Donate

ནང་ཆེན་སྡོམ་པ་ཡུལ་ཤོག་གྱི་བོད་མི་ཚོས་ཞུ་འབོད་ངོ་རྒོལ།

རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ནས་རྡོ་སོལ་སྔོག་འཆར་ལ་བོད་མི་ཚོས་འདོད་པ་མེད་པའི་ཞུ་འབོད་ངོ་རྒོལ་བྱས་འདུག

Ngachen Tibet

ནང་ཆེན་སྡོམ་པ་ཡུལ་ཤོག་གྱི་བོད་མི་ཚོས་གོ་གཞུང་སུམ་མདོ་ལ་ཞུ་འབོད་ངོ་རྒོལ་བྱེད་བཞིན་པ། ༢༠༡༤།༨།༥

དེ་ཡང་སྤྱི་ཟླ་༨ཚེས༤ཉིན་རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་གོ་གཞུང་རུ་ཆེན་སྨན་དམར་ནོར་བུ་མ་དང་། འབྲོག་ལུང་ཨོ་དཀར། ཨ་དགེ་སྐྱིད་ལུང་བཅས་ནས་རྡོ་སོལ་གྱི་གཏེར་ཁ་སྔོག་རྩིས་ཆེད་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ས་གནས་ལ་འབྱོར་བར་སྤྱི་ཚེས་༥ཉིན་ཁུལ་དེའི་ས་གནས་བོད་མི་བརྒྱ་ཕྲག་ཁ་ཤས་སྡོམ་པ་ཡུལ་ཤོག་གི་གོ་གཞུང་གཡས་གཡོན་སུམ་མདོ་ལ་མཉམ་དུ་འཛོམས་ནས་འདོད་པ་མེད་པའི་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱི་ཚེས་༤ཉིན་ནང་ཆེན་སྡོམ་པ་ཡུལ་ཤོག་གི་འགོ་ཁྲིད་ཀུན་འཕྲིན་གཙོས་འབྲེལ་ཡོད་ལས་བྱེད་དང་། རྒྱ་ནག་གི་གཏེར་ལས་སྔོག་འདོན་ཚན་པའི་འབྲེལ་ཡོད་མི་སྣ་བཅས་སྡོམ་པ་ཡུལ་ཤོག་ཁོངས་རྡོ་སོལ་གྱི་གཏེར་ཁ་ཡོད་སར་སྐབས་ས་གནས་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་གཙོས་ཆེའི་མཐོའི་དབུ་ཁྲིད་རྣམ་པས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། གང་བྱུང་གཏེར་སྔོག་བཀག་འགོག་ཆེད་གསུངས་བའི་ནང་དོན་རྣམས་འཕྲེད་དར་ལ་བྲིས་ནས་། ཆུ་ཚོད་ཁ་ཤས་རིང་འཕྲེད་དར་བསྒྲེངས་བ་དང་ཞུ་འབོད་ངོ་རྒོལ་བྱས་ཡོད་པ་དང་། ས་གནས་བོད་མི་མང་པོ་འཛོམས་པ་སོགས་ཛ་དྲག་གི་གནས་ཚུལ་འབྱུང་ཉེན་ལ་བརྟེན་ཁོང་ཚོས་ས་གནས་བོད་པའི་བསམ་འཆར་ཁག་གོང་རིམ་ལ་ཞུ་རྒྱུ་ཡིན་ཚུལ་བཤད་ནས་ལས་འགུལ་མཚམས་འཇོག་བྱེད་དུ་བཅུག་པ་ལས་དེའི་རྗེས་སུ་གནས་ཚུལ་ཇི་བྱུང་ཤེས་རྟོགས་མ་བྱུང་བ་ངོ་བརྗོད་བྱས་བྱུང་།
འདིའི་གོང་ཕྱི་ཟླ་༦ ཚེས་༡༢ཉིན་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བཀྲིས་དར་རྒྱས་དང་། རྒྱ་ནག་གི་དཔོན་རིགས་ཁག་གཅིག་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ཏུ་སླེབས་སྟེ། ཡུལ་ཤུལ་ཁུལ་རིམ་པའི་ཐག་གཅོད་ལྟར་ནང་ཆེན་ཨ་དགེ་སྐྱིད་ལུང་དུ་ཡང་བསྐྱར་གཏེར་ཁ་སྔོག་འདོན་བྱ་རྒྱུའི་དུས་ཚོད་རན་ཟིན་པས་ས་གནས་ཡུལ་མི་ཚོས་དེར་འགོག་རྐྱེན་མི་བཟོ་བར་རྡོག་སོལ་སྔོག་འདོན་གྱི་ལས་གཞིར་མཐུན་འགྱུར་བྱེད་དགོས་པའི་བརྡ་ ལན་ ནན་པོ་སྤྲད་ཡོད་པ་རེད།
སྤྱི་ལོ༢༠༠༠་ལོ་ཙམ་ནས་གཏེར་འདོན་ཁེ་ལས་ཚན་པ་འདྲ་མིན་བརྗེ་སྤོར་བྱས་ནས་ས་གནས་དེའི་རྡོ་ སོལ་གཏེར་ཁ་སྔོག་འདོན་བྱས་བའི་སྐབས་སྙིགས་རོ་རྣམས་གང་ཡིན་སར་སྤུང་བ་སོགས་བྱས་པས་ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱས་པའི་ལོ་དེ་དག་དང་། ལྷག་ པར་༢༠༠༩ལོ་ནས་མི་དང་སྒོ་ཕྱུགས་སེམས་ཅན་ལ་དེ་སྔ་ཕོག་མྱོང་མེད་པའི་ནད་གཞི་འདྲ་མིན་ཕོགས་སྟེ་འཆི་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་པ་རྒྱུ་མཚན་བགྲང་སྟེ་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ས་གནས་བོད་མི་དང་། དགོན་པ་ཁག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་རྡོ་སོལ་སྔོག་པའི་ལས་གཞི་སྐབས་དེར་མཚམས་འཇོག་ཐུབ་པ་བྱུང་ཡོད་འདུག

ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42262 བཀླགས་འདུག