Donate

པེ་ཅིན་དམའ་རིམ་སློབ་མའི་མིག་ནང་གི་བོད་ཀྱི་ཁོར་ཡུག་གི་དཀའ་ངལ།

ཝང་བེ་ལོ་ཡིས་བརྩམས། བརྩོན་འགྲུས་རྒྱ་མཚོས་བསྒྱུར། དང་པོ། ད་ལྟའི་བོད་ཀྱི་ཁོར་ཡུག་གི་དཀའ་ངལ་གྱི་རྣམ་པ་མི་འདྲ་བའི་འགྲེལ་བརྗོད་གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བོད་རང་སྐྱོང་ལྗོངས་ཀྱིས་བཤད་ན་བོད་ནི་འཛམ་གླིང་གི་ཁོར་ཡུག་བཟང་ཤོས་ཤིག་ཡིན། ཕྱིའི་བཙན་བྱོལ་དུ་ལོ་ངོ་ལྔ་བཅུའི་རིང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཁོར་ཡུག་ཉམས་ཆགས་སུ་འགྲོ་བཞིན་ཡོད་པར་ཐུགས་གནང་ཆེན་པོ་མཛད་ཡོད།

༢༠༡༥ ལོའི་ཟླ་ ༤ བའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བོད་ཀྱི་པེ་པེའི་དེབ་ནང་བཤད་ན། རྒྱལ་ཁབ་དང་ལྗོངས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ནན་གྱིས་བྱས་པ་དང་། རང་བྱུང་ཁོར་ཡུག་གི་སྲུང་སྐྱོབ་ལས་གཞི་ནི་ཞིང་བའི་ཞིང་ས་དང་། འབྲོག་པའི་རྩྭ་ཐང་། ཡུལ་མིའི་སྡོད་གནས་གཏན་ཁེལ། མིས་རྩྭ་ཐང་བཏབ་པ་དང་། རྩྭ་ཐང་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་བཙུགས་ཡོད་པ་སོགས་བཤད། རྒྱལ་ཁབ་ཀྱིས་ནགས་ཚལ་ལྟ་སྲུང་མ་དངུལ་ཁ་གནོན་དང་། ས་ཆུའི་གནོད་སྐྱོན་གྱི་བྱ་བ་སྒྲུབ་པ། མུ་མཐུད་དུ་གཟབ་ནན་འཕེལ་རྒྱས་ཀྱི་རྩ་དོན་འཛིན་པ་དང་། གཟབ་གནད་ཀྱི་འབགས་བཙོག་ཐེར་འདོན་བྱས་ཏེ་གཙང་སྦྲ་གཏོང་བ། དྲོད་ཚད་ཉུང་དུ་གཏོང་ཐབས་ལ་འབད་བརྩོན་བརྟེན་པ། ལོ་འདི་དག་གི་རིང་ལ་ཀྲུང་དབྱང་སྲིད་གཞུང་དང་། བོད་ལྗོངས་སྲིད་གཞུང་གཉིས་ཀྱིས་གཟབ་ནན་སྒོས་རྟོག་དཔྱོད་བྱས་ཏེ་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱས། རྣམ་པ་རེ་རེའི་ངོས་ནས་འབད་བརྩོན་བྱས་པར་བརྟེན་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་དཔལ་ཡོན་མངོན་གསལ་གྱིས་ཇེ་བཟང་དུ་སོང་ཡོད། ད་ལྟ་བོད་ནི་འཛམ་གླིང་ཁོར་ཡུག་གི་རིམ་པ་མཐོ་ཤོས་ཤིག་ཡིན་ཟེར་བ་དང་། ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཚགས་པར་སྟེང་བཤད་པ་ལྟར་ན། བོད་ཀྱི་ཆུའི་ཁོར་ཡུག་དང་རླུང་ཁམས། རྩྭ་ཐང་། ནགས་ཚལ་སོགས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་བཟང་ཤོས་གྲས་སུ་སླེབས་ཡོད། ཅེས་སོགས་བསྟན་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་ཁོར་ཡུག་དཀའ་ངལ་གླེང་བཞིན་ཡོད། ༢༠༡༥ ལོའི་ཟླ་ ༥ ཚེས་ ༢༥ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབྱིན་རྒྱལ་བརྙན་འཕྲིན་ཁང་དུ་སློབ་ཕྲུག་ཚོར་ “ང་ཚོའི་བྱམས་སྐྱོང་གི་འཇིག་རྟེན་” བརྗོད་གཞིར་བགྲོ་གླེང་མཛད། བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ་ཆོ་ན་སང་གིས་གནད་དོན་གཏན་འབེབས་ལྟར་ན། བོད་ཀྱི་གཙང་བོ་ཁག་རྒྱ་གར་དང་རྒྱལ་ནག་བརྒྱུད་དེ་ཨེ་ཤ་ཡའི་གླིང་དུ་བཞུར་གྱིན་ཡོད། ཉེ་བའི་ལོ་བཅུ་ཕྲག་རིང་སྐྱེ་དངོས་ཁོར་ཡུག་གཏོར་བཤིག་བཏང་བ་འདིས་བོད་ས་གཅིག་པུ་མ་ཡིན་པར་ཉེ་འཁོར་རྒྱལ་ཁབ་དག་ལའང་སྔོན་ཆད་ཡོད་མ་མྱོང་བའི་གནོད་པ་ཚབས་ཆེན་འཕྲད་ཀྱི་ཡོད་པར་བཤད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གསུང་སྐབས། དཔལ་འབྱོར་དགོས་མཁོའི་དབང་གིས་ཉེན་ཁ་ཚབས་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། བོད་ཀྱི་ཆབ་སྲིད་དཀའ་ངལ་ཐག་གཅོད་ཐུབ་མེད་ཀྱང་དེ་ནི་བསྒུག་ཀྱང་ཆོག བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་བཅོམ་ཐེབས་ན་བསྐྱར་གསོ་དཀའ་བས་བསྒུག་ཐུབ་མེད་ཅེས་གསུངས་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་བོད་ཡུལ་དུ་རྟོག་དཔྱོད་དགོས་པའི་རེ་འབོད་ཞུས་ཡོད། སློབ་མ་ཚོར་དམིགས་ཏེ་ཁོར་ཡུག་གི་གནད་འགག་རང་བཞིན་བསྐྱར་བཤད་དང་ལྷག་པར་དུ་མི་རབས་གསར་བ་རྣམས་འཛམ་གླིང་གི་མ་འོངས་པ་ཡིན་སྟབས། རང་ཉིད་ཀྱིས་ཁོར་ཡུག་ལ་བདེ་འཇགས་བསྐྲུན་ཏེ། ཞི་བདེ་དང་བརྩེ་སེམས་ཀྱི་ཁྱིམ་ཚང་ཞིག་ཏུ་བསྒྱུར་དགོས་པར་གསུངས། དུས་རབས་ ༢༠ པ་དམག་འཁྲུག་གི་དུས་རབས་ཤིག་ཆགས་ཡོད། དུས་རབས་ ༢༡ པ་འདི་ཞི་བདེ་དང་གྲོས་མོལ་གྱི་དུས་རབས་ཤིག་ཡིན། མི་མང་ཚང་མས་ཁོར་ཡུག་གི་འགན་འཁྲི་འདི་ཕྲག་ཏུ་བླངས་ཏེ་ཁོར་ཡུག་གི་སློབ་གསོ་མཐོར་བཏེགས་གཏོང་དགོས། ཕྱི་ཕྱོགས་ཀྱི་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་ཐེངས་མང་པོར་བོད་ཀྱི་ཁོར་ཡུག་དཀའ་ངལ་བསྟན་ཡོད། དེ་བཞིན། འབྲོག་པ་རྩྭ་ཐང་ནས་སྤོར་འཇུག་བྱས་པ་དང་། རང་བྱུང་ཁོར་ཡུག་སྔོག་འདོན་དང་འཛུགས་བསྐྲུན་སོགས་བསྟན། དོན་དངོས་སུ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཅི་ཞིག་རེད་དམ།

གཉིས་པ། བྱིས་པའི་དྭངས་གཙང་སླད་མེད་ཀྱི་སྐད་ཆ། དྭངས་གཙང་སླད་མེད་ཟེར་བ་འདི་རྒྱ་ཡིག་གི་བཀའ་རྩོམ་རེད། འདིའི་དོན་བྱིས་པའི་སྐད་ཆས་བདེན་པའི་བདེན་དོན་བཤད་ཀྱི་ཡོད། ཀཱོང་ཤེ་མོ་(龚继梅)ནི་པེ་ཅིན་གྲོང་འཁྱེར་ཋང་པིན་ཁུལ་གྱི་དམའ་འབྲིང་བྱིས་པ་ཞིག་ཡིན། མོས་ས་ཁམས་རིག་པ་སྦྱོང་སྐབས་བྲིས་པའི་བོད་ཀྱི་སྐྱེ་ཁམས་རིགས་པའི་དཀའ་ངལ་བཞི།

བོད་ཀྱིས་ད་ལྟའི་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་བརྗོད་པ།

དང་པོ། ས་ཆུའི་ཉམས་རྒུད། གཉིས་པ། རྩྭ་ཐང་ཉམས་རྒུད།  གསུམ་པ། བྱེ་ཐང་ཉམས་རྒུད། བཞི་པ། ས་བཅུད་ཉམས་རྒུད།

དང་པོ། དེང་སྐབས་རྩྭ་ཐང་འཕེལ་རྒྱས་ཀྱི་དཀའ་ངལ་སྐོར་ཤེ་མོ་ཡིས་དབྱེ་ཞིབ་ལྟར་ན། རྒྱལ་ཡོངས་ཁུལ་དང་རྫོང་ཁག་འབྲོག་པ་ཚོ་ཚད་བརྒལ་གྱི་རི་སྤོར་མཁན་བརྒྱ་ཆ་ ༡༣ ནས་ ༥༠  བར་ཡིན་ཞིང་། ཁ་ཤས་ལྡབ་གཅིག་གི་མང་པ་ཡིན། འདི་གྲངས་ཉུང་མི་རིགས་ཀྱི་རྩྭ་ཐང་སྒང་ཁོ་ན་མ་ཡིན་པར་ནང་ལོགས་ས་ཁུལ་དུ་ཡང་འཛུལ་བཞིན་ཡོད།

༢༽ཙི་གུའི་དཀའ་ངལ། ཙི་གུས་རྩྭ་ཐང་འཕྲོ་བརླག་ཚབས་ཆེན་བཏང་པ་དང་ས་ཐོག་ཏུ་རླུང་སྐྱོན་བཏང་པར་ས་ཆུ་ཉམས་རྒུད་དུ་འགྲོ་བཞིན་ཡོད། རྩྭ་འབུས་རྩྭའི་རྩི་མགོ་བཟས་ཏེ་རྩྭ་ཐང་དུ་གནོད་སྐྱོན་འཕོགས་པ། ཙི་གུའི་རྩྭ་ཐང་དུ་གནོད་པ་ཆེས་ཆར་ཁྱབ་པ་དང་། འདི་དག་རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་རྐྱེན་གཅིག་ཡིན།

༣༽རྩྭ་ཐང་དུ་ཕྱུགས་ཟོག་གི་འཆར་འགོད་མི་འཚམས་པ་དེ་སྐབས་བཅུ་གཅིག་པའི་ཐེངས་གསུམ་པའི་ཚོགས་འདུའི་རྗེས་ཕྱུགས་ཟོག་འཚོ་སྐྱོང་བདག་དབང་རང་ཉིད་ལ་ཡོད་པར་བསྟན། བར་སྐབས་ཤིག་ནས་འབྲོག་པའི་ཐོན་རྫས་ལ་བདག་སྐྱོང་བྱེད་ཕྱོགས་སུ་འགྱུར་ལྡོག་ཤུགས་ཆེན་སོང་བ་དང་སྲུང་སྐྱོབ་འགན་འཁྲི་འོས་འཚམས་མིན་པར་འདུག དུས་ཡུན་ཐུང་ངུ་ཞིག་ནང་དུ་རྩྭ་ཐང་དུ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་དམིགས་ཏེ་བཙན་དབང་ངང་འཕྲོ་བརླག་ཏུ་གཏོང་། འབྲོག་ཁུལ་མི་འབོར་འཕར་བ་མགྱོགས་པ། གནོན་ཤུགས་ཆེ་བས་རྩྭ་ཐང་ནང་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཅིག་རེད།

རྩྭ་ཐང་ཉམས་རྒུད་སྐབས་སུ་བྱེ་ཐང་གི་སྐྱོ་གར་དུ་གྱུར། བྱེ་ཐང་འགྱུར་ལྡོག་གི་ས་ངོས་ཁྱོན་བརྒྱ་ཆ་ ༡༨།༧ ཟིན། རྒྱལ་ཡོངས་བྱེ་ཐང་དང་རང་རྒྱལ་བྱེ་ཐང་ངོས་བརྒྱ་ཆ་ ༡༥།༩ དང་བསྡུར་ན་བརྒྱ་ཆ་ ༢།༣ རེད། རྒྱལ་ཡོངས་ཀྱི་ངོས་སྙོམས་གྲུ་བཞི་མ་ཁྲི་ ༢༡ གི་ས་བྱེ་ཐང་དུ་འགྱུར་ལྡོག་བརྒྱ་ཆ་ ༥༡།༩ ས་ངོས་ཟིན། གཞན། རིམ་པ་ཆུང་བའི་བྱེ་ཐང་འགྱུར་ལྡོག་ས་ངོས་ཟིན་པ་བརྒྱ་ཆ་ ༣༠།༧༣ ། བྱེ་ཐང་དུ་འགྱུར་བར་བརྒྱ་ཆ་ ༦།༢༥ དང་ ༡།༥༤ ། དཔེ་བསྡུར་འདི་ཕྱིར་ལྡོག་སྒོ་ནས་ཤུགས་ཆེན་དུ་སྐྱོད་བཞིན་འདུག

༣༽ གང་འདོད་གཏེར་ཁ་བསྔོགས་པ། རིགས་འདྲ་མིན་སྣ་ཚོགས་ཀྱི་སྨན་རྩྭ་བཏུས་པར་རྩྭ་ཐང་ཉམས་རྒུད་དུ་ཕྱིན་ཏེ་བྱེ་ཐང་དུ་བསྒྱུར། ནུབ་བརྒྱུད་འཕེལ་རྒྱས་མགོ་བརྩམས་པ་ནས་བོད་སྨན་ནང་རིགས་གཅིག་སྨན་རྩྭ་མིན། རྒྱ་སྨན་དུ་དབྱར་རྩྭ་དགུ་འབུ་ “གསོ་བཅུད་སྨན” སྐམ་ས་ཆེན་པོ་ནས་བྲིན་རྒྱུག་ཆེན་པོ་བྱུང་བར་བརྟེན་རིན་གོང་ཡར་འཕར། དེ་ལ་གསེར་མཉེན་ཞེས་འབོད། ལོ་རེའི་ཟླ་བ་བཞི་བ་ལྔ་པར་མཚོ་བོད་མཐོ་སྒང་དུ་དམག་མི་སྟོང་ཕྲག་རེ་དབྱར་རྩྭ་དགུ་འབུ་རྐོ་བར་ཡོང་གི་ཡོད། དེ་སྟེང་དུ་གུང་སེང་སྐབས་སློབ་ཕྲུག་ཚོ་ཡང་དབྱར་རྩྭ་བརྐོ་བར་སྐུལ་མ་གཏོང་གི་ཡོད། ཀྲུང་གོའི་ཞིབ་འཇུག་སློབ་མ་ཚོས་བསྟན་པ་ལྟར་ན། དབྱར་རྩྭ་གཅིག་བརྐོས་ན་ས་སྨི་ ༨ ནས་ ༡༢ བརྐོ་དགོས། ས་ངོས་ངོས་སྙོམས་གྲུ་བཞི་མ་ ༣༠ ཕྱིར་བསློགས་ཏེ་དོང་དུ་ལོག་ཡོད། མཐའ་སྐོར་དུ་དོང་ཡོད་སར་རྩྭ་མི་སྐྱེ། ས་ཆུ་དང་བྱེ་ཐང་ཉམས་རྒུད་མུ་མཐུད་དུ་འགྲོ་བཞིན་ཡོད་པས་མཐོ་སྒང་ཧྲིལ་བོའི་རྩྭ་ཐང་ལ་ཁྱབ་ངེས་རེད། རགས་རྩིས་བྱས་ན་ཆ་སྙོམས་ལོ་རེར་ངོས་སྙོམས་གྲུ་བཞི་མ་ཁྲི་ ༡༣༥ ལྷག་དང་། དེའི་སྟེང་དུ་རྐང་བརྫིས་གཏོང་པ་དང་རླངས་འཁོར་འགྲོ་ལམ་བཅས་ཆ་སྙོམས་རྩྭ་ཐང་སྨི་ཁྲི་ ༢༠༠ ནས་ ༣༥༠ བར་འཕྲོ་བརླག་ཏུ་གཏོང་གི་ཡོད། འདི་སྲིད་གཞུང་གི་མི་སྣས་ཆེད་དུ་བཟོས་པའི་རྩྭ་ཐང་ཉམས་རྒུད་ཀྱི་རྣམ་པ་རེད།

མཛེས་སྡུག་གི་རྩྭ་ཐང་དུ་སྔོ་རྩྭ་ལྡེམ་ལྡེམ་སྐྱེས་སྟབས། ཙི་གུ་འཚོ་གནས་བྱེད་པར་དཀའ། རྒྱ་སྨན་ཆེད་དུ་བརྐོས་པའི་ས་དོང་དག་ཙི་གུས་ཚང་དུ་གྱུར། ཙི་གུས་རྩྭ་ཡི་གཞུང་རྟ་ཟ་བའི་དབང་གིས་རྩྭ་ཐང་དུ་རྩྭ་རྒོད་སྐྱེ་ངེས་ཡིན། ཙི་གུ་རང་ངོས་ནས་སྐྱེས་སྟོབས་རྒོད་པོ་ཡིན་པར་བརྟེན་ཏེ། ཁོ་ཚོ་ས་ཁོག་ན་དོང་རིང་པོ་འཕིགས་ཏེ་ས་རྐོ་རྡོ་སློག་བྱས་པའི་རྩྭ་སྐྱེ་པར་གནོད་སྐྱོན་ཤུགས་ཆེན་ཐེབས་ཏེ། རྩྭ་ཐང་དང་བྱེ་ཐང་ཉམས་རྒུད་དུ་སོང་། མི་མང་གིས་ཙི་གུ་མེད་པར་གཏོང་པའི་ཐབས་ལམ་ཡག་པོ་ཞིག་ད་སྔ་རྙེད་མེད། སྔོན་མ་ཡིན་ན་དུག་སྨན་གྱིས་ཙི་གུ་བསད་པའི་ཙིག་རོ་རྣམས་བྱ་རྒོད་ཀྱིས་བཟོས་ཏེ་བྱ་རྒོད་མང་པོ་ཤི་ཡོད་སྟབས། ཙིག་གུའི་གཉེན་པོ་བྱ་རྒོད་ཇེ་ཉུང་དུ་སོང་བར་བརྟེན་ཏེ་ཙི་གུ་སྔར་ལས་འཕེལ།

༤༽ འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་ཤོས་ཤིག

རྒྱ་ནག་གཞུང་གིས་ “འབྲོག་ཁུལ་གཏན་འཇགས་ཁུལ” སྲུང་སྐྱོབ་ཁོར་ཡུག་ཏུ་འཆར་འགོད་ངོས་འཛིན་བྱས་པ་དེ་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཞིག་ཡིན། དོན་དངོས་སུ་འབྲོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཤིག་ནུབ་ཕྱོགས་ཀྱི་ལས་གནས་ཡར་རྒྱས་གཏོང་དགོས་པ་དེ་རེད། སྤྲོ་སྐྱིད་ཁང་ཁ་ཤས་དང་སྡོད་ཁང་མེ་ཏོག་ལྡུམ་རས་བརྒྱན་ཅིང་རང་བྱུང་རྩྭ་ཐང་སྤུས་ཚད་ཧ་ཅང་བཟང་། ཁང་བདག་ཁ་ཤས་ཀྱིས་ལོ་རེར་རྩྭ་འབྲེག་པ་དེ་སོ་སོའི་དགའ་ཕྱོགས་ཞིག་ལ་ངོས་འཛིན་བྱེད་ཅིང་། རྩྭ་བྲེགས་ན་རྗེས་སུ་རྩྭ་སྐྱེ་བར་ཕན་ཐོགས་ཡོད། ཅིའི་ཕྱིར་རྩྭ་རང་ངོས་ནས་སྐྱེ་བར་འཇུག་པར་མེད་དམ།

རྩྭ་འབྲེག་པར་བརྟེན་ཏེ་སྔོ་རྩྭ་སྐྱེ་བར་ཕན་ནུས་ཐོན། འབྲོག་ཁུལ་རྩྭ་ཐང་དུ་ཕྱུགས་ཟོག་གིས་རྩྭ་ཟོས་ན་རྩྭ་ཐང་དང་འབྲོག་པ་གཉིས་ཆར་ཕན། དུས་ཚིགས་ཀྱི་འགྱུར་ལྡོག་ལ་བསྟུན་ཏེ་རི་སྤོར་དགོས། འབྲོག་པའི་འཚོ་བ་རྒྱུན་ལྡན་ལྟར་དུས་ཚིགས་ལ་ཕྱུགས་ཟོག་གིས་རྩྭ་ས་ཡག་པོ་ལོན་གྱིན་ཡོད། འོ་མ། བལ་དང་གོ་བ་སོགས་ཚད་ལྡན་ཡིན་པའི་ཕྱུགས་ཟོག་གི་འཕེལ་ཁ་ཇེ་རྒྱས་ཡིན་པས་མཚོན། དེ་མཚུངས་སུ་རིལ་མ་དང་ལྕི་བ་ཡི་ལུད་ཀྱང་བཟང་ཤོས་ཡིན། འབྲོག་པ་ཚོ་གླ་ཆ་མི་དགོས་པར་རྩྭ་ཐང་བཟང་ཕྱོགས་སུ་བསྒྱུར་མཁན་ཤ་སྟག་ཡིན།

བཙན་དབང་འོག་ “འབྲོག་ཁུལ་གཏན་འཇགས་ཁུལ” རྗེས་འབྲོག་པ་རེ་རེར་ས་ཆ་བགོས་པས་ཕྱུགས་ཟོག་ལ་རྩྭ་ལྡུམ་སྤྲོད་ཀྱིན་ཡོད། རྩྭ་འབྲེག་དགོས་ཀྱི་ཡོད་སྟབས་ཙི་གུས་རྩྭ་ཐང་གཏོར་བརླག་གཏོང་པའི་ནུས་པ་དང་གཅིག་མཚུངས་འཐོན་ཡོད།

གཞན་འབྲོག་ཁུལ་ཆེ་ཤོས་རྒྱལ་ཁབ་ཀྱིས་བདག་བཟུང་བྱས། ཕྱུགས་ཟོག་ལ་རྩྭ་འབྲེག་པར་རྩྭི་བཅུད་ཀྱང་མུ་མཐུད་དུ་ཞན་དུ་གྱུར། ལོ་རེ་རེར་རྩྭ་ཐེངས་གཅིག་བྲེགས་པ་དེ་དགུན་ཁ་བཀོལ་གྱིན་ཡོད།

རྨ་ཆུའི་སྐྱེ་ཁམས་གསལ་བསྒྲགས་ལྟར་ན་ལོ་སྔོན་མ་ལུག་གཅིག་གསོས་ན་སྨི་ལྔའི་རྩྭ་ཐང་མཁོ། ད་ལྟ་ལུག་གཅིག་གསོས་ན་སྨི་༡༠༠༠ ཡིན།  གསལ་བྱེད་འདིས་མཚོ་བོད་མཐོ་སྒང་གི་རྩྭ་ས་ཉམས་རྒུད་དུ་བཏང་བ་དང་སྲུང་སྐྱོབ་ཐུབ་མེད་པ་གསལ་བོར་བསྟན་ཡོད།

༥༽མཇུག་སྡོམ ། བྱིས་པའི་དྭངས་གཙང་སླད་མེད་ཀྱི་སྐད་ཆ། བྱིས་པའི་སྐད་ཆ་བཤད་སྐབས་སུ་སུ་སྐྱོར་དགོས་པར་བསམ་བློ་གཏོང་མི་དགོས། མི་སུ་ཞིག་གི་ལས་གནས་མར་གཡུག་པ་འདི་ཀྲུང་གོ་ཞིབ་འཇུག་རིག་པ་ལ་བཤད་ན། མི་ཚང་ཞིག་གི་ལས་དབང་གི་དཀའ་གནད་ཆེ་ཤོས་ཤིག་རེད། པེ་ཅིན་གྲོང་འཁྱེར་ཋང་པིན་ཁུལ་གྱི་དམའ་འབྲིང་བྱིས་པའི་ (བོད་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་གི་དཀའ་ངལ་)ཞེས་པ་འདིས་བོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་དཀའ་ཉེན་དོན་དངོས་དེ་འགྲེལ་བརྗོད་བྱས་ཐོག མི་མང་གི་བོད་ནི་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་མཆོག་ཏུ་གྱུར་པ་ཞིག་ཡིན་ཟེར་པའི་རྫུན་གཏམ་ནང་མགོ་འཐོམས་ཏེ་སྡོད་མི་རུང་བའི་དངོས་དོན་དེ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་སེམས་ཁུར་བྱེད་མགོ་བརྩམས་ཏེ་གཏོར་བཤིག་གི་རྣམ་པ་བཀག་འགོག་བྱེད་དགོས་སོ།།

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42735 བཀླགས་འདུག