Donate

ཁོར་ཡུག

ཨང་གཉིས་པ། སྭ་ལམ། ཨིན་ཇི་འབྲིང་རིམ་འཛིན་གྲྭ།

ཁོར་ཡུག་ནི་མི་དང་སྲོག་ཆགས་ཀུན་གྱི་ཐུན་མོངས་ཀྱིས་འཚོ་གནས་བྱེད་སའི་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་ཞིག་རེད། ཁོར་ཡུག་གིས་མི་དང་སྐྱེ་ལྡན་ཡོངས་ལ་སྲོག་རླུང་དང་ཆུའི་མཚོན་པའི་ཚེ་སྲོག་གི་མ་ལག་ཡོངས་རྫོགས་སྐྲུན་བཞིན་ཡོད། ཡང་གཅིག་བཤད་ན། “འགྲོ་བ་མ་ལུས་འཇིག་རྟེན་ལས་ལས་སྐྱེས།” ཞེས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟར་སྣོད་བཅུད་གཉིས་ཀ་གཅིག་ལ་གཅིག་བརྟེན་གྱིས་གྲུབ་ཡོད། དེའི་ཕྱིར་མི་གཙོས་པའི་སྲོག་ཆགས་ཡོངས་ཀྱི་ཚེ་སྲོག་དང་བདེ་ཐང་གི་དར་རྒུད་རྣམས་རང་བྱུང་ཁམས་དང་རང་ཉིད་གང་དུ་གནས་སའི་ཁོར་ཡུག་གི་མཁའ་དབུགས་དང་། ཆུ། རང་བྱུང་གི་སྨན་སྣ་སོགས་ཀྱི་སྐྱེ་འབྲས་ལེགས་ཉེས་ལ་རག་ལས་ཡོད། མཁའ་དབུགས་ནི་ཐན་དབུགས་དང་། དབྱང་དབུགས། ཆིན་དབུགས་བཅས་རླུང་ཁམས་རིགས་གསུམ་ལས་གྲུབ་པའི་གོ་ལའི་མཁའ་དབྱིངས་སུ་ཁྱབ་པའི་རླུང་ཁམས་ལ་ཟེར་བ་རེད། དེས་ནི་སྐྱེ་ལྡན་ཡོངས་ཀྱི་འཕེལ་འགྲིབ་ཀྱི་བརྒྱ་ཆ་བདུན་ཅུ་ཙམ་བཟུང་ཡོད། ཆུ་ནི་འགྲོ་བ་མི་གཙོས་པའི་སྲོག་ཆགས་དང་རྩི་ཤིང་སོགས་སྐྱེ་དངོས་ཡོངས་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་འཚོ་རྟེན་གཙོ་བོ་ཞིག་དང་། ས་གཞིར་རྒྱུ་བ་དང་མི་རྒྱུ་བའི་མི་དང་སྲོག་ཆགས་ཐམས་ཅད་ཀྱི་འཚར་ལོངས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད།

འོན་ཀྱང་དེང་སང་གི་མི་རྣམས་ལོག་འཚོའི་དབང་དུ་སོང་ནས་ཀུན་སྤྱོད་མ་དག་པའི་དབང་གིས་ཁོར་ཡུག་ལ་གནོས་སྐྱོན་ཚབས་ཆེན་གཏོང་བཞིན་པ་མ་ཟད་རྫས་སྦྱོར་སྣ་ཚོགས་ལས་གྲུབ་པའི་དུག་རླངས་སོགས་ཀྱིས་འཛམ་གླིང་གི་ས་ཆ་ཀུན་ལ་ཆུ་དང་འཚོ་བཅུད་ཀྱི་མི་འདང་བ་དང་། ས་ཁམས་ཁོར་ཡུག་གི་མདང་ཤོར་ནས་ཉམས་ང་ཞིང་མི་སྡུག་པར་གྱུར་ཡོད། དེ་བཞིན་མི་དང་སྲོག་ཆགས་གཞན་མང་པོར་སྐྲན་ནད་སོགས་ནད་རིགས་མང་པོ་ཡོང་བ་ཡང་ཁོར་ཡུག་ལ་བདག་གཅེས་བྱེད་མ་ཐུབ་པས་ལན་པ་རེད། དེས་ན་ཁོར་ཡུག་དང་དེ་ལ་གནས་པའི་རང་གཞན་སུ་ཡིན་ཡང་ཧམ་པའི་རྗེས་སུ་མ་བསྙེགས་པར་ཆོག་ཤེས་དང་ཡ་རབ་སྤྱོད་བཟང་ལྡན་པ་ཞིག་བྱུང་ན། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་དང་། མི་དང་སྲོག་ཆགས་ཀྱི་ལུས་སེམས་ལ་ངལ་གསོ་ཚད་མེད་ཅིག་ཡོང་བ་ནི་ལྟོས་བཅས་ཆོས་ཉིད་ཀྱི་བདེན་པ་འབའ་ཞིག་རེད། དེའི་ཕྱིར་ན་བདག་ལེགས་སུ་འདོད་པའི་གང་ཟག་གཅིག་ཡིན་ན་རང་རང་གིས་བྱ་བ་གང་ལའང་གཟབ་ནན་གྱིས་འཇུག་པ་ནི་གནད་ཀྱི་དམ་པའོ།།

བདག་ཉིད་ཆེན་པོ་གྷན་དྷིས། “སའི་གོ་ལར་མིའི་དགོས་མཁོ་སྐོང་བའི་ནུས་པ་ཡོད་ཀྱང་ཧམ་སེམས་སྐོང་བའི་ནུས་པ་མེད།” ཅེས་གསུངས་པ་ལྟར་སེམས་ཀྱི་གླང་ཆེན་མ་དུལ་ཞིང་སྨྱོན་པ་ནི་ཆོས་ལ་སེམས་པའི་དམིགས་པའི་བཀའ་ཆེན་ལ་ཇི་ལྟར་བཏགས། དེས་ན་ཀུན་གྱིས་འབད་པ་སྟེན་རིགས་སོ།།

ཐེངས་ 42181 བཀླགས་འདུག