Donate

གནའ་བོའི་ཤིང་སྡོང་ལས་གནམ་གཤིས་འགྱུར་ལྡོག་ཤེས་རྟོགས་བྱུང་བ།

ལོ་ངོ་ ༣༥༠༠ ནང་། ཉེ་བའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནི་བོད་མཐོ་སྒང་གི་སྐམ་ས་ཕྱེད་ཀ་བཞའ་ཚན་ཆེས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་ལུགས་ཟིན་ཐོ་བཀོད་པ་དང་། ཉམས་ཞིབ་པ་ཚོས་ད་དུང་ཚ་དྲོད་དེ་ལས་ཀྱང་ཆེ་རུ་འགྲོ་ནས། གྲགས་ཅན་གྱི་ཨེ་ཤ་ཡའི་ཆུ་བོ་ཁག་གི་འགོ་ཁུང་སྟེ། བོད་མཐོ་སྒང་དུ་དྲག་ཆར་ཤུགས་ཆེ་འབབ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

Rings of Treeདབྱིན་ཡུལ་གྱི་ཤར་ཨན་ལི་ཨ་གཙུག་ལག་སློབ་གཉེར་ཁང་ (UEA) གི་ཉམས་ཞིབ་པ་དང་། ཨ་རིའི་རྒྱལ་ཡོངས་ཚན་རིག་ཞིབ་འཇུག་གི་དྲ་ཐོག་ཚན་རིག་དུས་དེབ་ཀྱི་རྒྱ་རིགས་ཉམས་ཞིབ་པ་ཚོས། ཕྱི་ལོ་ ༢༠༡༠ ལོའི་བོད་བྱང་ཤར་ཁུལ་ནི་འདས་པའི་ལོ་ངོ་ ༣༥༠༠ རིང་གི་བཞའ་ཚན་ཆེ་ཤོས་ཤིག་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

ཉམས་ཞིབ་པ་ཚོས་འགྱུར་རྡོ་གསར་མ་ (Sub-fossil) དང་། གནའ་རྫས། རྒྱུན་ལྗང་ལྗོན་ཤིང་ (Living juniper) སོགས་ལས་ཉམས་ཞིབ་བྱས་པ་བརྒྱུད། ཉེ་བའི་ལོ་ངོ་ ༥༠ ནི་བོད་མཐོ་སྒང་གི་ལོ་རྒྱུས་ཐོག་གངས་ཆར་འབབ་ཚད་མཐོ་ཤོས་དེ་ཡིན་པར་ངོས་འཛིན་གནང་འདུག

ཤིང་སྡོང་གི་ཤིང་སྙིང་བང་རིམ་འཕེལ་སྟངས་ལས། བཞའ་ཚན་ཆེ་ཆུང་མངོན་གྱི་ཡོད་ཅིང་། དེས་ཉེ་བའི་ལོ་ངོ་ ༥༠ ནང་ཆར་ཞོད་འབབ་ཚད་མཐོ་ཤོས་དེ་བྱུང་བར་ཤེས་རྟོགས་གསལ་པོ་ཐུབ་ཡོད་འདུག

དབྱིན་ཡུལ་གྱི་ཤར་ཨན་ལི་ཨ་གཙུག་ལག་སློབ་གཉེར་ཁང་གི་གནམ་གཤིས་ཉམས་ཞིབ་པ་སྐུ་ཞབས་ཊེམ་ཨོ་སི་བྷོར་ནུ་ (Tim Osborn) ལགས་ཀྱིས། ང་ཚོས་རྒྱ་ནག་ནས་ཚན་རིག་པ་དེ་དག་དང་མཉམ་ལས་ཞིབ་འཇུག་བྱས་པར་ཕན་འབྲས་ཆེན་པོ་ཐོན་སོང་།

ཁོང་ཚོའི་བརྒྱུད་གྲང་ངར་དང་སྐམ་ཤས་ཆེ་བའི་བོད་མཐོ་སྒང་གི་བྱང་ཤར་ཁུལ་གྱི་དུས་ཡུན་རིང་བའི་ཤིང་སྡོང་གི་ད་ལྟའི་ཆར་ཤིང་སྙིང་བང་རིམ་འཕེལ་ཕྱོགས་ཀྱི་ཟིན་ཐོ་གང་འདྲ་ཡིན་མིན་ཤེས་རྟོགས་ཐུབ་སོང་།

ཤིང་སྡོང་ ༡༠༠༠ ལྷག་ཙམ་གཞིར་བཅོལ་ནས་ཉམས་ཞིབ་བྱས་ཤིང་། ཟིན་ཐོ་འདི་ནི་ཧ་ཅང་རྒྱུན་རིང་ཞིག་མིན་ན་ཡང་། ཤིང་སྡོང་འགའ་ཤས་ཀྱི་འཚོ་ཚད་༼ཚེ་ཚད་༽ ནི་ལོ་ངོ་ ༢༠༠༠ ལྷག་ཙམ་ཡིན་སྟབས། ཤིང་སྡོང་འདི་དག་འཛམ་གླིང་ཐོག་འཚོ་ཚད་རིང་ཤོས་ཤིག་ཆགས་ཡོད་པ་རེད་ཅེས་གསུངས་འདུག

ཡང་སྐུ་ཞབས་ཨོ་སི་བྷོར་ནུ་ལགས་ཀྱིས་ཤིང་སྡོང་འདི་དག་ནི་འཚོ་ཚད་རིང་ཤོས་ཁོ་ན་ཙམ་མིན་པར། ཤིང་སྡོང་འདི་དག་ནི་གནམ་གཤིས་འགྱུར་ལྡོག་གང་འདྲ་བྱུང་ཡོད་མེད་ཐད་ཤེས་རྟོགས་བྱེད་པར་ཕན་ཐོགས་ཆེན་པོ་འདུག་ཅེས་གསུངས་འདུག

ཤིང་སྙིང་གི་བར་རིམ་དེ་དག་བཞའ་ཚན་ཆེ་བའི་དུས་སྐབས་སུ་འཕེལ་ཚད་རྒྱ་ཆེ་བ་ཡོད་ཅིང་། སྐམ་ཤས་ཆེ་བའི་དུས་སྐབས་སུ་འཕེལ་ཚད་རྒྱ་ཆུང་བ་ཡོད་འདུག

ཐེངས་ 42200 བཀླགས་འདུག