Donate

ཐེ་བོ་ནས་བུད་མེད་གསུམ་རྨས་བ་དང་མི་བཅུ་འཇུ་བཟུང་བྱས་འདུག

ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་ཏན་ག་ཤང་ཁོངས་ཀྱི་གྲོང་གསེབ་ཞིག་གི་བོད་མི་བཅུ་ཕྲག་ཤིག་གིས། ས་གནས་རྒྱ་ནག་སྲིད་གཞུང་ནས་སླར་ཡང་ཁོང་ཚོའི་ས་ཆ་བཙན་འཕྲོག་བྱས་པར་ངོ་རྒོལ་བྱས་སྐབས། རྒྱ་ནག་ཉེན་རྟོག་པས་དྲག་གནོན་བྱས་ཏེ་བུད་མེད་གསུམ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་དང་། དེ་མིན་མི་གྲངས་༡༠འཛིན་བཟུང་བྱས་འདུགIn Tibet Photoདེའི་ཐད་རྒྱ་ནག་གི་དྲ་རྒྱའི་གྲོགས་པོ་ཞིག་གི་སྤེལ་བའི་གནས་ཚུལ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་ས་གནས་སྲིད་གཞུང་ནས་ལོ་མང་སྔོན་ས་ཆ་རྒྱ་ཁྱོན་མུའུ་གཅིག་ལ་རྒྱ་སྒོར་ཁྲི་གཅིག་གི་རིན་གོང་དམའ་པོའི་ཐོག་ནས་ས་གནས་བོད་མིའི་ས་ཆ་འབོར་ཆེན་ཞིག་བླངས་ཡོད་པ་དང་། ཡིན་ནའང་སྐབས་དེར་ས་གནས་སྲིད་གཞུང་གི་གནོན་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་ས་བདག་བོད་མི་ཚོས་ངོ་རྒོལ་བྱེད་ཕོད་མེད་པ་དང་། ཡང་དེ་ནས་ཉེ་ཆར་ས་གནས་སྲིད་གཞུང་གིས་སླར་ཡང་བོད་མི་ཚོའི་ས་ཆ་ཞིག་འཕྲོག་པ་མ་ཟད་། ད་དུང་ས་ཆའི་བདག་པོ་ས་གནས་བོད་མི་ཚོར་རིན་གོང་སྐར་ཟུར་གཅིག་ཀྱང་འཇལ་མེད་པས། དེར་བརྟེན་བཟོད་བསྲན་བྱ་ཐབས་བྲལ་བའི་ས་གནས་བོད་མི་ཚོས་ཉེ་ཆར་སྤྱི་ཟླ་༤་པའི་ཚེས་༡་ཉིན་བཙན་འཕྲོག་བྱས་པའི་ས་ཆའི་ཐོག་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། ས་གནས་སྲིད་གཞུང་ནས་བཙན་འཕྲོག་བྱས་པའི་ས་ཆ་ཚུར་ས་གནས་ཡུལ་མིར་ཕྱིར་བསློག་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད་འདུག
ཡང་སྤྱི་ཟླ་༤པའི་ཚེས་༣ཉིན་གྱི་པོའི་ཞོན་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ཞིག་གི་ནང་། གོང་ཞུས་ས་གནས་བོད་མི་ཚོས་ངོ་རྒོལ་བྱས་མ་ཐག་ཉེན་རྟོག་པ་བརྒྱ་བརྒལ་བ་ཞིག་འབྱོར་ནས་བོད་མིའི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་བྱས་མ་ཟད་། ད་དུང་ཉེན་རྟོག་པས་ཁོང་ཚོར་ཉེས་རྡུང་བཏང་ནས་བུད་མེད་གསུམ་ལ་རྨས་སྐྱོན་ཆེན་པོ་ཕོག་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་དང་། དེ་བཞིན་ཉེན་རྟོག་པས་དེ་མིན་ངོ་རྒོལ་བྱེད་མཁན་མི་གྲངས་བཅུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བཀོད་འདུག
གནས་ཚུལ་དེ་འདྲ་པར་དང་བཅས་ཝེ་པོའོ་ཟིན་བྲིས་སུ་མི་ཞིག་གིས་གནས་ཚུལ་བཀོད་ཡོད་ཀྱང་རིང་བོ་མ་སོང་བར་བསུབ་འདུག

གནས་ཚུལ་ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 

ཐེངས་ 42185 བཀླགས་འདུག