Donate

བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་ཐེབས་པས་མཁའ་དབུགས་འབགས་བཙོག་ཤོར་བ།

བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་ཐེབས་པས་མཁའ་དབུགས་འབགས་བཙོག་ཤོར་བ།

ཉེ་ཆར་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བའི་ནང་བཀོད་པར་གཞིགས་ན། ཕྱི་ཟླ་ ༩ ཚེས་ ༡༢ ཉིན་ཁོར་ཡུག་སྲུང་སྐྱོབ་ཚན་པས་བསྒྲགས་པའི་ཕྱི་ཟླ་ ༨ པའི་རྒྱལ་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་སྐོར་གྱི་གནས་ཚུལ་ལྟར་ན། གྲོང་ཁྱེར་ཟི་ལིང་ (ཟི་ལིང་གྲོང་ཁྱེར་ནི་མཚོ་སྔོན་པོའི་བྱང་ཤར་ཕྱོགས་ཙོང་ཆུའི་ཆུ་སྐེད་ཀྱི་ལྷོ་འགྲམ་ན་ཆགས་ཡོད་ཅིང་སྔ་དུས་མདོ་སྨད་ཀྱི་ཁྲི་ལྡེའི་རྒྱལ་ས་བྱེད་མྱོང་བར་གྲགས་) ནི་ཀྲུང་གོའི་མཁའ་དབུགས་ཆེས་བཙོག་པའི་གྲོང་ཁྱེར་ཨང་བཅུ་པ་དེར་གྱུར་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་ཨང་གཉིས་པར་གྱུར་ཡོད་སྐོར་གསལ་འདུག
china_air_pollution-jpeg-0a305 ལོ་སྔོན་མར་རྒྱ་ནག་གི་པེ་ཅིན་དང་། ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་བ་མང་པོར་མཁའ་དབུགས་འབགས་བཙོག་ཆེས་ཆེ་བའི་སྐོར་ཨ་རིའི་དངོས་ཁམས་རིག་པ་བ་རོ་བྷར་ཊི་རོ་དི་ (Robert Rohde) སོགས་ཀྱིས་གསུངས་ཡོད་ཅིང་། འདི་ལོར་ཡང་འཛམ་གླིང་གི་ཆེས་འབགས་བཙོག་ཅན་གྱི་གྲོང་ཁྱེར་བཅུ་ཞེས་པའི་ནང་རྒྱ་ནག་གི་གྲོང་ཁྱེར་གཉིས་ཚུད་ཡོད་ལུགས་ <<CEOWORLD>> ཞེས་པའི་དུས་དེབ་ཐོག་བཀོད་འདུག

རྒྱ་ནག་ནང་ཁུལ་གྱི་མཁའ་དབུགས་ཆེས་བཙོག་པའི་གྲོང་ཁྱེར་ནི་དེ་སྔོན་པེ་ཅིན་དང་ཧྲང་ཧེ་སོགས་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། དེང་སང་ཧུའུ་པེ་ཞིང་ཆེན་ཁུལ་གྱི་གྲོང་ཁྱེར་ཁག་གཅིག་ཡིན་ཚུལ་བཤད་ཡོད་པ་དང་། དེའི་རྒྱུ་རྐྱེན་ཡང་ཧུའུ་པེ་ཞིང་ཆེན་ཁུལ་དུ་རྡོ་སོལ་གྱི་གཏེར་ཁ་ཧ་ཅང་མོད་པོ་ཡོད་སྟབས་རྡོ་སོལ་སྔོག་འདོན་བྱེད་པའི་བཟོ་གྲྭ་མང་པོ་དེ་ཁུལ་དུ་བཙུགས་ཡོད་པས་རེད་ཅེས་ཕྱི་རྒྱལ་གྱི་བརྒྱུད་ལམ་གཞན་ཁ་ཤས་ནང་ཐོན་འདུག

ཡང་གོང་གསལ་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ཟེར་བའི་ནང་རྒྱ་ནག་ནང་ཁུལ་གྱི་མཁའ་དབུགས་ཆེས་ལེགས་པའི་གྲོང་ཁྱེར་བཅུའི་ནང་ལྷ་ས་སོགས་བོད་ཁུལ་གྱི་

གྲོང་ཁྱེར་གཅིག་ཀྱང་ཚུད་མེད་པར་བཀོད་འདུག་ཅིང་།
གནས་ཚུར་དེའི་སྐོར་ལ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ལ་དོ་སྣང་ཡོད་མཁན་རྣམས་ཀྱིས་སྤྱིར་བོད་ནི་ས་ཁད་ཧ་ཅང་མཐོ་ཞིང་དབྱར་དུས་ཀྱི་ཟླ་བ་གཉིས་གསུམ་ཙམ་མ་གཏོགས་དུས་བཞིར་གྲང་ངར་ཆེ་བས། རང་བཞིན་གྱིས་མཁའ་དབུགས་གཙང་མ་དང་དྭངས་མོར་གནས་ཡོད། ལྷག་པར་ ༡༩༥༩ ཡར་སྔོན་དུ་གཏེར་ཁ་སྔོག་འདོན་དང་བཟོད་གྲྭའི་དུག་རླངས་སོགས་ཀྱིས་གནོད་སྐྱོན་རྩ་བ་ནས་བྱུང་མྱོང་མེད་སྟབས་མཁའ་དབུགས་དང་ཁོར་ཡུག་ཧ་ཅང་གཙང་མ་ཡོད་ཀྱང་། དེང་སང་སྤྱིར་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ལྷག་པར་རྒྱ་ནག་གཞུང་དང་རྒྱ་མིའི་ཚོང་པ་རྣམས་ཀྱིས་བོད་ཡུལ་ནས་རྡོ་སོལ་དང་། ཏི་ཚ། ཚ་ལ། དེ་བཞིན་གསེར་དངུལ་ཟངས་ལྕགས་སོགས་ཀྱི་མཚོན་པའི་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོད་འབྲེག་སོགས་ཚད་ལས་བརྒལ་བ་བྱས་ཏེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཤིན་ཏུ་ཆེན་པོ་བཏང་དང་གཏོང་བཞིན་ཡོད་པའི་མཇུག་འབྲས་སུ། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་འཁྱགས་རུམ་(བོད་ནི་འཛམ་གླིང་ནང་གི་འཁྱག་རོམ་ཆེས་མང་ཤོས་གསུམ་པ་དེ་ཡིན་ཚུལ་ <<Geography of Tibet>> ཞེས་པ་སོགས་སུ་གསལ་) དང་། གངས་རི་ཞུ་བ། དབྱར་དུས་སུ་སྔར་བྱུང་མྱོང་མེད་པའི་དྲག་ཆར་ཤུགས་ཆེན་གཏོང་བ་དང་དེའི་རྐྱེན་གྱིས་ས་ཁུལ་མང་པོར་ཆུ་ལོག་ཤུགས་ཆེན་པོ་བྱུང་ནས་མི་ཕྱུགས་དང་ས་ཞིག་སོགས་ལ་གནོས་སྐྱོན་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པ་སོགས་ཁོར་ཡུག་ཉམས་ཆག་གི་དཀའ་ངལ་ཤིན་ཏུ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཉམས་ཆག་གིས་རྐྱེན་པའི་བོད་ཀྱི་ས་ཐོག་ནས་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག འབར་མ་སོགས་ཀྱི་ནང་བཞུར་བཞིན་པའི་ཆུ་བོ་ཆེན་པོ་རྣམས་ལ་ཡང་འབགས་བཙོག་ཤོར་ཏེ་མི་གྲངས་དུང་ཕྱུར་ལས་བརྒལ་བར་འཐུང་ཆུའི་དཀའ་ངལ་བྱུང་སྲིད་པ་དང་། འདི་ནི་བོད་དང་ཨེ་ཤི་ཡ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ལའང་ཉེན་ཁ་ཆེན་པོ་འཕྲད་སྲིད་ཅིང་། མ་འོངས་པར་མུ་མཐུད་ནས་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་སྐྱོ་རུ་འགྲོ་ཉེན་ཆེ་བའི་བློ་འཚབ་གནང་བཞིན་ཡོད་འདུགharbinbicycle

མཁའ་དབུགས་ཀྱི་སྤུས་ཚད་བཟང་མིན་ནི་གཙོ་བོ་མཁའ་དབུགས་ནང་ PM2.5 འདུས་ཚད་ཆེ་ཆུང་གིས་འཇལ་གྱི་ཡོད་འདུག་ཅིང་། རྒྱ་ནག་གཞུང་གིས་དམ་སྒྲག་ཤུགས་ཆེར་བྱེད་བཞིན་ཡོད་པས་ཞིག་འཇུག་སོགས་བྱེད་མི་ཐུབ་པའི་གནས་སྟངས་ཀྱི་འོག བོད་ཁུལ་གྱི་མཁའ་དབུགས་གཙང་བཙོག་ཇི་ཙམ་ཡིན་མིན་ཐད་གསལ་པོར་ཤེས་རྟོག་ཐུབ་ཀྱི་མེད་པའི་ཚོད་དཔག་ཡང་གནང་འདུག

 

ཐེངས་ 42368 བཀླགས་འདུག