Donate

བོད་མཐོ་སྒང་གོ་ལའི་སྣེ་མོ་གསུམ་པ།

བོད་མཐོ་སྒང་གི་གལ་གནད་རང་བཞིན། བོད་ལ་ཉེ་དུས་གོ་ལའི་སྣེ་མོ་གསུམ་པ་དང་ཨེ་ཤི་ཡའི་ཆུ་མཛོད་ཅེས་པའི་མིང་བཏགས་པ་དེ་རང་གིས་བོད་ཀྱི་གངས་རི་དང་ཆུའི་འབྱུང་ཁུངས་རྣམས་ཀྱི་རིན་ཐང་ཇི་ཡིན་འགྲེལ་བརྗོད་བྱས་ཡོད། བོད་མཐོ་སྒང་དེར་འཁྱགས་རོམ་བཞི་ཁྲི་དྲུག་སྟོང་ལྷག་ཡོད་ཅིང་། དེ་དག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ལྔ་སྟོང་གྱི་ས་ཁྱོན་ལ་ཁྱབ་ཡོད།

འདི་ནི་ས་གཞི་རིལ་མོའ་ིཐོག་གི་འཁྱགས་རོམ་མང་ཤོས་ཀྱི་ས་ཁུལ་དེ་ཡིན། བོད་མཐོ་སྒང་ནི་ལྷོ་ཕྱོགས་ནས་མཐོ་ལ་བརྗིད་ཉམས་ཅན་གྱི་རི་བོ་ཧི་མཱ་ལ་ཡ་དང་། བྱང་ཕྱོགས་སུ་ཁུ་ནུ་རི་རྒྱུད། ནུབ་ཕྱོགས་ནས་ཧིན་དུ་ཀུཤ་དང་པ་མིར་རི་རྒྱུད་བཅས་ཀྱིས་བསྐོར་ནས་ཡོད། གནའ་དུས་ནས་བོད་མཐོ་སྒང་ཧི་མཱ་ལ་ཡ་དང་ཧིན་དུ་ཀུཤ་འཁྱགས་པའི་གཡོག་རིམ་རྣམས་ཉར་སྲུང་བྱས་ཤིང་། འདི་ནི་གོ་ལའི་སྣེ་མོ་གཉིས་ལས་གཞན་པའི་འཁྱགས་རོམ་གཞི་རྒྱ་ཆེས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པ་དེ་དེང་སང་བཞུར་སྟེ་སྟོང་པར་འགྱུར་བཞིན་ཡོད།

ཚན་རིག་པ་རྣམས་ཀྱིས་ད་ལྟའི་བར་ཧི་མཱ་ལ་ཡའི་བྱང་རྒྱུད་ཀྱི་རི་འདབས་སུ་འཁྱགས་རོམ་གྱི་མཚོ་ ༣༤ ཙམ་ཡོད་པ་ར་སྤྲོད་བྱས་ཡོད་ཅིང་། རི་རྒྱུད་དེ་དག་ནས་འབབ་པའི་རྒྱུག་ཆུ་རྣམས་སེང་གེ་ཁ་འབབ་དང་། ཡར་ཀླུང་གཙང་པོ། གླང་ཆེན་ཁ་འབབ། རྫ་ཆུ། རྨ་ཆུ། འབྲི་ཆུ་སོགས་ཨེ་ཤི་ཡའི་ས་ཁྱོན་དུ་རྒྱུག་བཞིན་པའི་གལ་ཆེའི་གཙང་ཆེན་རྣམས་སུ་འབབ་ཀྱི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42129 བཀླགས་འདུག