Donate

བོད་དང་ཧི་མ་ཅལ་ཁུལ་དུ་རྩ་ཆེན་དུ་གྱུར་བཞིན་པའི་གངས་གཟིག

གངས་གཟིག་ (Snow Leopard) ནི་ཧི་མ་ལ་ཡའི་རི་རྒྱུན་དུ་འཚོ་ཞིང་ཐོན་དཀོན་པའི་སེམས་ཅན་གྱི་རིགས་ཤིག་ཡིན་ཞིང་། རྒྱ་གར་དུ་སྟག་གི་གནས་སྟངས་དང་ཕལ་ཆེར་འདྲ། གངས་གཟིགས་ཀྱི་དཀའ་ངལ་ལ་བཅོས་ཐབས་གང་ཞིག་ཡོད་དམ། (SLSS, 2014)  ཡི་ཚོད་དཔག་ལྟར་ན་བོད་དང་རྒྱ་ནག་ནང་གངས་གཟིག་གི་གྲངས་འབོལ་། ༢-༢‚༥༠༠ ཙམ་ཡོད། དཔེར་ན། ཇོ་མོ་གླང་མའི་ཁུལ་དུ་ ༡༠༠ ཙམ་ཡོད་སྐོར། (Jackson, 1994) ནང་གསལ། (SLSS, 2014) ལྟར་ན་རྒྱ་གར་དུ་ ༤༠༠-༧༠༠ ཡོད་ཅིང་། རྒྱ་གར་ནང་ཁོང་ཚོའི་གནས་ཆགས་ས་ཁུལ་ཆེ་ཤོས་ལ་དྭགས་དང་། ཧི་མ་ཅལ་མངའ་ཁུལ་ཡིན་པ་རེད།

གངས་གཟིག་ནི་ཧི་མ་ཅལ་ཁུལ་གྱི་སྣོད་བཅུད་རྟེན་འབྲེལ་གྱི་གནས་སྟངས་ལ་ཕྱིར་དྲན་མཚོན་བྱེད་ཀྱི་སྲོག་ཆགས་ཤིག་ཡིན། དེ་ནི་དོགས་འདྲོག་ཆེ་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊར་ ༣༢༠༠ ཙམ་གྱི་ཐག་རིང་གི་སར་སྡོད་མཁན་ཞིག་ཡིན། འོན་ཀྱང་གནའ་བ་དང་། ར་རྒོད། གཉན། ད་དུང་ནགས་ཀྱི་འཕྱི་བ་རྣམས་དང་འདྲ་བར་རྩྭ་སོགས་འཚོ་གནས་བཟང་ཞན་ལ་རག་ལུས་པ་ཡིན། གངས་གཟིག་གིས་བཟའ་ཆོག་པའི་སྒོ་ཕྱུགས་སེམས་ཅན་ཡོད་པ་དང་གངས་གཟིག་གི་རང་བྱུང་འཚོ་གནས་ལ་ཤུགས་རྐྱེན་ཡོད་པའི་སྤྱི་ཚོགས་བར་གྱི་མཛའ་འབྲེལ་ལ་ཡང་འབྲེལ་བ་ཆེ།

      ཧི་མ་ལ་ཡའི་ཁུལ་གྱི་གངས་གཟིག་དང་། གངས་གཟིག་དང་མིའི་བར་གྱི་འབྲེལ་བ། གང་གཟིག་གི་རང་བྱུང་འཚོ་གནས་སོགསལ་ཉམས་ཞིབ་བྱེད་པར་ཡོང་བ་སོགས་ཡུལ་སྐོར་བ་མང་བས་དེ་ཁུལ་གྱི་དཔལ་འབྱོར་ལ་ཡང་ཁེ་ཕན་ཡོང་གི་ཡོད། དོན་དངོས་ཐོག་གངས་གཟིག་ནི་མ་འོངས་པའི་ཧི་མ་ལ་ཡའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་། ཉེ་འདབ་སྤྱི་ཚོགས་ཀྱི་ཡར་རྒྱས་གོང་འཕེལ་ལ་གལ་ཆེན་དུ་འགྱུར་ངེས་རེད།

          ཉེ་ཆར་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་སྐྱིད་སྡུག་ (IUCN) གིས་གངས་གཟིག་རྣམས་སྟོང་ཉེན་ཅན་གྱི་གྲལ་ནས་གནོད་སྐྱོན་ཐེབས་སླ་བའི་གྲལ་དུ་བཞག་ཡོད། དེ་ལ་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་སྐྱིད་སྡུག་གི་ཕྱི་ལོ་ ༢༠༡༧ ལོའི་ཐོ་གཞུང་དམར་པོ་ (IUCN Red list, 2017) ཟེར། གནས་བབ་གསར་པ་དེ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བསྡུ་རུབ་བྱས་པའི་གནས་ཚུལ་ཁ་གསལ་རྣམས་ལ་གཞི་བྱས་ཤིང་། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་སྐྱིད་སྡུག་ (IUCN) གིས་གངས་གཟིག་རྣམས་ཉེན་ཚབས་ཆེ་བའི་གནས་སུ་གྱུར་བར་ངོས་འཛིན་བྱེད་བཞིན་ཡོད།

པར་གྱི་ཡོང་ཁུངས། (SLC-IT) Image from SLC-IT

འཚོ་གནས་ཀྱི་ཉེན་ཁ་ནི་གཏེར་ལས་དང་། ལམ་བཟོ་བ་སོགས་ལྟ་བུའི་ཧི་མ་ལ་ཡའི་དཔལ་འབྱོར་ཡར་རྒྱས་དང་། སྒོ་ཕྱུགས་སེམས་ཅན་ཚད་མེད་གསོད་པ་སོགས་ཀྱག་ཚུད་ཡོད། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་སྐྱིད་སྡུག་གི་ཕྱི་ལོ་ ༢༠༡༧ ལོའི་ཐོ་གཞུང་དམར་པོ་ (IUCN Red list, 2017 དང་། ཕྱི་ལོ་ ༢༠༡༤ ལོའི ( SLSS 2014) སོགས་ལས་གསལ། ( SLSS 2014 ནི་ཨིན་ཡིག་གི་ Smarter Law for Smart Surveillance ཞེས་པའི་བསྡུས་ཚིག་ཅིག་རེད) སྲུང་སྐྱོབ་ཀྱི་འབད་བརྩོན་ནི་དམངས་ལ་སློབ་གསོ་གཏོང་བ། གངས་གཟིག་དང་། གངས་གཟིག་སྲུང་སྐྱོབ་ཁུལ་གསར་པ་ (IUCN Red list, SLSS). སོགས་ཀྱི་སྐོར་ལ་གོ་རྟོག་གོང་འཕེལ་བཏང་སྟེ་འཇིགས་སྣང་དེ་དག་ལ་ཡ་ལན་སྤྲོད་པ་སོགས་ཚུད་ཡོད།

          གངས་གཟིག་གི་དགེ་རྩ་ (SLT) ཡིས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་སྐྱིད་སྡུག་ (IUCN)  ཀྱིས་གནས་བབ་འགྱུར་བ་བཏང་བའི་འགལ་ཟླར་ལངས་ཡོད། གང་ཡིན་ཞེ་ན་དེ་ནི་སེམས་ཅན་གྱི་གནས་གཞིའི་ཁུལ་གྱི་རྒྱ་ཆའི་གཉིན་ཙམ་ཁོ་ན་ལ་གཞི་བྱས་ཡོད་ཅིང་། དཔྱད་ཞིབ་དེ་ཡང་སེམས་ཅན་གྱི་གྲངས་ཧ་ཅང་མང་སར་བྱས་ཡོད་པ་ཙམ་ལས་གྲངས་མང་པོ་ཞིག་ནི་ཚོད་དཔག་ཙམ་ཡིན་པས་རེད་ལ། གནས་སྟངས་ལ་འགྱུར་བ་བཏང་བ་དེས་གངས་གཟིག་དགེ་རྩའི་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༤ (SLT, 14/9/17) སོགས་ཀྱི་གངས་གཟིག་སྲུང་སྐྱོབ་ཀྱི་འབད་བརྩོན་ནུས་ཤུགས་ཆུང་དུ་གཏང་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

          གང་ལྟར་དཔེར་ན། རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས། གོ་ལའི་གངས་གཟིག་དང་། སྣོད་བཅུད་རྟེན་འབྲེལ་གྱི་ལས་འཆར་ (GSL&EP) ནི་སེམས་ཅན་གནས་ཡུལ་རྒྱ་ཆེར་སྲུང་སྐྱོབ་ཀྱི་འཆར་གཞི་ལུང་པ་བཅུ་གཉིས་ཀྱི་ནང་དུ་ཐོག་མའི་འགོ་འཛུགས་ཙམ་ཡིན་ཞིང་། གོ་ལའི་སྣོད་བཅུད་རྟེན་འབྲེལ་གྱི་ལས་འཆར་ཁང་གི་ཕྱི་ལོ་ ༢༠༡༧ ཟླ་ ༠༩ པའི་ནང་གི་གསལ་བསྒྲགས་ནང་། ཕྱི་ལོ་ ༢༠༢༠ ལོ་མཇུག་བར་ལུང་པ་ ༢༠ ཉེས་སྲུང་བདེ་འཇག་ས་ཁུལ་དུ་བསྒྱུར་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་གསལ་སྟོན་གནང་ཡོད་པ་དང་། ལུང་པ་དེ་དག་ནི་བོད་དང་། རྒྱ་གར་གྱི་ས་ཁུལ་ཁག་གཅིག ད་ཡོད་ལ་དྭགས་ཀྱི་ (Hemis National Park in Ladakh.) ལྟ་བུར་བཟོ་བ་སོགས་ཡིན་སྲིད་པ་རེད་འདུག

འདྲ་པར་གཉིས་པ།

ས་གནས་རང་བཞིན་གྱི་ཐོག་རྒྱ་གར་གྱི་གངས་གཟིག་གཉེར་སྲུང་དགེ་རྩ་ (SLC-IT) ལ་ཚོགས་པའི་གངས་གཟིག་སྲུང་སྐྱོབ་ཀྱི་འབད་བརྩོན་ཆེད་གཟེངས་རྟགས་གང་མང་ཐོབ་པ་དང་། འདས་པའིི་ལོ་བཅོ་ལྔའི་ནང་ཚོགས་པ་དེས་ལ་དྭགས་ཀྱི་ཤན་ (Shan) ལུང་ (ཤན་ལུང་པ་ནི་ལ་དྭགས་ནང་གངས་གཟིག་གི་ལུང་གཤོངས་སུ་གྲགས་སོ) པའི་གྲོང་གསེབ་དང་། མཱར་ཁ་ (Markha) རཱོན་ (Rong) ཟཱང་སི་ཀར་ Zanskar གྲོང་གསེབ་སོགས་ཀྱི་མི་རྣམས་ཀྱི་བསམ་ཕྱོགས་ལ་འགྱུར་བ་བཏང་ཞིང་། དེ་བདག་མེད་སེམས་ཅན་གྱི་ར་བའི་ལྕགས་དྲྭ་བརྟན་དུ་བཏང་བ་སོགས་ཀྱིས་ས་ཁུལ་དེ་དག་ཏུ་གངས་གཟིག་གིས་གནོད་འཚེ་བརྒྱ་ཆ་ ༩༤ ཉུང་དུ་བཏང་བ་སོགས་ཀྱིས་རོགས་བྱས་ཡོད། དེ་ནས་ཚོགས་པ་དེས་ལུང་གཤོངས་དེའི་ནང་ཡུལ་སྐོར་བ་ས་གནས་ཡུལ་མིའི་ནང་དུ་སྡོད་རྒྱུའི་འབྲེལ་ལམ་གསར་བསྐྲུན་བྱས་ཤིང་། དེས་ཡུལ་སྐོར་བ་དང་ས་གནས་ཡུལ་མིར་གངས་གཟིགས་ལ་རོགས་སྐྱོར་བྱེད་པར་བློ་སྤོབས་སྤར་ཡོད་པ་རེད། དཔེར་ན། ས་གནས་ཡུལ་མིའི་ནང་དུ་སྡོད་གླ་ཁང་བདག་ལ་སྤྲད་པའི་བརྒྱ་ཆའི་ ༡༠ གངས་གཟིག་གིས་སྒོ་ཕྱུགས་འཕྲོག་བཅོམ་ལ་ཁ་གཏད་སོགས་ཀྱི་བདེ་འཇག་འགན་ལེན་ཆེད་དུ་འགྲོ་བཞིན་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༧ ཟླ་ ༡༠ པའི་ནང་མཱར་ཁ་ (Markha Valley) ལུང་གཤོངས་ནང་རྟ་ཆུང་ཞིག་བསད་པ་རྩོམ་པ་པོས་མཐོང་འདུ། དེར་བརྟེན། གངས་གཟིག་དང་། ཡུལ་སྐོར་བ། ས་གནས་མི་མང་བཅས་ཚང་མར་ཁེ་ཕན་ཐོབ་བཞིན་ཡོད། ད་ལྟ་གྲོང་སྡེའི་མི་རྣམས་ཀྱིས་སྣོད་བཅུད་ཡུལ་སྐོར་གྱི་ལམ་ལུགས་ཁས་ལེན་པ་དང་། གངས་གཟིག་གི་གཞིས་གཉེར་བར་འགྱུར་བཞིན་ཡོད་འདུག

མ་འོང་པའི་འཆར་གཞི་ནི་གྲོང་གསེབ་ཀྱི་མི་རྣམས་ཀྱིས་ཁོང་ཚོའི་སྒོ་ཕྱུགས་གངས་གཟིག་གིས་མི་འཕྲོག་པའི་ཆེ་དུ་རི་སྒང་སུ་བདག་མེད་སེམས་ཅན་གྱི་བཟའ་རྒྱུར་རྩྭ་འདེབས་པ་དང་། གངས་གཟིག་གིས་བཟའ་རྒྱུའི་སེམས་ཅན་མང་དུ་གཏོང་བ་སོགས་ཡིན་སྲིད།

འདྲ་པར་གསུམ་པ།
འདྲ་པར་གསུམ་པ། ཧཱན་ཀར་གྲོང་གསེབ། (Hankar villag) ཕྱི་ལོ་ ༢༠༡༧ ཟླ་ ༡༠

  ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ནང་པའི་གྲྭ་པ་ཞིག་གངས་གཟིག་སྲུང་སྐྱོབ་པ་ཕུལ་དུ་བྱུང་བ་ཞེས་སར་གནས་ཁག་ལས་ཐོན་མྱོང་། གྲྭ་པ་རྣམས་ནི་སློབ་གསོའི་ལས་འགུལ་དང་། དུས་དྲན་སོགས་བརྒྱུད་ནས་མི་མང་སྟོང་ཚོ་བཅུ་ཕྲག་ལས་བརྒལ་བར་གསུང་ཆོས་སོགས་ཀྱི་སྐབས་སུ་གངས་གཟིག་གི་གལ་ཆེན་རང་བཞིན་དང་། གཉེར་སྲུང་བྱེད་དགོས་པ་སོགས་ལ་བཀོད་ཁྱབ་བྱེད་པ་དང་།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པར་སྦྱོང་བརྡར་ཐོབ་ཡོད།རེ་བ་བྱེད་ཆོག་པའི་རྟགས་མཚན་འདི་དག་དང་། གངས་གཟིག་དང་འདིའི་ཁོར་ཡུག་རྣམས་ལ་ཁྱེད་རང་གིས་རོགས་བྱས་པ་སོགས་ལ་བརྟེན་ནས་ཕལ་ཆེར་མ་འོངས་པར་གངས་གཟིག་དང་། རི་དྭགས་ཀྱི་རྟེན་གཞིར་གྱུར་པའི་ཁོར་ཡུག་སོགས་བཟང་ཕྱོག་སུ་འགྱུར་བཞིན་ཡོད། ཧ་ལམ་ཉིན་ཞིག་བོད་ནས་བཟུང་སྟེ་ཧི་མ་ཅལ་མངའ་སྡེའི་བར་ཁོང་ཚོ་མི་རྣམས་དང་མཐུན་གཤིབ་མཉམ་གནས་བྱེ་ཐུབ་པར་གྱུར་སྲིད།

     སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) དང་། མཱར་ཝིན་ཝེ་སི་ཋེར་ཝེལ་ཌ། (Marvin Westerveld) ཨེ་མེའེ་ལི་ཡ་རཱོ་རྫེལི་ (Amelia Rozelle) སོགས་ཀྱིས་བྲིས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བོད་ཡིག་ཏུ་བསྒྱུར།

     སེ་མཱོན་ཁཱ་ཝན་དྷ་ཤཱི་ (Simon Cavendish) ཡིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་བོད་ནས་གངས་གཟིག་གི་རྟགས་གང་ཡང་མ་མཐོང་མོད། འོན་ཀྱང་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནང་མཱར་ཁ་ (Markha) རི་གྲོང་ནས་མཐོང་ཞིང་། ས་གནས་རྒྱ་གར་གྱི་གངས་གཟིག་གཉེར་སྲུང་དགེ་རྩ་ (SLC-IT) ཚོགས་པར་ལས་དོན་བསྒྲུབས།

དཔྱད་གཞིའི་ཡིག་ཆ་ཁག

IUCN red list decision, 2017

SSLC, 2014

SLT, 14/9/17

GSL&EP, August 2017

SLC-IT

SLC-IT, Homestays

SLC, Tibet monks, 2013

SLN

ཐེངས་ 427167 བཀླགས་འདུག