Donate

གངས་ལྗོངས་ས་མཐོ་ནི་འགྲོ་བ་མིའི་འབྱུང་ཁུངས་ཡིན།

གངས་ལྗོངས་ས་མཐོ་ནི་འགྲོ་བ་མིའི་འབྱུང་ཁུངས་ཡིན།

       ༄༅།། འགྲོ་བ་མིའི་འབྱུང་ཁུངས་ཀྱི་ཐད་ལ་ད་བར་དུ་ཡོངས་ཀྱིས་ཁས་ལེན་པའི་ལྟ་བ་ཚད་མ་ཞིག་གྲུབ་མེད་དེ། དཀོན་མཆོག་གིས་མི་བཟོས་པ་སོགས་པའི་ལྷ་སྒྲུང་རང་བཞིན་ལྟ་བ་ཁག་དང་། འགྲོ་བ་མིའི་རིགས་དེ་གོ་ལ་གཞན་གྱི་མི་ལས་འབྱུང་བར་འདོད་པ། ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བ་གོ་ལའི་ཁྱོན་ཡོངས་ལ་རླུང་ལྟར་གྲགས་རྗེས། གནའ་བོའི་སྤྲ་ནས་རིམ་གྱིས་མི་འབྱུང་བའི་ལྟ་བ་དེར་མོས་མཐུན་བྱེད་མཁན་ཤིན་ཏུ་མང་པོ་བྱུང་ཡོད། འོན་ཀྱང་དུས་ཕྱིས་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བ་ལའང་སྐྱེ་དངོས་རིག་པ་བ་དང་ཚན་རིག་པ་མང་པོས་དགག་པ་རྒྱབ་ཡོད་ལ། ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོས་དེང་སང་ཏར་ཝུན་གྱི་ལྟ་བ་དེ་ཚན་རིག་དང་མི་མཐུན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེང་སང་མིའི་རིགས་ནི་ཨ་ཧྥེ་རི་ཁ་གླིང་ནས་ག་ལེར་འཛམ་གླིང་ཡུལ་གྲུ་ཀུན་དུ་གྱེས་པའི་ལྟ་བ་དེར་ཡོངས་ཁྱབ་ཀྱི་ལྟ་བ་ལྟ་བུར་གྲུབ་པས། མིའི་རིགས་ཀྱི་མེས་པོ་ནི་ཨ་ཧྥེ་རི་ཁ་གླིང་ནས་ཡིན་པའི་འདོད་ཚུལ་དེས་དོགས་སློང་བ་མང་པོར་བློ་ཡིད་ཚིམ་པའི་ལན་ཞིག་བཏབ་ཡོད་མོད། གལ་སྲིད་མི་ཞིག་གིས་འགྲོ་བ་མིའི་རིགས་ནི་གངས་ལྗོངས་ས་མཐོ་ནས་རིམ་གྱིས་འཛམ་གླིང་ཀུན་དུ་འབྱམས་པའི་སྐོར་གྱི་ལྟ་བ་ཞིག་བཏོན་ཚེ། ཁྱོད་ཀྱིས་བརྡར་ཤ་ཇི་ལྟར་གཅོད་རྒྱུ་ཡིན། དེ་རིང་ཚ་ལུ་མ་ཚན་རྩལ་དྲ་བས་བོད་ཀྱི་སྐྱེ་དངོས་རིག་པ་མཁས་ཅན་སྒྲོལ་མ་དོན་གྲུབ་ལགས་ཀྱི《འགྲོ་བ་མིའི་རིགས་གངས་ལྗོངས་ས་མཐོ་ནས་མཆེད་པ》ཞེས་པའི་རྩོམ་ཡིག་ཅིག་བསྒྱུར་ཡོད་པས་ལྷན་རྒྱས་ཀྱི་ཐུགས་རེ་བསྐང་ཐུབ་པར་སྨོན།

གཏན་འབེབས་ལྟར་ན་རྨིན་ཡུས་ཟླ་བ་བཅོ་བརྒྱད་ཟིན་རྗེས་ཕྱི་ལ་གསོ་ཉར་དུ་གཏང་རྒྱུ་ཡིན་པས། ཀྲེན་ཧུའེ་ཡིས་དེའི་སྔོན་ལ་བུ་འཁྲིད་ནས་ཕྱི་ལ་ཐེངས་གཅིག་གདོན་འཐུབ་རྒྱུའི་ཆེད་དུ་དཀའ་ངལ་ག་ཚོད་འཕྲད་ཀྱང་མཉམ་གཞས་ཚོགས་པ་དེ་འཛུགས་རྒྱུ་ཐག་བཅད། བཙོན་རོགས་རྣམས་ཀྱི་སེམས་རྩ་འཁོལ་བའི་རོགས་སྐྱོར་འོག་གཞི་ནས་མཉམ་གཞས་ཚོགས་པ་དེ་བཙུགས་ཐུབ་པ་བྱུང་ཡང་། ཨ་མ་དེའི་བསམ་ཡུལ་ལས་འདས་པ་ནི། རང་ཉིད་བུ་དང་མཉམ་དུ་ཕྱིར་གདོན་པའི་ཉིན་མོ་དེའང་ཟླ་བ་བཅུ་གྲངས་རང་ལས་འགྲོགས་མེད་པའི་བུ་དེ་དང་ཁ་འབྲལ་བའི་ཉིན་མོ་དེ་ཡིན་པ་རེད། དེས་ན། བཙོན་ཁང་གི་གྱང་མཐོན་པོ་དེའི་ནང་དུ་བཙུགས་པའི་མཉམ་གཞས་ཚོགས་པ་དེ་ནི་རིམ་བཞིན་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར་ཅིང་། དེས་རང་དབང་བྲལ་བའི་བུད་མེད་དེ་རྣམས་ལ་སྤྲོ་སྣང་རེ་སྦྱིན་པ་མ་ཟད། ཡུན་རིང་ཁོང་ཚོའི་སེམས་དབུས་སུ་བརྟན་པོར་ཡིབ་ཡོད་པའི་རྨ་ཁ་དེ་རྣམས་ལ་ཡང་ད་གཟོད་དྲག་སྐྱེད་ཀྱི་བདུད་རྩི་ཞིག་སྦྱིན་གྱིན། ང་རང་གིས ༡༩༩༤ ལོར་བོད་རིག་པའི་ཞིབ་འཇུག་ཁོངས་ལ་བོད་ཀྱི་འཕེལ་འགྱུར་སྨྲ་བའི་ལྟ་བ་དེ་ཐོག་མ་བཏོན་ཏེ་དེ་ལ་རེ་རེ་བཞིན་ར་སྤྲོད་བྱས་པ་ཡིན། (དཔྱད་རྩོམ་དེ་མཚོ་སྔོན་ཞིན་ཆེན་གྱི་སློབ་གྲྭ་ཆེན་མོ་བའི་ཚན་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།) བོད་ཀྱི་འཕེལ་འགྱུར་སྨྲ་བ་དེ་ཏར་ཝིན་གྱི་འཕེལ་འགྱུར་སྨྲ་བ་དང་བསྡུར་ན་མ་མཐའ་ཡང་ལོ་ངོ ༡༢༠༠ སྔ་སྟེ། དེའི་ནང་ལ་འགྲོ་བ་མིའི་རིགས་ནི་གངས་ལྗོངས་ས་མཐོ་ནས་ཆད་པའི་ལྟ་བ་ཡང་བཏོན་ཡོད། བོད་ཀྱི་གོ་ལའི་གྲུབ་ཚུལ་སྨྲ་བ་དང་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་འབྱུང་བ་སྨྲ་བ་དེ་གཉིས་ཚད་ངེས་ཅན་ཞིག་གི་ཁྲོད་དུ་དེང་གི་གནའ་རྫས་རིག་པའི་མཚོ་བོད་མཐོ་སྒང་གི་གྲུབ་ཚུལ་སྨྲ་བ་དང་ཏར་ཝིན་གྱི་འཕེལ་འགྱུར་སྨྲ་བ་དང་མཐུན་པ། ཉེ་བའི་ལོ་འགའ་ལ་དྲ་ཐོག་ཏུ་ཨ་རིའི་ཚན་རིག་པ་ལྔ་བརྒྱ་ལྷག་གིས་མཉམ་འབྲེལ་མིང་ཐོ་འགོད་ནས་ཏར་ཝིན་གྱི་འཕེལ་འགྱུར་སྨྲ་བ་ལ་འགག་པ་རྒྱབ་པ་དེ་རླུང་ལྟར་གྲགས་ན་ཡང་དེ་ལ་རྟེན་གཞི་སྲ་མོ་ཅི་ཡང་མེད་དེ། ཁོ་ཚོའི་རྟེན་རྒྱུ་ནི་མིས་བཟོས་དང་འདྲ་པོ་ཡོད་པའི་རྡོ་ཆས་དང་ལྕགས་རིགས། རྐང་རྗེས་སོགས་མ་གཏོགས་མེད་པས་དེ་ལ་སྨྲ་བའི་དགོས་པ་མེད་པ་སྣང་། ཏར་ཝིན་གྱི་མིའི་རིགས་ཀྱི་དཔའ་ཡོན་འབྱུང་ནས་ཆེས་མང་ན་ཡང་ལོ་ངོ་ཆིག་ཁྲི་མ་གཏོགས་མེད་པ་དེ་ལ་དོགས་པའི་གནས་ཡོད་ཀྱང་ཁོང་གི་ལྟ་བ་དེ་ནི་ཚན་རྩལ་དར་རྒྱས་མིན་པའི་དུས་རབས་བཅུ་དགུ་ལ་བཏོན་པ། ཏར་ཝིན་གྱི་ལྟ་བ་ནི། འགྲོ་བ་མིའི་རིགས་ནི་སྤྲ་ནས་འཕེལ་འགྱུར་བྱས་ནས་བྱུང་བ་ཡིན་པ་དང་། བོད་ཀྱི་འཕེལ་འགྱུར་སྨྲ་བའི་ལྟ་བ་ནི་འགྲོ་བ་མིའི་རིགས་ནི་སྤྲེལ་དང་བྲག་སྲིན་མོ་

གཉིས་འཁྲིག་སྦྱོར་བྱས་ནས་བྱུང་བ་ཡིན་པར་བཏོན། ཕྱི་མ་དེ་སྔ་མ་ལས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པས། དེ་ནི་བོང་གཉིས་ལས་དྲེའུ་དང་ཁྱི་དང་སྤྱང་ཀི་གཉིས་ལས་སྤྱང་ཁྱི་འབྱུང་བ་ལྟར། རིགས་རྒྱུད་བར་ཐག་ཉེ་བའི་སྲོག་ཆགས་རིགས་གཉིས་ལས་རིགས་འདྲེས་རྣམ་པ་གཞན་ཞིག་འབྱུང་བའི་དཔེ་ནི་ཤིན་ཏུ་མང་། རིགས་འདྲེས་སྲོག་ཆགས་དྲེའུ་ལྟ་བུའི་རིགས་ཁ་ཅིག་གི་སྐྱེས་འཕེལ་མ་ལག་ནི་ཉམས་ཞན་དུ་སོང་ཡོད་ནའང་། རིགས་འདྲེས་མང་ཤོས་ལ། རིགས་འདྲེས་ལས་རིགས་འདྲེས་སྲོག་ཆགས་དེ་དང་འདྲ་བོ་འབྱུང་བའི་སྐྱེས་འཕེལ་ནུས་བ་ཆ་ཚང་ལྡན་ཡོད། དཔེར་ན་གཡག་ལྟ་བུ།

ལོ་ངོ་ས་ཡ་གསུམ་གྱི་ཡར་སྔོན་ལ་གངས་ལྗོངས་ས་མཐོ་ཡི་ཆ་སྙོམས་ཀྱི་མཚོ་ངོས་ལས་རྩིས་པའི་མཐོ་ཚད་ནི་སྨི ༡༠༠༠ ཡིན་ཏེ་དངོས་རིགས་མང་པོ་འཚོ་གནས་བྱས་པར་འཚམ་པ། གནའ་རྫས་དཔྱད་ཞིབ་ཀྱིས་ལོ་ངོ་ས་ཡ་གཉིས་ཀྱི་ཡན་མན་ལ་སྤྲ་དང་ཀེར་ལངས་སྤྲ་མི་བྱུང་བར་ར་འཕྲོད། མཐོ་སྒང་ཡར་འཕགས་པ་དང་བསྟུན་ནས་གནམ་གཤིས་ཇེ་གྲང་དུ་འགྲོ་བའི་རྐྱེན་གྱི་མིའི་རིགས་ཀྱི་མེས་པོ་རྣམས་རི་འདབས་སུ་འཚོ་གནས་ལ་འཚམ་པའི་གནས་འཚོལ་འགོ་བརྩམས་སྟེ། ལོ་ངོ་འབུམ་བཞིའི་ཡན་མན་དུ་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་པ། གངས་ལྗོངས་ས་མཐོ་ལ་བསྡད་ནས་འཚོ་གནས་བྱས་པ་རྣམས་ནི་ད་ལྟའི་བོད་པ་ཚོ་ཡིན། བོད་རིག་པའི་ནང་དུ། སྤྲེལ་དང་བྲག་སྲིན་མོ་གཉིས་འཁྲིག་སྦྱོར་བྱས་ནས་སྤུ་གུ་མི་འདྲ་བ་བཞིའམ་དྲུག་སྐྱེས་པར་གསུངས་པ་དེ་ནི་འཕེལ་འགྱུར་སྨྲ་བའི་ནང་དུ་མིའི་རིགས་རྒྱུད་བཞིའམ་དྲུག་ཡོད་པ་དེ་ལ་གོ་ཆོག་པས། འཕེལ་འགྱུར་གྱི་སྡེ་ཚན་ནི་དངོས་པོ་བྱེ་བྲག་བ་མིན་པར་རིགས་ཚོགས་ཡིན། རིགས་ཚོགས་ཀྱི་ནང་དུ་རྒྱུད་འཛིན་བྱེད་བཞིན་པའི་གཞི་རྒྱུ་དང་དེའི་བྱུང་ཚད། ད་རུང་གཞི་རྒྱུ་ཅན་ཡིན་སྲིད་པ་དང་དེའི་བྱུང་ཚད་ཀྱིས་རིགས་ཚོགས་ངེས་ཅན་ཞིག་གི་གཞི་རྒྱུའི་སྒྲིག་གཞི་གྲུབ་པ། དེ་བས་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་འཕེལ་འགྱུར་སྨྲ་བའི་ནང་དུ་བཏོན་པའི་མིའི་རིགས་རྒྱུད་བཞི (དྲུག) དེ་དོན་དངོས་ཐོག་མིག་སྔར་འཛམ་གླིང་གི་མིའི་རིགས་རྒྱུད་ཆེན་པོ་བཞི (དྲུག) ཞེས་པ་དེ་ཡིན། འདིར་རེ་རེ་བཞིན་ར་སྤྲོད་མི་བྱེད། ཉེ་བའི་ལོ་བཅུ་གྲང་རིང་ལ་རྒྱལ་སྤྱི་རུ་མཁས་པ་མང་པོས་ཐབས་ལམ་སྣ་ཚོགས་སྤྱད་ནས་ཞིབ་འཇུག (DNA) བྱས་པས་འགྲོ་བ་མིའི་རིགས་ནི་མཚོ་བོད་མཐོ་སྒང་ལས་ཆད་པ་སྟེ་ཨ་ཧྥེ་རི་ཁ་ནས་ཆད་པར་མིན་བཏོན།

       རྩོམ་པ་པོ་སྒྲོལ་མ་དོན་གྲུབ་ལག་ནི། མཚོ་སྔོན་གཅན་ཚ་རྫོང་། མཚོ་སྔོན་དགེ་འོས་སློབ་ཆེན་སྐྱེས་དངོས་རིག་ཁག སྐྱེས་དངོས་དངོས་ལུགས་རིག་པའི་ཤེས་རམས་པ། རྒྱལ་སྤྱི་ལ་སྙན་གྲགས་ལྡན་པའི་ཨུ་རུ་སུའི་མི་དམངས་མཛའ་མཐུན་སློབ་ཆེན་གྱི་གསོ་བ་རིག་པའི་ཁག་ལ་སློབ་གཉེར་བྱས། རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ། མཚོ་སྔོན་སློབ་གྲྭ་ཆེན་མོའི་གསོ་བ་རིག་པའི་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ། ཕྱི་རྒྱལ་དུ་གསོ་བའི་རིག་རྩོམ་དགུ་དཔེ་སྐྲན་བྱས་ནས་འགྲེམ་པ།

ཚ་ལུ་མའི་དྲ་གནས་ལས་དྲངས།

ཐེངས་ 4214102 བཀླགས་འདུག