Donate

གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་གཟིག་རྣམས་ས་ཁུལ་གྲང་སར་བསྐྱོད་བཞིན་པ།

གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་གཟིག་རྣམས་ས་ཁུལ་གྲང་སར་བསྐྱོད་བཞིན་པ།

བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་དྲོད་ཁུལ་གྱི་གཟིག་རྣམས་གངས་གཟིག་འཚོ་སའི་ས་ཁུལ་དུ་འདེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་སའི་གོ་ལའི་གནམ་གཤིས་ཧ་ཅང་མགྱོགས་མྱུར་ངང་འགྱུར་བཞིན་པར་བརྟེན། འཛམ་གླིང་གི་ཁྱོན་ན་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་ལ་ཚབས་ཆེན་གྱི་མཇུག་འབྲས་ངན་པ་ཐོན་སྲིད་པའི་ཉེན་ཁ་ཕྲད་པ་དང་། ལྷག་པར་དུ་འཕྲུལ་ཆས་སོགས་ཀྱི་འུར་དིར་གྱི་སྒྲ་ཤིན་ཏུ་ཆེ་ས་དང་། ཁོར་ཡུག་ལ་གཏོར་སྐྱོན་ཐེབས་ཟིན་པའི་ཁུལ་སོགས་སུ་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་ལ་འཇིག་ཉེན་འཕྲད་བཞིན་པ་ཡིན་འདུག

ཉེ་བའི་ཆར་བོད་མཐོ་སྒང་གི་རི་བོ་མཐོ་པོ་ཞིག་གི་སྒང་ནས་གངས་གཟིག་གཅིག་པར་དུ་ཐེབས་ཡོད་པ་དེས། འཚོ་གནས་ལ་ཉེན་ཁ་ཕྲད་ཟིན་པའི་ས་བབ་དམའ་ལ་དྲོད་བའི་ས་ཁུལ་གྱི་གཟིག་རྣམས་གནམ་གཤིས་གྲང་སའི་ཁུལ་དུ་གནས་སྤོ་བའམ་འཁྱམ་ནས་འགྲོ་བཞིན་ཡོད་པའི་ཚོད་དཔག་དེར་བདེན་དཔང་ར་སྤྲོད་བྱས་པ་ཞིག་རེད་ཅེས་སོགས་བཀོད་འདུག

 

བོད་ཀྱི་གསར་ཁང་། (Tibetan Journal) དུ་ཨིན་ཡིག་ནང་བཀོད་འདུག་པ་ལས་བོད་བསྒྱུར་བྱས།

ཐེངས་ 42355 བཀླགས་འདུག