Donate

གོ་ལ་ཧྲིལ་པོའི་རྡུལ་ཕྲན་བདེ་འཇགས་འོག་གི་ཉེན་ཁ་དང་མཉམ་ལས།

རྡུལ་ཕྲན་བདེ་འཇགས་ཀྱི་འགོ་ཁྲིད་ལྷན་ཚོགས་ཐོག་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་བདེ་འཇགས་ལྡན་པའི་རྡུལ་ཕྲན་གྱི་འབྱུང་འགྱུར་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོ་རྒྱུར་འཛམ་གླིང་གིས་རེ་སྒུག་བྱེད་བཞིན་ཡོད།

BJLཕྱི་ལོ་༢༠༡༦ ལོའི་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས། སྐབས་བཞི་པའི་རྡུལ་ཕྲན་བདེ་འཇགས་འགོ་ཁྲིད་ལྷན་ཚོགས་དེ་ཟླ་༤ པའི་ཚེས་༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་མཇུག་བསྡུས་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་མཉམ་འབྲེལ་སྙན་ཐོའི་ནང་། སྐབས་སོ་སོའི་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས་ཐོག་ནས་རྡུལ་ཕྲན་དང་འགྱེད་འཕྲོ་རང་བཞིན་གྱི་འཇིགས་སྐུལ་ཉེན་ཁའི་ངོས་འཛིན་མཐོར་ཕྱིན་ཡོད་པ་མ་ཟད། རྡུལ་ཕྲན་བདེ་འཇགས་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་བཀོད་སྒྲིག་མང་པོ་ཡར་རྒྱས་འཐུས་ཚང་དུ་གཏོང་སྟེ། དོན་སྙིང་ལྡན་པ་དང་ཡུན་གནས་ཀྱི་ལེགས་བཅོས་བྱས་ཡོད་ལ། ཕྱོགས་སོ་སོའི་རྡུལ་ཕྲན་བདེ་འཇགས་ཀྱི་གྲུབ་ཆ་ལ་ཤུགས་སྣོན་རྒྱག་ཡོད་ཅེས་སོགས། སྲིད་འཛིན་ཨོ་བྷ་མས་ལྷན་ཚོགས་མཇུག་བསྡུས་པའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་ཐེངས་འདིའི་ཚོགས་འདུའི་གྲུབ་འབྲས་ཁག་ཅིག་གསལ་བཤད་བྱས་འདུག

དབྱེ་ཞིབ།

འདས་པའི་མི་ལོ་བཅུ་གྲངས་ཁ་ཤས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རྡུལ་ཕྲན་བདེ་འཇགས་ཤུགས་སྣོན་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་སྟེ། གོ་མཚོན་རིམ་པའི་lutonium ཕུ་ལུ་དང་ HEU ཡུ་གར་པོ་ལྡན་པའི་རྒྱལ་ཁབ་རིམ་བཞིན་ཉུང་དུ་ཕྱིན་པ་དང་། རྡུལ་ཕྲན་ཡོད་པའི་རྒྱལ་ཁབ་ཀྱིས་ཀྱང་ཉིང་རྡུལ་རྒྱུ་ཆའི་གྲངས་འབོར་དང་འཇོག་ཡུལ་ཉུང་དུ་བཏང་བ། དེ་བཞིན་རྒྱལ་ཁབ་མང་པོ་ཞིག་གིས་རྡུལ་ཕྲན་རྒྱུ་ཆའི་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཉིང་རྡུལ་ལྐོག་ཚོང་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

འོན་ཀྱང་། དེ་དང་དུས་མཚུངས་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཁ་ཤས་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་། འཇིགས་སྐུལ་རིང་ལུགས་པས་རྡུལ་ཕྲན་གྱི་ཉེན་ཁ་བཟོ་ཚད་དེ་སྔོན་ལས་དེ་བས་ཆེ་རུ་ཕྱིན་ཡོད།

ཆེད་མཁས་པས་མ་གཞི་མིག་སྔར“ཁ་ཆེའི་རྒྱལ་ཁབ”ལ་རྡུལ་ཕྲན་གོ་མཚོན་བཟོ་བའི་ནུས་པ་ཡོད་པའི་ཐད་ཀའི་དཔང་རྟགས་མེད་མོད། འོན་ཀྱང་འབྱུང་འགྱུར་ཁོང་ཚོར་ནུས་པ་དེ་ལྟ་བུ་ལྡན་མི་སྲིད་ཅེས་ཁ་ཚོན་གཅོད་དེ་བཤད་མི་ཐུབ་པ་ཞིག་ཡིན་སྐོར་བརྗོད།

ཧ་ཝ་ཌི་སློབ་གྲྭ་ཆེན་མོའི་རྡུལ་ཕྲན་བདེ་འཇགས་ཁྱབ་ཁོངས་ཀྱི་དགེ་རྒན་ཆེ་མོ་བྷང་ཨེན་གྱིས་བརྗོད་པ་ལྟར། “འབྱུང་འགྱུར་འཇིགས་སྐུལ་རིང་ལུགས་པས་ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་འཇབ་རྒོལ་གྱི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་ང་ཚོས་བཤད་མི་ཐུབ། ལོ་གཉིས་གོང་ཧོ་ལན་ཌི་རུ་འཚོགས་པའི་རྡུལ་ཕྲན་བདེ་འཇགས་ལྷན་ཚོགས་ལ་ཕྱིར་མིག་ཅིག་བལྟས་ཚེ། སྐབས་དེ་དུས་ཀྱི་“ཁ་ཆེའི་རྒྱལ་ཁབ་”ནི་སྐད་གྲགས་མེད་པའི་སྒྲིག་འཛུགས་ཤིག་ཡིན་ནའང་། ད་ཆ་སྒྲིག་འཛུགས་དེ་རྒྱལ་སྤྱི་རང་བཞིན་གྱི་གལ་གནད་ཅན་ཞིག་ཏུ་གྱུར་ཏེ་ཨི་རག་དང་སི་རི་ཡའི་མངའ་ཁོངས་ཕལ་ཆེ་བ་བཙན་བཟུང་བྱས་ཡོད། མིག་སྔར་ཨ་རི་གཙོས་པའི་སྲིད་གཞུང་གི་ཞིབ་འཇུག་སྙན་ཐོ་ཁ་ཤས་ནང་གལ་ཏེ“ཁ་ཆེའི་རྒྱལ་ཁབ”ལྟ་བུའི་འཇིགས་སྐུལ་སྒྲིག་འཛུགས་ལ་གོ་མཚོན་རིམ་པའི་ཕུ་ལུ་དང་ཡུ་གར་པོ་ཐོབ་ཚེ་ཁོང་ཚོས་ཤི་རྨས་ཚབས་ཆེའི་མཚོན་ཆ་བཟོ་སྲིད་པ་རེད།

ཉེན་ཁའི་ཕྱོགས་དེ་རིགས་ལས་རྒྱལ་ཁབ་སོ་སོའི་ནང་ཕྱོགས་འགལ་གྱི་བསམ་བློ་མེད་པའི་ཐོག་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ཏེ། མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་འབད་བརྩོན་གྱིས་རྡུལ་ཕྲན་རྒྱུ་ཆ་དེ་དག་འཇིགས་སྐུལ་རིང་ལུགས་པའི་ལག་ཏུ་མི་ཐེབས་པའི་འགན་ལེན་བྱ་རྒྱུར་སྐུལ་མ་ཐེབས་ཡོད།

ཐེངས་འདིའི་རྡུལ་ཕྲན་བདེ་འཇགས་འགོ་ཁྲིད་ལྷན་ཚོགས་རིང་ད་དུང“ཁ་ཆེའི་རྒྱལ་ཁབ”ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུར་གྲོས་བསྡུར་གཏིང་ཟབ་བྱེད་པའི་དམིགས་བསལ་ཚོགས་འདུའི་ཐོག ཇི་ལྟར་བྱས་ཏེ་རྡུལ་ཕྲན་སྒྲིག་བཀོད་ཀྱི་བདེ་འཇགས་རང་བཞིན་ལ་ཤུགས་སྣོན་རྒྱག་པ་དང་། དེ་བཞིན་ཇི་ལྟར་བྱས་ཏེ་འཇིགས་སྐུལ་སྒྲིག་འཛུགས་ལ་རྫས་འགྱུར་རམ་ཡང་ན་འགྱེད་འཕྲོའི་རང་བཞིན་གྱི་རྒྱུ་ཆ་ཐོབ་རྒྱུ་བཀག་འགོག་བྱེད་དགོས་པའི་སྐོར་གླེང་སློང་བྱས་ཡོད་པ་རེད།

ཚོགས་ཞུགས་སྐུ་མགྲོན་ཞིག་གིས་བཤད་པ་ལྟར་གྲོང་ཁྱེར་གང་རུང་ཞིག་ལ་གལ་ཏེ་རྡུལ་ཕྲན་གྱི་འཇིགས་སྐུལ་རིང་ལུགས་པའི་འཇབ་རྒོལ་ཕོག་ཚེ་འཛམ་གླིང་ཡོངས་ཀྱི་གནས་བབ་ལ་འགྱུར་ལྡོག་འགྲོ་སྲིད། གནས་ཚུལ་དེའི་མདུན་དུ་རྒྱལ་ཁབ་ཁག་དང་ཐ་ན་མིའི་རིགས་ཡོངས་ཀྱི་ལས་དབང་གཅིག་མཐུན་ཡིན་ཞིང་། དེར་བརྟེན། ཇི་ལྟར་བྱས་ཏེ་ཉེན་ཁ་དེ་དག་མེད་པ་བཟོ་རྒྱུ་ནི་རྒྱལ་ཁབ་ཚང་མས་ངེས་པར་དུ་གཟབ་ནན་ངང་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་རེད།

རྡུལ་ཕྲན་བདེ་འཇགས་ཀྱི་འགོ་ཁྲིད་ལྷན་ཚོགས་ཐོག་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་བདེ་འཇགས་ལྡན་པའི་རྡུལ་ཕྲན་གྱི་འབྱུང་འགྱུར་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོ་རྒྱུར་འཛམ་གླིང་གིས་རེ་སྒུག་བྱེད་བཞིན་ཡོད།།

བོད་ཀྱི་བང་ཆེན་ལས་དྲངས།

ཐེངས་ 42268 བཀླགས་འདུག