོབ་མི་བྱེད་ན་གཞན་གཅི་ཞིག་སྲུང་སྐྱོབ་བྱེད་དགོས་པ་རེད་ཅེས་སོགས་བཤད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་མཚོ་སྔོན་གསར་གནས་དྲ་བའི་ནང་ཟླ་བ་འདིའི་ཚེས་ ༠༢ ཉིན་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་གློག་ས་ཚུགས་བཟོ་སྐྲུན་ཁོངས་སུ་ཆུས་བསྣུབ་ངེས་པའི་འབའ་རྫོང་གི་ས་ཁུལ་ཀྱལ་རྟ་ (ཀྱལ་ཏ) ཡོད་སའི་ས་གནས་ཀྱི་ཀྱལ་རྟ(ཀྱལ་ཏ)འི་སྡོང་པོ་གཞི་སྤོའི་ལས་གཞི་འོས་འཚམས་ཀྱིས་སྤེལ་བཞིན་ཡོད་ཚུལ་དང་། སྡོང་པོ་ ༦༦༤ འོས་འཚམས་ཀྱིས་སྲུང་སྐྱོབ་བྱས་ཡོད་ཚུལ་བཀོད་ཡོད་ཀྱང་། གོང་གསལ་རྩི་ཤིང་ཆེད་མཁས་པ་(ཀོང་ལིའི་?)ཡིས་སྡོང་པོ་གཞི་སྤོར་ཀྱི་ལས་གཞི་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་རེད། ས་ཆུ་ཚང་མ་འཕྲོད་རྒྱུ་ཁག་པོ་རེད། ང་དེར་མོང་འཐུན་མེད། གལ་ཏེ་སྡོང་པོ་ཆེན་པོ་དེ་དག་གསོན་མ་ཐུབ་ན་སྡོང་ཕྲན་རྣམས་གསོན་ཡང་དོན་སྙིང་གང་ཡོད་མ་རེད་ཅེས་བརྗོད་འདུག

ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བོད་སྐད་སྡེ་ཚན་གྱི་དྲ་གནས་ལས་སྒྲ་ཕབ་བྱས།

ཐེངས་ 42245 བཀླགས་འདུག