Donate

དྷ་ས་མེག་གྷན་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོ།

དྷ་ས་མེག་གྷན་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོ།

དེ་རིང་ཕྱི་ཟླ་ ༠༤ ཚེས་ ༡༥ ཉིན་ངེད་ཚོགས་པས་གོ་སྒྲིག་འོག་གཙུག་ལག་ཁང་གི་གཡས་གཡོན་དང་། གླིང་སྐོར་ལམ། པོ་ཏཱ་ལའི་ལམ་ཆེན་སོགས་སུ་ཚོགས་པའི་ལས་བྱེད་དང་། སློབ་ཕྲུག དང་བླངས་བ་རྣམས་ཀྱིས་ཁོར་ཡུག་གཙང་བཟོ་གང་ལེགས་བྱས། སྐབས་དེར་མི་གྲངས་ 90 ལྷག་གཙང་བཟོའི་ལས་འགུལ་ལ་མཉམ་ཞུགས་གནང་བ་དང་། ལས་འགུལ་འདི་ནི་ཚོགས་པའི་འཁོར་ཡུག་གཙང་བཟོའི་ལས་འཆར་གྱི་ཆ་ཤས་ཤིག་རེད། ཁོར་ཡུག་གཙང་བཟོའི་བྱ་འགུལ་འདིར་མཉམ་ཞུགས་གནང་མཁན་གྱི་དང་བླངས་བ་དང་། སློབ་ཕྲུག་སོགས་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མ་འོངས་པར་ང་ཚོས་དྷ་སའི་གཡས་གཡོན་གྱི་ས་ཁུལ་འདྲ་མིན་དུ་གཙང་བཟོ་བྱ་འཆར་ཡོད་པས་མི་མང་རྣམས་ཀྱིས་མཉམ་ཞུགས་གང་ལེགས་གནང་རྒྱུའི་རེ་བ་དང་། ང་ཚོ་ཚང་མས་མཉམ་ལས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་སྔོ་ལྗང་དང་། གཙང་མར་ཉར་ཐུབ་པའི་རེ་བ་དང་ཡིད་ཆེས་ཆེན་པོ་ཞུ་བཞིན་ཡོད།

ཐེངས་ 42289 བཀླགས་འདུག