Donate

ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཕོག

མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་ཆུ་ལོག་རྒྱུག་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་སེམས་ཅན་ ༡༠༠ ལྷག་བསད་ཡོད་འདུགAmdo Golok 1 འདི་གར་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༦ ཚེས་ ༢༩ ཉིན་གྱི་མཚན་མོ་བོད་ནང་གི་ཆུ་ཚོད་ ༡༢ ཡས་མས་ཤིག་ལ། མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་ཁྱོ་སྐོར་མའི་ནང་དྲག་ཆར་ཤུགས་ཆེན་བབས་པར་བརྟེན། གློ་བུར་དུ་ཆུ་ལོག་རྒྱུག་སྟེ་རྟ་ནོར་སེམས་ཅན་ ༡༠༠ བསད་ཡོད་པ་མ་ཟད། ཁྱོ་སྐོར་མའི་ཧ་ཤང་གི་བུ་མོ་རང་ལོ་ ༤༢ ཡིན་པ་ལྷ་མེ་དང་ཁོང་མོའི་བུ་ཆེ་བ་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ལོ་ན་སུམ་བཅུ་སོ་སྟོད་ཅིག་ཡིན་པའི་ཁོང་མོའི་ཁྱོ་ག་གནས་སྐྱབས་དང་ཁོང་གཉིས་ཀྱི་བུ་ཆུང་བ་ལའང་རྨས་སྐྱོན་ཕོག་སྟེ། ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། བུ་ཆུང་བ་དེ་རང་ལོ་ ༡༣ ཡིན་ཞིང་ཁང་གསར་གསར་དགོན་གྱི་གྲྭ་བ་ཡིན་འདུག
Amdo Golok 2ཕྱི་ཟླ་ ༦ ཚེས་ ༢༦ ཉིན་གྱི་མཚན་མོར་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་ཁོངས་སུ་དྲག་ཆར་བབས་ནས་ཆུ་ལོག་རྒྱུག་སྟེ། ཁྱིམ་ཚང་མང་པོའི་ཁང་བ་དང་ར་སྐོར་སོགས་ལ་གཏོར་སྐྱོན་དང་། སྒོ་ཕྱུག་མང་པོར་ཤི་རྨས་བྱུང་ཡོད་པ་མ་ཟད། རྔ་བ་རྫོང་ནས་ཡིན་པའི་རྒན་རྒོན་དགུང་ལོ་ ༧༠ ལྷག་ཡིན་པ་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཉིན་དེའི་མཚན་མོར་སྨིན་ཐང་ཡུལ་ཚོའི་ནང་དུའང་སེར་བ་ཤུགས་ཆེན་བབས་ཏེ། སེམས་ཅན་ ༢༠ ཙམ་བསད་པ་དང་། ཡུལ་མིའི་སྡོད་ཁང་སོགས་ལའང་གནོད་སྐྱོན་བཟོས་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྨིན་ཐང་དུ་ཆུ་ལོག་གནོད་སྐྱོན་བྱུང་རྗེས། སྨིན་ཐང་ཡུལ་ཚོའི་སྤྲུལ་སྐུ་རྡོ་རྗེ་བརྟན་ལགས་གྱིས་དབུས་འབྲེལ་ཡོད་མི་སྣ་ཆེད་དུ་གནོད་འཚེ་ཐེབས་ཡུལ་དུ་ཕེབས་ཏེ། ཚེ་སྲོག་ཤོར་བའི་མི་ཕྱུག་ལ་བསྔོ་སྨོན་དང་འདས་པོའི་ཁྱིམ་མི་སོགས་ས་གནས་མི་མང་ལ་སེམས་གསོ་གནང་ཡོད་འདུག

གནས་ཚུལ་ཡོང་ཁུངས། བོད་ཀྱི་དུས་བབ།

ཐེངས་ 42250 བཀླགས་འདུག