Donate

གནམ་གཤིས་འགྱུར་ལྡོག་དང་བོད་མཐོ་སྒང་གི་འབྲེལ་བ།

བོད་མཐོ་སྒང་གི་ཚ་དྲོད་ལོ་ངོ་བཅུ་ཕྲག་རེ་ལ་ཚ་ཚད་ (Celsius) ༠་༣ རེ་རྒྱུན་ལྡན་འཕར་གྱི་ཡོད་པ་ནི་གོ་ལའི་ཚ་དྲོད་འཕར་ཚད་སྤྱི་སྙོམ་ལས་ལྡབ་གཉིས་མང་བ་ཡིན། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ཐད་བོད་མཐོ་སྒང་གིས་ཤིན་ཏུ་གལ་གནད་ཆེ་བའི་ལས་དོན་ཞིག་སྒྲུབ་ཀྱིན་ཡོད་པ་ཚན་རིག་པས་ཉེ་ཆར་ཤེས་གསལ་བྱུང་འདུག

བོད་མཐོ་སྒང་ནི་དབྱར་དུས་སུ་བར་སྣང་གི་ཚ་དྲོད་འཐེན་བྱེད་( Heat Sink) གལ་ཆེན་ཞིག་ཡིན་པ་དཔེར་ན། བོད་མཐོ་སྒང་འདི་ནི་གོ་ལའི་སྟེང་གི་མཐོ་སྒང་གཞི་རྒྱ་ཆེ་ཤོས་དང་མཐོ་ཤོས་དེ་ཡིན་སྟབས་ཉི་ཟེར་གྱི་ཚ་དྲོད་ཡུལ་གྲུ་གཞན་ལས་ལྡབ་འགྱུར་གྱི་ཚ་བའམ་དྲོ་བ་ཡོད། དེར་བརྟེན་མཐོ་སྒང་འདིར་དཔྱིད་དུས་སུ་ཚ་དྲོད་འཕྲལ་དུ་རྒྱས་ནས་བར་སྣང་(Troposphere) ཡང་ཐད་ཀར་ཚ་བོར་བཟོས་སྟབས་རླུང་བུའི་སྒྱུར་ཕྱོགས་ལ་འཕོ་འགྱུར་ཆེན་པོ་ཐེབས་ཀྱིན་ཡོད།བྱ་བའི་རྒྱུད་རིམ་འདིས་ཁྲོད་བོད་མཐོ་སྒང་སྟེང་གི་ཚ་རླུང་ཡང་མོ་བར་སྣང་ལས་མཐོ་རུ་མཐོ་རུ་སོང་བའི་སྐབས་སུ་འོག་གི་བར་སྟོང་ནང་རྒྱ་གར་རྒྱ་མཚོ་དང་བྷེང་གྷལ་མཚོ་ཁུགས་ཀྱི་མཁའ་དབྱིངས་སུ་ཆགས་པའི་ཆར་རླུང་ངམ་ཆར་སྤྲིན་ཏུན་ས་ཡ་མང་པོ་ཤུགས་ཀྱི་འཐེན་པའམ་རྔུབ་འདྲེན་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཆར་རླུང་འདི་བོད་མཐོ་སྒང་དུ་རྒྱུ་བའི་ལམ་བུ་འགོག་གི་ཡོད་སྟབས་རྒྱ་གར་གཙོས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ཏུ་ཆར་དུས་ཀྱི་ནམ་ཟླ་(Monsoon Season) ཞེས་པ་དེ་འབྱུང་གི་ཡོད།
དེར་བརྟེན་དབྱར་དུས་སུ་བོད་མཐོ་སྒང་དུ་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་གྱིས་བྱང་ཕྱོགས་ཕྱེད་གོ་ལའི་ཚ་ཡུལ་ (Subtropic of Northern Hemisphere) དང་། ཆར་དུས་ས་ཁུལ་ ( Monsoon Regions) ཀྱི་གནམ་གཤིས་ཙམ་མིན་པར་གོ་ལ་ཧྲིལ་པོའི་ནམ་ཟླའི་འཁོར་སྐྱོད་(Seasonal Change) ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་གསལ་བོར་གྱུར་ཡོད། ཕྱི་དྲིལ་ཁོར་ཡུག་ཚན་པས་མཁོ་འདོན་དང་ཕྱི་ལོ་༢༠༡༢ལོར་སྤེལ།

ཐེངས་ 42189 བཀླགས་འདུག