Donate

གོ་ལའི་ཚ་དྲོད་འཕར་བ།

གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྲིད་གཞུང་ནང་ཁུལ་གྲོས་མོལ་ལྷན་ཚོགས་ཀྱིས་བཤད་པ་ལྟར་ན། འདས་པའི་ལོ་བརྒྱ་ཕྲག་གཅིག་གི་ནང་ས་གཞིའི་ཕྱི་ངོས་ཀྱི་སྤྱི་སྙོམ་དྲོད་ཚད་དེ་སེལ་ཤས་ ༠.༧༤ འཕར་ཡོད་པ་དང་།
འདས་པའི་ལོ་ངོ་ལྔ་བཅུའི་རིང་ཨར་ཊིག་དང་ཨེན་ཊར་ཊིག་སྟེ། གོ་ལའི་ལྷོ་བྱང་གི་སྣེ་མོ་གཉིས་སོ་སོར་ལོ་བཅུ་ཕྲག་རེར་ཚ་དྲོད་སེལ་ཤས་ ༠.༢ དང་༠.༥ འཕར་ཡོད། ཚ་དྲོད་ལྡན་པའི་དཔྱིད་ཀ་དང་དབྱར་ཁའི་ནམ་དུས་ལས་དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་དུས་སྐབས་ཀྱི་ལྷག་རླུང་གི་ཚ་དྲོད་འཕར་བའི་གནས་སྟངས་དེས། ལོ་རེའི་ས་སྟེང་གི་སྤྱི་སྙོམ་ཚ་དྲོད་འཕར་རྒྱུར་རྒྱུ་རྐྱེན་ཆེ་བ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ལྷག་པར་དུ་བོད་མཐོ་སྒང་གི་གནས་སྟངས་བཤད་ན། དགུན་དུས་གྲང་ངར་ཆེ་བའི་དུས་ལྷག་རླུང་གི་སྤྱི་སྙོམ་དྲོད་ཚད་འཕར་བ་དེས། ནམ་དུས་རྗེས་འབྲེལ་གྱི་འཁྱགས་སས་ཁྱབ་པའི་ཡུལ་ལྗོངས་ལ་འགྱུར་ལྡོག་ཤུགས་ཆེ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་བྱེད་ཀྱི་ཡོད། ཡང་ཕྱི་ལོ་ ༢༠༠༧ ལོར་ཅིན་དང་ཁོང་གི་ལས་རོགས་ཚོས་བྱས་པའི་ཉམས་ཞིབ་གཞན་ཞིག་ཏུ། བོད་མཐོ་སྒང་གི་ས་གཞིའི་ཁ་རིམ་གྱི་ཚ་དྲོད་དེ་འགྱུར་ལྡོག་འགྲོ་བཞིན་པ་དང། གཏན་འཁྱགས་རྗེས་མཐུན་གྱི་ཚ་དྲོད་མངོན་གསལ་དོད་པོར་འཕར་བཞིན་པར་བརྟེན། གཏན་ཆགས་འཁྱགས་རིམ་གྱི་རྒྱ་ཁྱོན་འཁུམ་ཟད་དུ་འགྲོ་བཞིན་ཡོད། དཔེར་ན། ཁྲོན་བོད་གཞུང་ལམ་གཙོ་བོའི་ཉེ་འགྲམ་གྱི་ལྷོ་ཕྱོགས་ཀྱི་གཏན་ཆགས་འཁྱགས་རིམ་རྫོགས་མཚམས་ནས་བྱང་ཕྱོགས་སུ་སྤྱི་ལེ་བཅུ་འཁུམ་ཟད་དུ་ཕྱིན་ཡོད་པ་དང་། བྱང་ཕྱོགས་ཀྱི་གཏན་ཆགས་འཁྱགས་རིམ་རྫོགས་མཚམས་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་འཁུམ་ཟད་དུ་ཕྱིན་ཡོད་པ་མཟད། ད་དུང་ཁོང་ཚོས་འདས་པའི་ལོ་ངོ་བཅོ་ལྔའི་(༡༩༨༢ ནས་ ༡༩༩༧)རིང་ཁུ་ནུ་རི་རྒྱུད་ཀྱི་མི་ཊར་ ༦ ནས་ ༡༥
བར་གྱི་ས་འོག་གི་དྲོད་ཚད་དེ་སེལ་ཤས་ ༠.༢ ནས་ ༠.༤ བར་འཕར་ཡོད་པ་བཤད་ཡོད།
ཁོར་ཡུག་དང་འབྲེལ་བའི་རང་དབང་རྩོམ་པ་པོ་ཕིལ་མེཀ་ཀནེ་ན་(Phil Mckenna) ཡིས། བོད་ཀྱི་གནམ་གཤིས་བརྟག་དཔྱད་ཁང་གིས་ཕྱི་ལོ་ ༢༠༠༧ ལོར་གསལ་ཁ་སྟོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལོ་རེའི་གནམ་གཤིས་ཀྱི་སྤྱི་སྙོམ་དྲོད་ཚད་དེ་ལོ་རབས་རེར་གོ་ལ་སྤྱིའི་སྤྱི་སྙོམ་འཕར་ཚད་ཀྱི་ལྡབ་གཅིག་ཏེ་སེལ་ཤས་ ༠.༣ འཕར་བཞིན་ཡོད་པ་བརྗོད་འདུག
གནས་སྟངས་འདི་ལྟར་འོག་གོ་ལའི་སྣེ་མོ་གསུམ་པར་ཆ་འཛིན་བྱེད་བཞིན་པའི་བོད་དེ་ཡང་། གོ་ལའི་ལྷོ་བྱང་གི་སྣེ་མོ་གཉིས་དང་མཚུངས་པར་ཉེན་ཚབས་ཧ་ཅང་ཆེ་བའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གྱི་གནས་སུ་ལྷུང་བཞིན་གོ་ལའི་ཚ་དྲོད་ཀྱི་རྟགས་མཚན་ཁག་སྤྱི་ཡོངས་ཀྱིས་ངོས་འཛིན་གསལ་པོ་མ་ཐོབ་པའི་ཆེས་སྔ་རོལ་ཏེ། ཕྱི་ལོ་ ༡༩༧༠ འགོ་སྟོད་ནས་བོད་མཐོ་སྒང་དུ་གློ་བུར་ཚ་དྲོད་འཕར་བའི་མྱོང་ཚོར་བྱུང་ཡོད།
ཡོད། ཕྱི་ལོ་ ༢༠༠༨ ལོའ་ིབོད་ཀྱི་རྒྱལ་ས་ལྷ་སའི་སྤྱི་སྙོམ་དྲོད་ཚད་དེ་སེལ་ཤས་ ༨.༧༥ ལ་བསླེབས་ཡོད་པ་ཐོ་འགོད་བྱས་ཡོད། འགྱུར་བ་འདི་འདས་པའི་ལོ་ངོ་༣༠ (༡༩༥༠ ནས་ ༡༩༨༠) རིང་གི་སྤྱི་སྙོམ་དྲོད་ཚད་སེལ་ཤས་༧.༤ ཡིན་པའི་གནས་སྟངས་དང་བསྡུར་ན། བོད་མཐོ་སྒང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོས་གསལ་སྟོན་བྱས་ཡོད། འདི་ལྟར་ཚ་དྲོད་འཕར་བཞིན་པའི་གནས་སྟངས་འདིས་ནམ་དུས་རྗེས་འབྲེལ་གྱི་གཏན་ཆགས་འཁྱགས་རིམ་དང་འཁྱགས་རོམ་ཁག་གི་བཞུར་དུས་ཇེ་མྱུར་དུ་འགྲོ་བཞིན་པ་རེད། ད་དུང་དྲོད་ཚད་འཕར་བའི་རྐྱེན་གྱིས་གཙང་ཆུ་དང་ཆུ་རྒྱུད་ས་ཁུལ་གྱི་རླངས་འགྱུར་ཚད་གཞིར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུ་ཡིན་ཅིང་། འདིས་རྩ་ས་བྱེ་ཐང་དུ་འགྱུར་ཤུགས་ཀྱང་ཆེ་རུ་གཏོང་ངེས་ཡིན།
སྐུ་ཞབས་ཨི་མར་ཛིལ་གྱིས་(Immerzeel) (༢༠༠༨)69 བོད་ཀྱི་ཞིང་པ་ཚོར་སྐྱེ་ཁམས་རྗེས་འབྲེལ་གུན་གསབ་སྤྲད་པ་ཡིན་ན། དེས་འབྱུང་འགྱུར་གྱི་ཆུའི་དཀའ་ངལ་གང་ཙམ་ཞིག་སེལ་ཐུབ་རྒྱུ་ཡིན་པ་བཤད་ཡོད།
གནད་དོན་འདི་ཁོ་པན་ཧེ་གྷན་ཚོགས་ཆེན་སྐབས་ཐག་གཅོད་བྱེད་མཁན་ཕྱི་ལོ་ ༢༠༠༧ ལོའ་ིརྒྱ་ནག་རྒྱལ་ཡོངས་གནམ་གཤིས་འགྱུར་ལྡོག་གི་ལས་འཆར་ནང་བཤད་པ་ལྟར་ན65 ཕྱི་ལོ་ ༢༠༣༠ ནང་ཚུད་བོད་མཐོ་སྒང་གི་རླུང་ཁམས་ཀྱི་ཚ་དྲོད་དེ་སེལ་ཤས་ ༢.༢ ནས་ ༢.༦ བར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག འདི་ལྟར་ན་བོད་མཐོ་སྒང་གི་གཏན་ཆགས་འཁྱགས་རིམ་དང་འཁྱགས་རོམ་བཞུར་བའི་མྱུར་ཚད་དེ་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན་པ་གསལ་འདུག
ཚོས་འབྱུང་འགྱུར་བགྲོ་གླེང་བྱ་གཞིའི་གྲོས་གཞིར་འཁྱེར་དགོས། ང་ཚོའི་ལྟ་སྣང་ལ་གྲང་ངར་ཆེ་བའི་བོད་མཐོ་སྒང་གི་དྲོད་ཚད་འཕར་བའི་གནས་སྟངས་འདི་ཉེན་ཁ་ཡོད་པའི་གནད་དོན་ཞིག་ཏུ་མཐོང་མི་ཐུབ་ཀྱང་། གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་སུ་གྱུར་པའི་གནད་དོན་བྱེ་བྲག་པ་རེ་རེའི་ཐོག་ཞིབ་ཚགས་ཀྱིས་བལྟ་ཞིབ་བྱས་ན། ཉེན་ཚབས་ཧ་ཅང་ཆེ་བའི་མཇུག་འབྲས་ཡོང་རྒྱུ་ངེས་པར་རྟོགས་ཐུབ།
ཉེ་བའི་ལོ་ཤས་རིང་བོད་མཐོ་སྒང་དུ་བུ་ཡུག་དང་རླུང་འཚུབ་ལྟ་བུའི་རྒྱུན་ལྡན་མིན་པའི་དྲག་འཚུབ་ཆེ་བའི་གནམ་གཤིས་ཀྱི་སྣང་ཚུལ་བྱུང་ཡོད།
ཕྱི་ལོ་ ༢༠༠༧ ལོར་བོད་ནུབ་ཕྱོགས་ཀྱི་མངའ་རིས་ས་ཁུལ་དུ་ཉིན་དགུའི་རིང་མུ་མཐུད་དེ་དྲག་རླུང་འཚུབ་པ་དང་ཐལ་རླུང་གི་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་མྱངས་དགོས་བྱུང་ཡོད། འདི་ནི་ཁུལ་དེར་ལོ་ངོ་ཉི་ཤུའི་ནང་གི་འཇིགས་པ་ཆེས་ཆེ་བའི་རླུང་འཚུབ་ཀྱི་ཟིན་ཐོར་འཁོད་ཡོད། ལོ་ངོ་དེ་རང་གི་སྤྱི་ཟླ་ ༧པའི་ནང་མངའ་རིས་ཀྱི་ས་ཁུལ་ཕལ་ཆེ་བར་སྤྱི་སྙོམ་དྲོད་ཚད་སེལ་ཤས་ ༡ནས་ ༢ བར་འཕར་བ་དང་། ཆར་ཞོད་ཀྱི་སྤྱི་སྙོམ་འབབ་ཚད་དེ་བརྒྱ་ཆ་ ༢༠ནས་ ༩༠ བར་ཆག་འདུག བོད་སྟོད་རྒྱུད་ཀྱི་སྐམ་སའི་གནས་བབས་ཀྱི་ངོས་ནས་བཤད་ན། འདི་ནི་བཀྲ་མ་ཤིས་པའི་ཆག་སྒོ་ཆེན་པོ་ཞིག་ཡིན། ཕྱི་ལོ་ ༢༠༠༢ ཕྱི་ཟླ་དང་པོའ་ིནང་མངའ་རིས་ས་ཁུལ་དུ་བུ་ཡུག་གི་གཏོར་སྐྱོན་ཚབས་ཆེན་ཞིག་ཕོག་ཡོད་ལ། མི་ཊར་ ༡་༢ ཙམ་གྱི་གངས་ཞོད་ཆེན་པོ་ཞིག་བབས་ཡོད།71 དེ་དང་མཚུངས་པར་བོད་བྱང་ཤར་ཁུལ་དུ་ཕྱི་ལོ་ ༡༩༩༧ལོར་དབྱར་ཁ་ཐན་པ་བྱུང་བའི་རྗེས་སུ་སྤྱི་ཟླ་ ༩ པའི་ནང་གངས་འཚུབ་ཀྱི་གོད་ཆག་ཆེན་པོ་ཞིག་གིས་འགོ་ལོག་དང་ཡུལ་ཤུལ་ས་ཁུལ་གྱི་འབྲོག་པ་ལྔ་ཁྲི་བརྒྱད་སྟོང་ཙམ་ལ་ཚབས་ཆེའི་གནོད་སྐྱོན་ཕོག་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།
 

ཐེངས་ 42175 བཀླགས་འདུག