Donate

གཏེར་ཁ་སྔོག་འདོན་གྱིས་ལྷ་ས་སྐྱིད་ཆུ་འབག་བཙོག་བཟོས་པ།

གཏེར་ཁ་སྔོག་འདོན་གྱིས་ལྷ་ས་སྐྱིད་ཆུ་འབག་བཙོག་བཟོས་པ།

རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ལྷ་ས་ཁུལ་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཟི་ཕུག་གྲོང་ཚོ་འགའ་རུ་གཏེར་ཁའི་ལས་དོན་གྱི་རྐྱེན་པས་ད་ཆ་དུག་ཆུ་རྣམས་རྒྱུན་གཏན་གྱི་མི་དང་སེམས་ཅན་གྱི་འཐུང་ཆུའི་ནང་དུ་རྒྱུགས་བཞིན་ཡོད་པ་མ་ཟད། དུག་ཆུ་དེས་རྐྱེན་པས་སྐམ་ལ་གནས་པའི་སེམས་ཅན་མང་པོ་ཆུ་དེ་བཏུང་བའི་རྐྱེན་གྱིས་འཆི་བ་དང་ཆུ་ནང་གི་འབུ་སྲིན་དང་ཉ་རིགས་རྣམས་ཀྱང་ཧ་ལམ་ཤི་ཚར་ནས་ད་ཆ་མི་མངོན་པའི་གནས་སུ་ལྷུང་ཡོད་ལ། ཆུ་དེ་ཞིང་པ་འཚོའི་འཚོ་རྟེན་ཞིང་ཁར་འདྲེན་སྐབས་ལོ་ཏོག་མ་སྐྱེས་པ་སོགས་ཀྱི་ཐབས་སྐྱོ་བའི་གནས་བཏང་ཞིག་ཏུ་ལྷུང་འདུག། བཟི་ཕུག་གྲོང་ཚོའི་གྲོང་མི་རྣམས་ནི་ཞིང་འབྲོག་གཉིས་ཀྱི་འཚོ་རྟེན་ལ་བརྟེན་དགོས་སྐབས་དེ་ལ་ཆུ་རྣམས་དྭངས་གཙང་ཞིག་མེད་ན་འཚོ་བ་སྤྱི་འདྲ་ཞིག་ཏུ་གྱུར་ངེས། དེ་ལས་ཚབས་ཆེ་བའི་གནད་དོན་ཞིག་ལ་ཆུ་དེ་མལ་གྲོ་གཙང་ཆུ་རྒྱུད་ནས་ལྷ་ས་སྐྱིད་ཆུའི་ནང་དུ་རྒྱུགས་པ་དང་དེ་ནས་ཡར་ཀླུང་གཙང་པོའི་ནང་དུ་རྒྱུགས་ནས་ཐར་བལ་ཡུལ་དང་རྒྱ་གར་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་ནང་དུ་རྒྱུགས་བཞིན་ཡོད་པས་འཛམ་གླིང་ཀུན་ལ་གནོད་ཚབས་ཆེ་བའི་གཏེར་དོན་ལས་གཞི་དེ་རིགས་ལ་འཛམ་གླིང་མི་དམངས་རྣམས་ཀྱི་བཀག་འགོག་གནང་རྒྱུར་རོགས་རམ་དང་འབོད་བསྐུལ་ཞུ་ཡིན་ཡོད།
这是西藏拉萨市墨竹工卡县扎西岗乡斯布沟的水,现在严重的污染,严重到当地的很多村民都不能饮用这个水,甚至现在这个水危害到畜牧和草场,很多草场都不能割草,对百姓来说这是很大的灾难,但当地的很多百姓对这个问题上,给上面有关部门报告了很多次,可是到现在还是没任何解决与措施,还述说这是自然灾害,你们想想这个大河是我们祖先都喝这个水来的,为什么这几年污染的这么严重,难道这是自然灾害吗?出了这么大的事也难道有关部门领导都不管吗?国法何在,你们常说的环境保护何在,公平何在,难道这是你们对老百姓常说的国法吗?和谐社会吗? 希望大家为了无依靠的老百姓转一下

Environment of Lhasa 4 Environment of Lhasa 5 Environment of Lhasa 7 Environment of Lhasa 8 Environment of Lhasa

ཐེངས་ 42191 བཀླགས་འདུག