Donate

ཕྱི་ལོ་ ༢༠༡༤ ལོར་ལྷའི་ཁོར་ཡུག་སྐོར་གྱི་དཔྱད་ཞིབ་སྙན་ཐོ།

མེ་ལོ་གྷན་ཇི་ནི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོང་དྷ་རམ་ས་ལའི་ཁུལ་གྱི་གྲོང་སྡེ་ཞིག་དང་། དེ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་ཀྱི་གཞིས་ཁྱིམ་ལྟ་བུ་ཞིག་རེད་ལ། གནས་འདི་ནི་རྒྱ་གར་གྱི་ས་གནས་གཞན་དང་ཕྱི་རྒྱལ་གྱི་རྒྱལ་ཁབ་འདྲ་མིན་ནས་ལོ་ལྟར་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོས་འཚང་ཁ་རྒྱག་ས་དེ་ཡིན།
Dhramshala མ་ཚད་མེ་ལོ་གྷན་ཇི་ནི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་བའི་ས་ཆ་ཞིག་དང་། ཉེ་བའི་ལོ་འགའི་ནང་ཚོང་ལས་ཧ་ཅང་དར་ས་ཞིག་རེད། གནད་དོན་ཆེ་ཤོས་ཤིག་དཔའ་འབྱོར་གྱི་ཤུགས་རྐྱེན་འོག གྲོང་བརྡལ་འདི་ཁོར་ཡུག་གི་གནས་བབ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དེ་རེད།
དཔྱད་ཞིབ་ཀྱི་དམིགས་ཡུལ་དང་དགོས་པ།
མེ་ལོ་གྷན་ཇིར་བརྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཁོར་ཡུག་གི་གནད་དོན་དེ་གལ་ཆེ་རང་བཞིན་དུ་བརྩིས་ནས་དཀའ་ངལ་ཐག་གཅོད་བྱ་ཕྱོགས་འབད་བརྩོན་བརྒྱུད། ཕྱི་ལོ་ ༢༠༡༤ ཟླ། ༧ ཚེས། ༡༢ ནས་ ༢༠ བར་ས་གནས་མི་མང་དང་། ཚོང་པ། དེ་བཞིན་འདིར་གནས་སྡོད་བྱེད་མཁན་གཞན་ཁག་ཅིག་ལ་མེ་ལོ་གྷན་ཇིའི་ཁོར་ཡུག་གི་གནས་སྟངས་སྐོར་བསམ་ཚུལ་རྒྱུས་ལོན་དང་སྤྱི་ཚོགས་དཔྱད་ཞིབ་བསྡུ་རུབ་བྱས།
འདིའི་དམིགས་ཡུལ་ནི་སྤྱི་ཚོགས་ནང་ཁོར་ཡུག་གི་གནད་དོན་དོ་སྣང་ཤུགས་ཆེ་རུ་གཏོང་ཐབས་དང་། ཁོར་ཡུག་གི་དཀའ་ངལ་སེལ་བར་མི་མང་མཉམ་ཞུགས་བྱ་ཐབས་བཅས་ཀྱི་ཆེད་དུ་ཡིན། ཐེངས་འདིའི་དཔྱད་ཞིབ་ཀྱི་གྲུབ་དོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། དྷ་རམ་ས་ལའི་ཁོར་ཡུག་ལས་ཁུངས་བཅས་ལ་བརྒྱུད་འབུལ་ཞུ་རྒྱུ་ཡིན།
གྲུབ་འབྲས་དང་བསམ་འཆར།
མེ་གྷན་རླངས་འཁོར་འབབ་ཚུགས་དང་བྷག་སུ་ལམ་གཉིས་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ་ཤིང་། དེ་གཉིས་ཀ་མེ་ལོ་གྷན་ཇིའི་ས་ཆ་ཁག་གཞན་ལས་འབག་བཙོག་ཆེས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་འདུག མེག་ལོ་གྷན་ཇི་ཁུལ་དུ་སྤྱི་ཡོངས་ཁོར་ཡུག་གི་དཀའ་ངལ་ཆེ་ཤོས་ག་རེ་རེད་འདུག་ཅེས་དྲིས་དུས། ས་ཆ་འབག་བཙོག་དང་སྦག་སྦག་དང་རླངས་འཁོར་གྱི་སྐད་དང་དུ་བ་ནི་དཀའ་ངལ་ཆེ་ཤོས་ཡིན་པར་ངོས་འཛིན་བྱས་འདུག
རང་གར་གད་སྙིགས་འདོར་བ།
World_Environment_day_2014ས་ཆ་འབག་བཙོག་དང་གད་སྙིགས་ནི་གནད་འགག་ཆེ་ཤོས་དང་། གད་སྙིགས་གང་སར་འདོར་བཞིན་པའི་དཀའ་ངལ་ཐག་གཅོད་བྱེད་པར་ཐབས་ལམ་ཡག་ཤོས་གད་སྙིགས་བླུགས་སྣོད་མང་པོ་གསར་འཛུགས་བྱ་རྒྱུ།
མི་མང་པོ་ཞིག་གིས་ཚོང་ཁང་ཁག་གིས་སྤྱི་སྤྱོད་གད་སྙིགས་བླུགས་སྣོད་བཙུགས་ནས། བསྐྱར་བཅོས་རུང་བའི་གད་སྙིགས་ལོག་སུ་དབྱེ་རྒྱུའི་ཚུན། འཚང་ཁ་ཆེ་བའི་གནས་འདིར་མི་མང་གིས་གད་སྙིགས་རང་གར་མི་འདོར་བར་གད་སྙིགས་བླུགས་སྣོད་ནང་གཡུག་རྒྱུའི་ལུག་སྲོལ་ཞིག་ལག་བསྟར་བྱེད་དགོས་ལུགས་བསམ་འཆར་བཏོན་གནང་འདུག
དྷ་ས་ཁོར་ཡུག་ལས་ཁུངས་ཀྱི་ཕན་ནུས་གང་འཚམ་ཐོན་བཞིན་ཡོད་ཀྱང་། འོན་ཀྱང་མི་མང་གིས་དེ་ནི་ཁོང་ཚོ་ལས་ཀ་བྱེད་མཁན་ཚོའི་འགན་འཁྲི་ཞིག་དང་ད་དུང་ཁོང་ཚོར་སྐུལ་སློང་དང་ཡར་རྒྱས་གཏོང་དགོས་པ་འདོད་ཀྱི་ཡོད། དེ་བཞིན་སྲང་ལམ་དུ་གད་སྙིགས་འདོར་མཁན་རྣམས་ལ་ཉེས་པ་དང་ཆད་པ་གཅོད་དགོས་པའི་བསམ་འཆར་བཏོན་འདུག
ཡིན་ནའང་ཁོར་ཡུག་གཙང་ཉར་སྐོར་གསལ་བཤད་ཡིག་བྱང་འཛུགས་དགོས་པ་དང་། མི་མང་རྒྱས་འཛོམས་ཀྱིས་དུས་ནས་དུས་སུ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་དགོས་པས་མ་ཚད། སྤྱི་སྤྱོད་གསང་སྤྱོད་མང་དུ་གཏོང་དགོས་པའི་བསམ་ཚུལ་ཀྱང་བཏོན་གནང་འདུག
རླངས་འཁོར་གྱི་དུ་བ།
དཀའ་ངལ་གཉིས་པ་དེ་རླངས་འཁོར་རིགས་འཚང་ཀ་ཆེ་བའི་རྐྱེན་གྱིས་འགྲིམ་འགྲུལ་འགག་པ་དང་དུ་བས་ཁོར་ཡུག་འབག་བཙོག་བཟོ་བ། རླངས་འཁོར་མང་ཆེ་བ་ཡུལ་སྐོར་བ་རྣམས་ཀྱིས་རྐྱེན་པས་ཡིན་སྟབས། ཡུལ་སྐོར་བར་དོ་དམ་ལེགས་པོ་དགོས་པས་མ་ཚད། རླངས་འཁོར་རིགས་འགྲོ་སྤྱོད་ལ་ཚད་བཀག་དགོས་པ། གཞན་ཡང་སྐད་ཅོར་དང་འབག་བཙོག་ནི་དཀའ་ངལ་ཆེ་ཤོས་ཤིག་ཡིན་ཞིང་། འགྲིམ་འགྲུལ་འགག་རྐྱེན་ཉུང་དུ་གཏོང་དགོས། བདུན་ཕྲག་རེར་རླངས་འཁོར་འགྲོ་སྐྱོད་མི་བྱེད་པའི་ཉིན་མོ་ཞིག་སྲུང་བརྩི་དང་། མི་རྣམས་ཀྱིས་རླངས་འཁོར་རིགས་སྐོར་སྤྱོད་མི་བྱེད་པའི་དམིགས་བསལ་གྱི་ཉིན་མོ་ཞིག་གཏན་འཁེལ་བཟོ་དགོས་པའི་བསམ་འཆར་བཏོན་གནང་འདུག
བཙོག་ཆུ་དང་བཙོག་ཆུའི་ཡུར་བ།
Eco_dayབཙོག་ཆུ་དང་ཡུར་བའི་དཀའ་ངལ་དེ་གནད་དོན་གཞན་ཞིག་ཡིན་ཞིང་དུས་ནས་དུས་སུ་གཙང་བཟོ་བྱེད་དགོས་ཀྱི་ཡོད། ཆུ་ཡུར་ནས་བཙོག་ཆུ་ཁ་ལུད་ཚེ་དེས་ལམ་ཁ་གཏོར་བཤིག་ཚད་མེད་གཏོང་གིན་འདུག རྟག་ཏུ་མི་རྣམས་ཀྱིས་འདིར་ལམ་ཁ་ཡག་པོ་རྒྱུན་གནས་མེད་པའི་ཚོར་སྣང་སླེབས་ཀྱི་ཡོད། བཙོག་ཆུ་འགྲོ་སའི་ཡུར་བ་དེ་འདིར་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཡོད།
མི་མང་གི་དོ་སྣང་ཤུགས་ཆེ་རུ་གཏོང་དགོས།
མི་མང་ལ་ཁོར་ཡུག་གོ་རྟོགས་སྤེལ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་ཚང་མས་ངོས་འཛིན་གནང་འདུག་པ་དང་། ཁྱིམ་དུད་རེ་རེ་བཞིན་བརྒྱུད་ནས་ཁོར་ཡུག་གི་གལ་གནད་འགྲེལ་བརྗོད་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེ་བ་མ་ཟད། གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་རྒྱུ་དེ་ལས་ཀྱང་གལ་ཆེ་སྟབས། སློབ་གྲྭ་ཁག་དང་གཞན་ཡང་ན་གཞོན་གྱི་སྡེ་ཁག་ཏུ་སློབ་གསོ་གོ་རྟོགས་སྤེལ་དགོས། སྤྱི་ཚོགས་ཞབས་ཞུའི་ལས་འགུལ་འདིར་ཚང་མས་རྒྱབ་སྐྱོར་དང་གཞུང་འབྲེལ་མིན་པའི་ཚོགས་པ་གང་མང་ཞིག་གིས་གནད་དོན་འདིར་ལག་པ་འཆང་རྒྱུ་གལ་ཆེ་ཡིན་པ་གསལ་སྟོན་བྱས་འདུག
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དཔྱད་ཞིབ་འདིར་མཉམ་ཞུགས་གནང་མཁན་མི་མང་ཡོངས་དང་། ལྷག་པར་དང་བླངས་ལས་བྱེད་རྣམས་ལ་ང་ཚོའི་ཚབ་གནང་ནས་ལས་འགུལ་འདི་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། །

གནས་ཚུལ་བསྡུ་རུབ་བྱེད་མཁན།
༡། བསྟན་འཛིན་ཤན་ཡེ།
༢། བསྟན་འཛིན་དགྲ་ལྷ།
༣། ཚེ་རིང་སྒྲོལ་དཀར།
༤། ཀར་ཊི་རཱ་ཇི་རའེ།
༥། ནའེ་ནི་ཆུའོ་ཧན།
༦། ཨ་ནུ་རཱག

ཐེངས་ 42194 བཀླགས་འདུག