Donate

བོད་རིགས་དང་འབྲེལ་བའི་པགས་རིགས་ཀྱི་ནག་ཚོང་གི་དོན་རྐྱེན་སྐོར།

བོད་ནང་གཅན་གཟན་པགས་རིགས་འགྲོ་རྒྱུག་ཆེན་པོ་ཡོད་པ་དང་བསྟུན་བོད་རིགས་བྱབ་ཆུང་འགའ་ཤས་ཀྱི་འདོད་རྔམ་གྱི་དབང་གིས་རྒྱ་གར་དང་བལ་ཡུལ་སོགས་ནས་བོད་ལ་ཕར་སྟག་གཟིག་སྲབ་གསུམ་གྱི་པགས་པ་མཁོ་སྤྲོད་བྱེད་ཅིང༌། ཚུར་བོད་ཀྱི་རི་དྭ྄གས་གཙོད་ཀྱི་ཁུ་ལུ་མཁོ་འདོན་བྱས་ཏེ་རྒྱ་གར་ཀ་ཤི་མིར་གྱི་ཁ་ཆེའི་ཚོང་པར་གཙོང་གི་ཡོད་པ་རེད། ནག་ཚོང་གི་དོན་རྐྱེན་ལྷགས་སྐབས་གསར་འགྱུར་རྒྱུད་ལམ་ཁག་ཏུ་འདོན་རྒྱུ་ཡིན་པ་བཤད་མ་དགོས་པ་དང༌། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཚོགས་པ་ཁག་གིས་གོ་སྐབས་དེ་བཟུང་ཏེ་དེ་བས་ཁྱབ་སྤེལ་ཆེ་རུ་གཏོང་ཐབས་སོགས་བྱེད་ཀྱི་ཡོད་པས། གནད་དོན་དེ་ལ་བརྟེན་ནས་བོད་རིགས་སྤྱི་ལ་མིང་ཆད་མང་པོ་ཕོག་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༣༠ ཉིན་ལྡི་ལི་བོད་མིའི་སྡོད་སྒར་བསམ་ཡས་གླིང་ནང་པད་མ་མུ་ཆི་ཟེར་བ་ཞིག་རྒྱ་གར་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཁྲིམས་ཆད་ཕོག་ཡོད་པ་དང༌། སྐབས་དེ་དུས་ཁོའི་ནག་ཚོང་ཅ་དངོས་སྟག་དང༌། གཟིག ཤྭ་བ་སོགས་ཀྱི་པགས་རིགས་གྲངས་ ༢༦༤ དང་སྟག་གི་རུས་པ་སྤྱི་རྒྱ་ ༣༧༩ སོགས་ཐོན་ཡོད་པ་རེད།

ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༡༠ ཚེས་ ༨ ཉིན་བོད་གཙང་སྟོད་ངམ་རིང་ས་ཁུལ་དུ་གཅན་གཟན་པགས་རིགས་ཨ་སྒོར་ས་ཡ་བདུན་ལྷག་གི་མ་རྩ་ཅན་གྱི་ནག་ཚོང་གི་དོན་རྐྱེན་ཆེ་ཤོས་ཤིག་བྱུང་ཡོད་པ་དང༌། དེའི་ནང་སྟག་ལྤགས་ ༣༡ དང༌། གཟིག་ལྤགས་ ༥༨༡ སྲམ་ལྤགས་ ༧༧༨ དེ་བཞིན་གཡི་ལྤགས་སོགས་ཡོད་པ་འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྟག་སླགས།ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༥ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་ཉེ་འཁོར་ནས་ནག་ཚོང་རྒྱག་མཁན་དང་འབྲེལ་བ་ཡོད་པའི་མི་གསུམ་འཛིན་བཟུང་བྱས་ནས་ནག་ཚོང་ཅ་དངོས་གཟིག་ལྤགས་ ༤༤ དང་སྲམ་ལྤགས་ ༡༤ ལག་སོན་བྱུང་ཡོད་པ་རེད། སྐབས་དེའི་ཅ་དངོས་དེ་དག་གི་རིན་འབབ་ཧིན་སྒོར་འབུམ་བཞི་བཅུ་ཡས་མས་ཙམ་ཡིན་པ་དང༌།

ཕྱི་ལོ་ ༢༠༠༥ ཟླ་ ༨ ནང་བལ་ཡུལ་གྱི་རྒྱལ་ས་རུ་སྟག་ལྤགས་ ༡ དང་གཟིག་ལྤགས་ ༡ དེ་བཞིན་སྟག་གཟིག་སོགས་ཀྱི་རུས་པ་ཆེ་ཆུང་གྲངས་ ༡༠༣ ཙམ་ནག་ཚོང་པ་ལག་ནས་གཞུང་བཞེས་བཏང་ཡོད་པ།

ཕྱི་ལོ་ ༢༠༠༥ ཟླ་ ༩ ནང་བལ་ཡུལ་ས་གནས་ར་སུ་ཝར་སྟག་ལྤགས་ ༥ དང་སྟག་གཟིག་གི་རུས་པ་ཆེ་ཆུང་གྲངས་ ༡༡༣ ཙམ་ལག་པར་ཐེབས་ཐུབ་པ་བྱུང་བ་དང༌།

ཕྱི་ལོ་ ༢༠༠༥ ཟླ་ ༩ ནང་ཁ་སར་རུ་སྟག་ལྤགས་ ༡༢ དང་གཟིག་ལྤགས་ ༦༠ སེམས་ཅན་གཞན་གྱི་པགས་པ་ ༢༠ དང༌། སྟག་གཟིག་གི་རུས་པ་སྤྱི་རྒྱ་ ༡༤ ཙམ་གཞུང་བཞེས་དང༌།

ཕྱི་ལོ་༢༠༠༦ ཟླ་ ༢ ཚེས་ ༣ ཉིན་ལྡི་ལི་རུ་བོད་རིགས་ཤིག་དང་རྒྱ་གར་བ་གཉིས་འཛིན་བཟུང་དང་འབྲེལ་ནག་ཚོང་ཅ་དངོས་གཟིག་ལྤགས་་༣༤ སྲམ་ལྤགས་ ༤ གཞུང་བཞེས་བཏང་ཡོད་པ་རེད།

ཕྱི་ལོ་ ༡༩༩༩ ནས་ ༢༠༠༦ བར་དུ་སྟག་གཟིག་གི་པགས་པ་ཁྲིམས་འགལ་ཐོག་ཚོང་བསྒྱུར་བྱས་པའི་དོན་རྐྱེན་ཆེ་ཤོས་གྲངས་ ༢༠ ལྷག་ཙམ་བོད་མིའི་དང་ཐད་ཀར་འབྲེལ་བ་བྱུང་ཡོད་ཅིང༌། ཕྱི་ལོ་ ༢༠༠༦ ཟླ་ ༥ སྔོན་ལ་ནག་ཚོང་པགས་རིགས་མང་ཆེ་བ་བོད་ནང་ཐད་ཀར་འགྲོ་ཡི་ཡོད་པ་རེད།

ཐེངས་ 42163 བཀླགས་འདུག