Donate

མཁའ་དབུགས་དུག་རླངས་ཀྱི་ཉེན་བརྡ་དམར་པོ་ཐེངས་གཉིས་པ་བཏང་།

པེ་ཅིན་གྲོང་ཁྱེར་ནི་འཛམ་གླིང་སྟེང་མཁའ་དབུགས་དུག་རླངས་ཚབས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ནང་མཁའ་དབུགས་དུག་རླངས་ཀྱི་འཕེལ་ཚད་ ༢༥༠༠ ཟིན་གྱི་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག

2014-02-21T084011Z_1_CDEEA1K0O3100_RTROPTP_3_CHINA-POLLUTION-SMOG

དེ་རིང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་པེ་ཅིན་གཞུང་གིས་རྒྱལ་ནང་གི་མཁའ་དབུགས་དུག་རླངས་ཚབས་ཆེ་རུ་ཕྱིན་པའི་ཉེན་བརྡ་དམར་པོ་ཐེངས་གཉིས་པ་བཏང་ཡོད་འདུག

པེ་ཅིན་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས། དེང་སྐབས་པེ་ཅིན་གྲོང་ཁྱེར་ནང་ཉིན་གསུམ་རིང་མཁའ་དབུགས་དུག་རླངས་ཀྱི་འཕེལ་ཚད་ ༢༠༠ ལྷག་ཟིན་གྱི་ཡོད་པ་དང་། མི་འགྱང་བར་པེ་ཅིན་གྲོང་ཁྱེར་ནང་ཉིན་གཅིག་ནང་མཁའ་དབུགས་དུག་རླངས་ཀྱི་ཚད་རིམ་ ༥༠༠ དང་། ཡང་ན་ཉིན་གཉིས་ནང་མཁའ་དབུགས་དུག་རླངས་ཀྱི་ཚད་རིམ་ ༣༠༠། ཉིན་བཞིའི་ནང་ཚད་རིམ་ ༢༠༠ བཅས་ཟིན་གྱི་ཡིན་པར་ཚད་དཔག་བྱེད་བཞིན་འདུག

པེ་ཅིན་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཛ་དྲག་སྔོན་བརྡ་ཚན་པའི་འགན་འཛིན་གཞོན་པ་ལིའུ་ཝེ་ (Liu Wei) ཟེར་བ་ཞིག་གིས། ཐེངས་འདིའི་མཁའ་དབུགས་དུག་རླངས་ཀྱི་ཉེན་བརྡ་དམར་པོ་ཐེངས་གཉིས་པས་རྒྱལ་ནང་གི་མཁའ་དབུགས་དུག་རླངས་ཚོད་འཛིན་ལ་ཕན་ནུས་འཐོན་གྱི་ཡིན་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ན་ནིང་ཕྱི་ཟླ་ ༡༢ ནང་རྒྱ་ནག་གཞུང་གིས་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་དུག་རླངས་ཤུགས་ཆེ་རུ་ཕྱིན་པའི་ཉེན་བརྡ་དམར་པོ་ཐོག་དང་པོ་བཏང་སྟེ། པེ་ཅིན་གྲོང་ཁྱེར་གྱི་སློབ་གྲྭ་དང་བཟོ་སྐྲུན་ལས་རིགས་ཁག་མཚམས་འཇོག་ཏུ་བཅུག་ཡོད་པ་མ་ཟད། འདས་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་བཟུང་པེ་ཅིན་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་གྱི་གྲོང་ཁྱེར་བཞིའི་ནང་མཁའ་དབུགས་དུག་རླངས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

 

དེང་སྐབས་རྒྱ་ནག་ནང་མཁའ་དབུགས་དུག་རླངས་ཀྱི་གླེང་གཞི་ཤུགས་ཆེར་བྱུང་བ་དང་། ལོ་རེ་བཞིན་རྒྱ་རིགས་སྟོང་ཕྲག་མང་པོས་རང་བྱུང་ཁོར་ཡུག་ཉམ་ཉེས་ལ་སེམས་འཚབ་ཀྱིས་ངོ་རྒོལ་སྐད་འབོད་བྱེད་མུས་ཡིན་ནའང་། རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཁག་གིས་ཕྱི་ལོ་ ༢༠༣༠ བར་རྒྱལ་ནང་གི་མཁའ་དབུགས་འབག་བཙོག་ཆགས་པའི་དཀའ་ཉེན་སེལ་ཐུབ་ཀྱི་མིན་པར་ཚོད་དཔག་བྱེད་ཀྱི་འདུག

ད་ལོའི་ཕྱི་ཟླ་ ༡ ནང་པེ་ཅིན་གྲོང་ཁྱེར་ནི་འཛམ་གླིང་སྟེང་གི་མཁའ་དབུགས་དུག་རླངས་ཚབས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་མཁའ་དབུགས་དུག་རླངས་ཀྱི་འཕེལ་ཚད་ ༢༥༠༠ ཟིན་གྲབས་ཡོད་སྟབས། པེ་ཅིན་གཞུང་གིས་དུག་རླངས་དྭངས་ཐབས་སུ་བར་སྣང་གི་མཁའ་དབུགས་རྒྱུ་ལམ་ཡར་རྒྱས་གཏོང་འཆར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནེའུ་ཡོག་དུས་བབ་གསར་ཁང་གིས་དཔྱད་རྩོམ་ཞིག་སྤེལ་བའི་ནང་། རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ས་གནས་འབྲས་སྐྲན་སྨན་ཁང་གི་བརྟག་དཔྱད་གྲུབ་འབྲས་གཞིར་བཟུང་ནས་དྲ་ཐོག་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། པེ་ཅིན་གྲོང་ཁྱེར་མཐའ་འཁོར་གྱི་བཟོ་ལས་ཐོན་གཉེར་ཁང་ཆེས་མང་པོའི་ཞིང་ཆེན་ཁག་ཏུ་ངར་ལྕགས་སྲེག་རྡུང་དང་བཞུ་སྦྱང་གི་དུག་རླངས་ལ་བརྟེན་ནས། རྒྱ་ནག་ནང་གློ་བའི་འབྲས་སྐྲན་གྱིས་ཤི་གྲངས་ཚབས་ཆེ་རུ་ཕྱིན་ཏེ། འདས་པའི་མི་ལོ་བཅུ་ཕྲག་ཅིག་རིང་གློ་བའི་འབྲས་ནད་ཀྱི་ཤི་གྲངས་ལྡབ་བཞིས་འཕར་ཡོད་སྐོར་འཁོད་འདུག

ཧུའུ་པེ་ཞིང་ཆེན་གྱི་སྐྲན་ནད་སྨན་ཁང་གིས་བཏོན་པའི་སྙན་ཐོའི་ནང་། ཕྱི་ལོ་ ༡༩༧༣ ལོ་ནས་ ༢༠༡༢ ལོའི་བར་ཧུའུ་པེ་ཞིང་ཆེན་ནང་གློ་བའི་འབྲས་སྐྲན་གྱི་གནད་དོན་བརྒྱ་ཆ་ ༣༠༦ (བརྒྱ་ཆ་ལས་བརྒལ་བའི་ལྡབ་གསུམ་ལ་གོ) ཟིན་གྱི་ཡོད་པ་དང་། གྲངས་འབོར་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་འབྲས་སྐྲན་གནད་དོན་གྱི་གྲངས་འབོར་ལས་བརྒལ་ཏེ། བློ་བའི་འབྲས་སྐྲན་གྱིས་ཤི་ཚད་བཞི་ཆ་གཅིག་ཟིན་ཀྱི་ཡོད་སྐོར་བསྟན་འདུག

ཕྱི་ལོ་ ༢༠༡༢ ལོར་ཧུའུ་པེ་ཞིང་ཆེན་གྱི་ཡུལ་མི་ ༡༠༠.༠༠༠ གྲས་ནས་ཡུལ་མི་ ༣༥.༢༢ གློ་བའི་འབྲས་སྐྲན་གྱིས་རྐྱེན་འདས་སུ་འགྱུར་བཞིན་ཡོད་ཅིང་། ཧུའུ་པེ་ཞིང་ཆེན་དུ་ཡུལ་མི་ས་ཡ་ ༧༤ ཡོད་པ་དེས་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་མི་འབོར་གྱི་ལྡབ་གཉིས་ཟིན་གྱི་ཡོད་པ་རེད།

གནས་ཚུལ་ཡོང་ཁུངས། བོད་ཀྱི་དུས་བབ།

ཐེངས་ 42173 བཀླགས་འདུག