Donate

བོད་ནང་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བ།

བོད་ནང་རྫོགས་ཆེན་དགོན་པ་དང་ས་གནས་ཡུལ་མི་རྣམས་པས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུགIn Tibetདེའི་སྐོར་ས་གནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་ལྟར་ན། རྫོགས་ཆེན་དགོན་གྱི་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་གིས་སྣེ་འཁྲིད་གནང་བའི་ཐོག་རྫོགས་ཆེན་ཤྲཱི་ཆོས་གྲྭ་ཆེན་མོའི་དགེ་སློབ་ཡོངས་དང་། རྫོགས་ཆེན་དགོན་གཞུང་གི་དགེ་འདུན་པ། ས་གནས་ཡུལ་མི་བཅས་ནས་སྔ་ལོ་ནས་བཟུང་ཤིང་ནགས་གསར་འཛུགས་ཀྱི་ལས་འགུལ་སྤེལ་བ་དང་། ལོ་འདིའི་ཕྱི་ཟླ་བཞི་པའི་ཚེས་༡༨་ཉིན། རྫོགས་ཆེན་བཤད་གྲྭའི་ཉེ་འདབས་དང་དགོན་པའི་རྒྱབ་རི་སོགས་སུ་ཤིང་རེ་ལ་སྤྱི་ཁྲི་གང་རེ་ཡན་ཡོད་པའི་ཤིང་སྡོང་ཆིག་ཁྲི་ཉིས་སྟོང་ལྷག་ཙམ་ཉོ་འཛུགས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་མ་ཟད། ནམ་རྒྱུན་ཁོར་ཡུག་བདག་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏོང་རྒྱུའི་གོ་རྟོགས་སྤེལ་གནང་ནས་དངོས་ཡོད་ལག་ལེན་དོན་འཁེལ་ཡོང་རྒྱུར་ཤུགས་སྣོན་སྐྱོན་བཞིན་ཡོད་འདུག

In Tibet 3ཡང་ལས་འགུལ་སྤེལ་བའི་སྐབས་ཀྱི་བརྙན་ཐུང་ཞིག་འབྱོར་བའི་ནང་། སྣེ་ཁྲིད་མི་སྣས། དེང་སྐབས་འཛམ་གླིང་གི་གནམ་ས་བར་སྣང་གང་སར་འཚོ་སྡོད་བྱེད་པའི་སྲོག་ཆགས་ཐམས་ཅད་ཀྱི་བདེ་ཐང་དང་། ཚེ་སྲོག་ལ་ཉེན་ཁ་བྱུང་དང་འབྱུང་བཞིན་པ་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ཁོར་ཡུག་བདག་གཅེས་མ་བྱས་པ་བཅས་ཀྱི་གནས་སྟངས་འོག་ནས་བྱུང་བ་ཞིག་ཡིན་སྟབས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཁག་གི་དབུ་འཁྲིད་དང་གནད་ཡོད་མི་སྣ་ཚོས། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་བཅོས་གཏོང་དགོས་བའི་ལས་འགུལ་སྤེལ་བ་དང་། ཚོགས་འདུ་ཆེན་པོ་ཚོགས་དང་ཚོགས་བཞིན་པ་ཡོད་ཀྱང་། དོན་དངོས་ལས་འགུལ་དེ་བཞིན་སྤྱི་ཚོིགས་ནང་གི་གཞི་རིམ་མང་ཚོགས་ནས་ཉིན་རེའི་བྱ་གཞག་གི་ཐོག་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་གལ་ཆེ་བ་ཡིན་ལུགས་སོགས་ཀྱི་གཏམ་བཤད་སྤེལ་གནང་ཡོད་འདུག

In Tibet 2གོང་དུ་ཞུས་པའི་རྫོགས་ཆེན་དགོན་པ་ནི། ད་ལྟའི་ཆར་རྒྱ་ནག་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་འབོད་པའི་སྡེ་དགེ་རྫོང་གི་བྱང་ཤར་གྱི་མཚམས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྤྱི་ཁྲི་༤༠༠༠ལྷག་ཡོད་པའི་སར་ཆགས་ཡོད་པ་ཞིག་ཡིན་འདུག།

གནས་ཚུལ་ཡོང་ཁུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཐེངས་ 42175 བཀླགས་འདུག