Donate

ཁོར་ཡུག་སྲུང་སྐྱོབ་པ་རེ་ཁེ་རིན་ཆེན་བསམ་གྲུབ་ལགས་གློད་བཀྲོལ་བཏང་བ།

དེ་སྔོན་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣ ཉིན་ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ་ལགས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་འཛུགས་འོག་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཉེ་ཆར་ཕྱི་ཟླ་༨ པའི་ཚེས་ ༨ ཉིན་ལྷ་སའི་བཙོན་ཁང་ཞིག་ནས་གློད་བཀྲོལ་ཐོབ་ཡོད་འདུག
དེ་སྔོན་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༣ རེས་གཟའ་སྤེན་པ་ཉིན་རི་ཁེ་ཀརྨ་བསམ་འགྲུབ་ལགས་ཀྱི་སྤུན་ཆེ་བ་རིན་ཆེན་བསམ་འགྲུབ་ལགས་ལ་རྒྱ་ཁབ་ཁ་བྲལ་གཏོང་བའི་ཉེས་འཛུགས་འོག ཆབ་མདོ་ས་ཁུལ་དུ་ཁྲིམས་ཁང་ཞིག་གིས་དུས་ཡུན་ལོ་༥བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།
དེ་ཡང་ཁོར་ཡུག་སྲུང་སྐྱོབ་པ་ཚོང་དཔོན་ཀརྨ་བསམ་འགྲུབ་ལགས་ཀྱི་སྤུན་ཆེ་བ་རིན་ཆེན་བསམ་འགྲུབ་ལགས་དང་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་གཉིས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་འོག ཕྱི་ལོ་ ༢༠༠༩ ཕྱི་ཟླ་Rinchen Samdhup
༨པའི་ནང་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། རིན་ཆེན་བསམ་འགྲུབ་ལགས་ནི་སྐབས་དེར་ལོ་ན་༤༤ དང་ཁོང་གི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་ལགས་ནི་ལོ་ན་ ༣༨ ཡིན་པ་རེད།
དེ་སྔོན་ཁོང་དང་ཁོང་གི་སྤུན་ཆུང་བ་འཆི་མེད་རྣམ་རྒྱལ་ལགས་གཉིས་ཀྱིས་༼ཨ་ཁྱུང་སེང་གེ་རྣམ་རྫོང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་༽ཞེས་པའི་གཞུང་འབྲེལ་མིན་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་བཙུགས་ནས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་དང་མཉམ་འབྲེལ་གྱིས། ཤིང་ནག་འདེབས་འཛུགས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཁྲིམས་འགལ་རྔོན་རྒྱག་རིགས་ཀྱི་གནས་ཚུལ་བཀག་འགོག་དང་མཁོ་སྤྲོད་བྱས།
Rinchen Samdhupམ་ཚད་ཁོར་ཡུག་སྲུང་སྐྱོབ་ཐད་དུས་དེབ་ཆུང་ཆུང་ཞིག་ཀྱང་བཏོན་ནས། ཁྱོན་ས་གནས་མི་མང་ ༡༧༠༠ ཙམ་ལ་ཞེན་སྐུལ་གྱི་ལས་དོན་རྒྱ་ཆེར་བསྒྲུབས་པས། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོང་གཉིས་ཀྱི་ལས་དོན་ལ་བསྔགས་བརྗོད་ཡང་ཐོབ་མྱོང༌། འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་གཉིས་ཀྱིས་བཙུགས་པའི་ཚོགས་པ་དེ་ནི་ཁྲིམས་འགལ་དང༌། ཁོང་གཉིས་ཀྱི་ལས་དོན་ཐ་དག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་གཏོར་བཤིག་གཏོང་གཞི་ཞིག་ཡིན་པའི་ཉེས་འཛུགས་བྱས།
མ་ཚད་དེ་སྔོན་ཁོང་གིས་ཁམས་ཁུལ་དུ་བོད་ཀྱི་དཔེ་ཆ་དཔེ་རྒྱུན་དཀོན་རིགས་བརྩད་གཅོད་དང་ཉར་ཚགས་། སྲུང་སྐྱོབ་བཅས་ཀྱི་ལས་ཀ་ཕོན་ཆེ་གནང་འདུག་ཅིང་།
འཛིན་བཟུང་མ་བྱས་གོང་དེར་ཉར་ཚགས་བྱས་བའི་དཔེ་རྙིང་རྣམས་འོད་སྡེར་དུ་བཅུག་ཡོད་པ་དེ་ཚོ་དེ་ཆ་རྒྱ་གཞུང་གིས་འཕྲོག་ཡོད་འདུག
ཆབ་མདོ་ས་ཁུལ་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ་༧ཚེས་༣་རེས་གཟའ་སྤེན་པ་ཉིན་གྱི་ཞོགས་པར་རིན་ཆེན་བསམ་འགྲུབ་ལགས་ལ། ཁོང་གི་དྲ་རྒྱ་ཐོག་༧གོང་ས་མཆོག་གི་བཀའ་སློབ་བཞག་པ་སོགས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ཉེས་འཛུགས་སྣ་ཚོགས་འོག ཆབ་སྲིད་དབང་ཆ་ལོ་༣འཕྲོག་ནས། ཁྱོན་མི་ལོ་༥བརྩོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད་ཅེས་ཁོང་གི་ཁྲིམས་རྩོད་པ་སྐྱའ་ཇུན་གྱིས་རུའུ་ཊེར་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཁོང་གི་སྤུན་ཆུང་བ་འཇིགས་མེད་རྣམ་རྒྱལ་ལགས་ལ་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་འཇུག་ཟླ་བ་ཉི་ཤུ་རྩ་གཅིག་གི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་པ་ཡང་དེ་སྔོན་གློད་བཀྲོལ་ཐོབ་ཡོད་པ་རེད།
སྐབས་དེར་རེ་ཁེ་ཀརྨ་བསམ་འགྲུབ་ལགས་ལ་མི་ལོ་༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཆབ་སྲིད་ཁེ་དབང་ལོ་༥ ཕྲོགས་པ་དང། རྒྱ་སྒོར་༡༠༠༠༠ ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ནས་ཉིན་བཅུ་ལས་ཕྱིན་ཡོད་པ་མ་རེད།

ཐེངས་ 42205 བཀླགས་འདུག