Donate

ཐའེ་ཝན་ནང་མཚོ་རླུང་གིས་གོད་ཆགས་ཚབ་ཆེན་བཟོས་པ།

ཕྱི་ལོ། ༢༠༡༤ ཟླ། ༧ ཚེས། ༢༤ ཉིན། ཁ་སང་ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་ཐའེ་ཝན་གྱི་མཚོ་ཁུལ་ཁག་ཅིག་ཏུ་མཚོ་རླུང་མཱ་ཌེ་མཱ་ (Matmo) ཞེས་པ་ཞིག་ལྡང་བ་དང་དྲག་ཆར་བབས་པ་སོགས་བྱུང་སྟེ་མི་གཅིག་བསད་པ་དང་གཞན་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པ་དང་ཁང་པ་དང་ལམ་ཁ་སོགས་ལ་གཏོར་སྐྱོན་ཆེན་པོ་བྱུང་ཡོད་འདུག

Taiwanགནས་ཚུལ་དེ་བྱུང་རྗེས་ཐའེ་ཝན་གཞུང་གིས་བཟོ་གྲྭ་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་། གྲོང་ཁྱེར་ཌེ་ཌོན་ (Taitung) གྱི་མཚོ་ཁུལ་དང་མཚོ་ཁུལ་གཞན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ ༡༠༤༠༠ ལྷག་ས་ཆ་གཞན་དུ་གནས་སྤོ་བྱེད་བཅུག་ཡོད་པ་དང་། མཚོ་རླུང་གི་གོད་ཆག་བྱུང་སའི་ས་ཁུལ་དུ་དམག་མི་བཏང་སྟེ་ཉེན་སྐྱོབ་བྱེད་བཞིན་ཡོད་འདུག

འདིའི་ཐད་ཐའེ་ཝན་གནམ་གཤིས་བརྟག་དཔྱད་ཚན་པས། €œདེ་རིང་སྔ་དྲོར་ཐའེ་ཝན་གྱི་ས་ཁུལ་ཁག་ཅིག་ཏུ་ཤུགས་ཚད་ (155 kph) ཡོད་པའི་མཚོ་རླུང་ཞིག་ལྡང་སྟེ་མི་གཅིག་བསད་ཡོད་པ་མ་ཟད། མི་གཞན་ཞིག་བོར་བརླག་ཕྱིན་ཡོད་པ་དང་། དེ་རིང་ཕྱི་དྲོར་མཚོ་རླུང་དེ་ཐའེ་ཝན་གྱི་ནུབ་ཕྱོགས་བརྒྱུད་དེ་རྒྱ་ནག་ནང་རྒྱག་རྒྱུ་རེད། €ཅེས་བརྗོད་འདུག

མཚོ་རླུང་མཱ་ཌ་མཱ་ཞེས་པ་འདི་ནི་བདུན་ཕྲག་སྔོན་མའི་ནང་མཚོ་རླུང་རམ་མཱ་སན་ (Rammasun) ཞེས་པ་ཞིག་ལྡང་སྟེ་ཧྥི་ལི་ཕིན་གྱི་མི་ ༩༧ དང་རྒྱ་ནག་གི་མི་ ༤༦ བསད་པ་མ་ཟད། མི་ ༢༥ གར་སོང་ཆ་མེད་དུ་འགྱུར་བ་སོགས་གནས་ཚུལ་བྱུང་རྗེས་ལ་བྱུང་བ་ཞིག་ཡིན་འདུག

བདུན་ཕྲག་སྔོན་མའི་རྒྱ་ནག་ནང་མཚོ་རླུང་རམ་མཱ་སན་ཞེས་པ་ཞིག་ལྡང་སྟེ། རྒྱ་ནག་ཧེད་ནན་གྲོང་ཁྱེར་གྱི་གྲོང་མི་ ༡༩ དང་ཡེ་མན་གྲོང་ཁྱེར་གྱི་གྲོང་མི་ ༡༨ རྐྱེན་འདས་དང་ཁང་པ་ ༣༧༠༠༠ ཙམ་གཏོར་བཤིག་བཏང་ཡོད་པ་མ་ཟད། ཡུལ་མི་ ༦༢༠༠༠༠ གནས་སྤོ་བྱེད་དགོས་བྱུང་བ་དང་། གཞན་ཡུལ་མི་ ༢༥༢༠༠༠ ལྷག་ལ་ཛ་དྲག་ཉེན་ཡོལ་གྱི་སྐྱོབ་གསོ་སྤྲོད་དགོས་བྱུང་ཡོད་འདུག

གནམ་གཤིས་ཆེད་མཁས་པ་ཇོན་ཁེ་སན་ལགས་ཀྱིས། ད་ལྟ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་མཚོ་རླུང་མང་ཤོས་རྒྱག་ཡུལ་ཞིག་ཆགས་ཡོད་སྟབས། མང་ཚོགས་ཚོས་སྔོན་འགོག་ཡག་པོ་བྱེད་དགོས། €ཞེས་བརྗོད་འདུག

གནམ་གཤིས་ཆེད་མཁས་པ་ཚོས། འཛམ་གླིང་གི་ཚ་དྲོད་འཕེལ་བར་བརྟེན་ཏེ་མཚོ་རླུང་གོད་ཆག་ཡོང་གི་ཡོད་སྟབས། ང་ཚོས་བྱ་སྤྱོད་གཉིས་ཐོག་ནས་ཁོར་ཡུག་ལ་སྲུང་སྐྱོབ་མ་བྱས་ཚེ་མ་འོངས་པར་ད་དུང་དེ་ལས་མང་བའི་རང་བྱུང་གོད་ཆག་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42156 བཀླགས་འདུག