Donate

བོད་མཐོ་སྒང་དུ་བྱུང་བའི་རྗེས་འབྲས།

དེང་སང་བོད་མཐོ་སྒང་དེ་གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་མྱོང་བའི་གནས་སྟངས་ཛ་དྲག་ཤོས་ཀྱི་གནས་སུ་ལྷུང་བཞིན་པ་དང། ད་དུང་མཁའ་རླུང་གི་སྤྱི་སྙོམ་དྲོད་ཚད་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་ཛ་དྲག་གི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་གཏོང་བཞིན་པའི་ཐོག འགྲོ་བ་མིའི་བྱ་སྤྱོད་དང་གནམ་གཤིས་ཀྱི་མཇུག་འབྲས་ངན་པ་ཁག་གཅིག་གིས་རླུང་ཁམས་ནང་དྲོད་ཁང་རླངས་རྫས་གློད་གཏོང་གི་ཚད་གཞི་མཐོ་རུ་གཏོང་བཞིན་པའི་གནས་སུ་གྱར་བཞིན་ཡོད། དེའི་མཇུག་འབྲས་སུ་འཁྱགས་རོམ་རྣམས་བཞུར་སྟོངས་སུ་འགྲོ་བ་དང་། རྩ་ཐང་བྱེ་ཐང་དུ་འགྱུར་བ། མཚོ་དང་རྒྱུག་ཆུ། གཤེར་ས་ཁག་སྐམ་ཟད་དུ་གྱུར་བ་བཅས་ཡིན། དེ་ལྟའི་གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་སུ་བྱུང་པའི་གྱོང་གུན་ཁག་ཐད་ཀར་མྱོང་མཁན་ནི། མི་རབས་ནས་མི་རབས་བར་རང་བྱུང་ཁམས་དང་མཐུན་གནས་ཀྱི་འཚོ་བར་རོལ་མཁན་གྱི་ཉེས་མེད་ཞིང་འབྲོག་མང་ཚོགས་རྣམས་ཆགས་ཡོད། འགྱུར་ལྡོག་འདི་དག་གི་སྣ་འདྲེན་བྱེད་པོ་དྲོད་ཁང་རླངས་རྫས་གློད་གཏོང་བྱེད་མཁན་གྱི་གཙོ་བོ་རྣམས། གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་ངན་པའི་རིགས་སྐྲུན་མཁན་དང་མྱོང་མཁན་བསྲན་སྟོབས་ཞན་པའི་ཕན་གནོད་འབྲེལ་ཡུལ་རྣམས་ཕན་ཚུན་ཆེས་རྒྱང་ཐག་རིང་པོར་གནས་པའི་དབང་གིས། གནམ་གཤིས་ཚ་དྲོད་འཕེལ་བའི་གནས་ཚུལ་འདི་ནི་རྒྱུན་ལྡན་མིན་པའི་ཁོར་ཡུག་གི་དཀའ་ངལ་དམིགས་བསལ་ཅན་ཞིག་ཡིན་ཞེས་འཇུ་ལི་ཡ། ཀི་ལཱིན་ (Dr.Julia Klein) གྱིས་གསལ་སྟོན་བྱས་འདུག
ད་དུང་སྙན་ཐོ་དེས་ཉེ་དུས་འཛུགས་སྐྲུན་བྱས་པའི་བོད་ཀྱི་མེ་འཁོར་ལྕགས་ལམ་ལ་ཡང་གནོད་སྐྱོན་ཡོང་སྲིད་པའི་སྐོར་བཤད་ཡོད། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་བོད་ཀྱི་སྐྱེ་ཁམས་མ་ལག་གི་ཆེས་གལ་གནད་ཆེ་བའི་གྲུབ་ཆའི་རིགས་ལ། གཞི་རྩའི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་འདིས། ཨེ་ཤི་ཡའི་ཆུ་བོའ་ིམ་ལག་གི་རྨང་གཞིའི་འབྱུང་ཁུངས་སུ་གྱུར་པའི་གཙང་ཆེན་མང་པོའི་བཞུར་ཚད་ལ་བྲི་ཆག་གི་རྒྱུ་རྐྱེན་བྱས་ཡོད། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ནམ་དུས་རྒྱུན་ལྡན་ལྟར་མ་གནས་པར།
ཆར་ཆུ་དུས་མིན་དུ་འབབ་པ་ལྟ་བུས་བེའུ་སོགས་ཀྱི་སྐྱེ་འཕེལ་གྱི་གྲངས་འབོར་ཉུང་དུ་འགྲོ་བ་དང་། འོ་བཞོའི་ནམ་དུས་ལ་ཕྱིར་འགྱངས་བྱུང་བ། ཞིང་ལས་འཚོ་ཐབས་དང་སྒོ་ཕྱུགས་འཚོ་སྐྱོང་གི་གནས་སྟངས་གཉིས་མངོན་དཔག་མི་ཐུབ་པར་གྱུར་ཡོད། དོན་རྐྱེན་འདི་ཚོས་བོད་རིགས་ཕལ་མོ་ཆེའི་འཚོ་ཐབས་ལ་དོ་ཕོག་གཏོང་བཞིན་ཡོད། རྒྱུན་མཐུད་དུ་འབྱུང་བའི་ས་རུད་ཕྱི་ལོ་ ༢༠༠༧ ལོར་འདོན་སྤེལ་བྱས་པའི་རྒྱ་ནག་རྒྱལ་ཡོངས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་དཔྱད་ཞིབ་སྙན་ཐོ་ལྟར་ན། རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་ལས་དོན་ལྷན་ཁང་གི་དབུས་འབྲེལ་ཡོད་ཚན་པ་བཅུ་གཉིས་ཀྱི་ཚན་རིག་པ་ཚོས། ཕྱི་ལོ་ ༢༠༣༠ བར་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱ་ཆ་༥ ནས་ ༡༠ བར་མར་ཆག་རྒྱུ་དང་། བྱེ་མའི་རླུང་འཚུབ་དང་རྒྱ་མཚོའི་རླུང་རྒོད། ཆུ་ལོག་དང་ཐན་པ་མང་དུ་ཡོང་རྒྱུ་མ་ཟད། ནད་ཡམས་ཀྱིས་གནོད་འཚེ་ཕོག་ཉེན་ཅན་གྱི་མི་འབོར་བརྒྱ་ཆ་ ༤༠ ཙམ་མང་དུ་འགྲོ་རྒྱུ་བཅས་ཀྱི་སྔོན་དཔག་བྱས་ཡོད།
རིགས་ཀྱིས་བོད་ནང་ས་གཞི་བེད་སྤྱོད་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་བཟོ་བཞིན་ཡོད། དེ་ལྟར་མ་ཟད། ཉེ་བའི་ལོ་ཤས་རིང་བོད་ནང་འཁྱགས་རོམ་བཞུར་བའི་མཚོ་ཁ་བརྡོལ་བ་དང་། ཆུ་ལོག་ཐོན་པའི་གནས་སྟངས་འདི་རིགས་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42184 བཀླགས་འདུག