Donate

མཚོ་སྔོན་ཁུལ་དུ་ས་ཡོམ་བརྒྱབ་འདུག

མདང་དགོང་མཚོ་སྔོན་ཞིང་ཆེན་མིན་ཡན་རྫོང་དུ་ས་ཡོམ་ཚད་རིམ་ ༦ ལྷག་ཅན་ཞིག་བརྒྱབ་སྟེ་ཟི་ལིང་གྲོང་ཁྱེར་དང་ལན་ཀྲུའུ། ཀན་སུའུ་སོགས་ཀྱི་ནང་ཤུགས་རྐྱེན་ཐེབས་ཡོད་འདུག

12541146_10153758685716877_6152808524506893911_nམདང་དགོང་ས་གནས་ཀྱི་ཆུ་ཚོད་དང་པོ་ཡོལ་ཙམ་ལ། མཚོ་སྔོན་ཞིང་ཆེན་མིན་ཡན་རྫོང་གི་ཤར་བྱང་ཁུལ་དུ་ས་ཡོམ་ཚད་རིམ་ ༦.༤ ཅན་ཞིག་བརྒྱབ་ཡོད་པ་དང་། ས་ཁུལ་དེ་ནས་སྤྱི་ལེ་ ༡༡༠ ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་ལན་ཀྲུའུ། ཀན་སུའུ་ཞིང་ཆེན་གྱི་ནང་དུའང་ས་ཡོམ་གྱི་འགུལ་ཤུགས་ཅུང་ཆེན་པོ་ཐེབས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་ཡོལ་ལས་ཁུངས་ཀྱི་ཆེད་མངག་མི་སྣ་ཡུལ་དངོས་སུ་སོང་སྟེ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ལ། ད་ལྟའི་ཆར་མི་ལ་ཤི་རྨས་དང་ཁང་པ་སོགས་རྡིབ་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མི་འདུག

ས་ཡོམ་བྱུང་རྗེས། རྒྱ་ནག་ས་ཡོམ་དྲ་བའི་ལྟེ་གནས་དང་ས་གནས་ས་ཡོམ་སྡེ་ཁག་གཉིས་ཀྱིས་ཛ་དྲག་གི་ཚོགས་འདུ་བསྡུས་ཏེ། ཐེངས་འདིའི་ས་ཡོམ་ལ་དཔྱད་ཞིབ་བྱེད་སྐབས། ས་ཡོམ་དེ་ལས་ཤུགས་ཆེ་བ་རྒྱག་པའི་ཉེན་ཁ་ཆེན་པོ་མེད་ཀྱང་། ཉིན་ཤས་ནང་ས་ཡོམ་ཚད་རིམ་ ༥ ཡས་མས་ཅན་ཡང་བསྐྱར་རྒྱག་སྲིད་པས་ཡིད་གཟབ་དགོས་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོ་གསར་དུ་ཚེས་ནས་ཉིན་གྲངས་ ༢༡ ཕྱིན་པའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་དུ་ཚད་རིམ་ ༣ ནས་ ༥ ལྷག་ཅན་གྱི་ས་ཡོམ་ཐེངས་ ༧ བརྒྱབ་ཡོད་པ་དང་། བོད་ལྷོ་ཁ་ས་ཁུལ་དུ་ཚད་རིམ་ ༣ ལྷག་ཅན་ཐེངས་གཉིས། གཞིས་ཀ་རྩེ་རུ་ཚད་རིམ་ ༣ ལྷག་ཅན་ཐེངས་གཉིས་བཅས་བརྒྱབ་ཡོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

ཐེངས་ 42232 བཀླགས་འདུག