Donate

མཚོ་སྔོན་པོའི་བྲི་རྒུད།

གྲགས་ཅན་གྱི་མཚོ་སྔོན་པོའི་ཆགས་འཇིག་ད་ལྟའི་ཆར་གནམ་གཤིས་ཚ་དྲོད་ཀྱི་འཕེལ་འགྲིབ་ལ་རག་ལུས་ཡོད། ཕྱི་ལོ་ ༢༠༠༨ ལོར་སུན་(Sun)
དང་ཁོང་གི་ལས་རོགས་ཚོས་ཉམས་ཞིབ་བྱས་པ་ལྟར་ན། ཕྱི་ལོ་༡༩༥༩
ནས་ ༢༠༠༥ བར་གྱི་དུས་ཡུན་ནང་མཚོ་སྔོན་པོའ་ིཆུ་ཁ་མི་ཊར་ ༣.༦༢ མར་ཆགས་ཡོད་པ་དང་། སྤྱི་སྙོམ་བྱས་ན་ལོ་རེར་སེན་ཊི་མི་ཏར་ ༧.༨ ཙམ་དམའ་རུ་ཕྱིན་ཡོད། དེ་དང་མཚུངས་པར་མཚོ་སྟེང་གི་རྒྱ་ཁྱོན་ཡང་ཕྱི་ལོ་ ༡༩༥༩ ལོར་སྤྱི་
ལེ་གྲུ་བཞི་མ་ ༤༥༤༨ ཡོད་པ་དེ་ཕྱི་ལོ་ ༢༠༠༥ ལོར་སྤྱི་ལེ་གྲུ་བཞི་མ་ ༤༢༠༦ བར་ཆུང་དུ་ཕྱིན་ཡོད། ཆ་སྙོམ་བྱས་ན་ལོ་རེར་སྤྱི་ལེ་གྲུ་བཞི་མ་ ༧.༠༦ ཙམ་ཆུང་དུ་ཕྱིན་ཡོད། འདི་ལྟའི་མཚོ་རྒྱུད་ས་ཁུལ་གྱི་ཉམས་རྒུད་འདིས་ལྷག་རླུང་གིས་བྱེ་ས་འདེད་པའི་རྐྱེན་ཆེན་པོ་བྱེད་ཀྱི་ཡོད།

ད་དུང་ཁོང་ཚོས་མཚོ་སྔོན་པོའ་ིམཚོ་རྒྱུད་ས་ཁུལ་གྱི་བྱེ་ས་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་དེ། ཕྱི་ལོ་ ༡༩༧༧ ལོར་སྤྱི་ལེ་གྲུ་བཞི་མ་ ༥༨༧ .༤ ནས་ཕྱི་ལོ་༡༩༨༧ ལོར་སྤྱི་ལེ་གྲུ་བཞི་མ་ ༦༦ ༠.༧ བར་དང་། ཕྱི་ལོ་ ༢༠༠༠ ལོར་སྤྱི་ལེ་
གྲུ་བཞི་མ་ ༦༩༧.༦ བར་དང་། ཕྱི་ལོ་ ༢༠༠༤ ལོར་སྤྱི་ལེ་གྲུ་བཞི་མ་ ༨༠༥.༨འཕར་ཡོད་པ་གསལ་སྟོན་བྱས་འདུག་དེར་མ་ཟད་ཕྱི་ལོ་ ༡༩༥༩ ནས་ ༢༠༠༠བར་གྱི་དུས་ཡུན་རིང་། ལོ་རབས་རེ་རེའི་ནང་ཚད་བརྒལ་གྱི་དྲོད་ཚད་ཆེ་བའི་ཉིན་གྲངས་ ༢.༩ བར་འཕར་བ་དང་། ལོ་རབས་རེར་ཚད་བརྒལ་གྱི་དྲོད་ཚད་དམའ་བའི་ཉིན་གྲངས་ ༣.༣ བར་ཆག་ཡོད་པ་བཤད་འདུག འདིའི་མཇུག་འབྲས་སུ་མཚོ་ཆུ་རླངས་པར་འགྱུར་ཚད་མཐོ་རུ་ཕྱིན་ཡོད་པའང་སྲིད། ཕྱི་ལོ་ ༢༠༠༧ ལོའ་ིདབྱང་ལི་ (Yang Li) དང་ཁོང་གི་ལས་རོགས་ཚོའི་ཉམས་
ཞིབ་བྱས་པ་ལྟར་ན། མཚོའི་ཆུ་ཁ་མཐོ་དམའི་འགྱུར་བ་དེ་མཐུན་ཕྱོགས་ནས་བཤད་ན་ས་སྟེང་ནས་མཚོ་ནང་དུ་འབབ་རྒྱུག་འོང་བའི་ཆུ་དང་ཁ་ཆར་གྱི་འབབ་ཞོད་ལ་ཤུགས་ཆེར་བལྟོས་ཀྱི་ཡོད་ཅིང་། ཡང་མི་མཐུན་པའི་ཕྱོགས་ནས་བཤད་ན། མཚོ་ཆུ་རླངས་པར་འགྱུར་ཚད་ལའང་འབྲེལ་བ་ཡོད། ཡང་ཕྱོགས་གཞན་ནས་བཤད་ན། ཁོང་ཚོས་མཚོ་ཆུའི་འཕེལ་འགྲིབ་ཐོག་རྟོག་ཞིབ་བྱས་དོན་དུ། མཚོ་ནང་དུ་ཚུར་འབབ་ཚད་དེ་ལོ་རེའི་སྤྱི་སྙོམ་གྱི་འབབ་ཞོད་དང་མཚོ་མཐའི་ས་ཐོག་ནས་མཚོ་ནང་དུ་བཞུར་བའི་ཆུ་དང་། ས་འོག་ནས་མཚོ་ནང་དུ་བཞུར་བརྡོལ་འབྱུང་བའི་ཆུ་བཅས་ཁྱོན་བསྡོམས་མི་ལི་མི་ཊར་༨༤ ༠ ཡིན་པ་དང་། རླངས་གཟུགས་སུ་གྱུར་ནས་ཕྱིར་ཐོན་བྱེད་པའི་ཚད་གཞི་དེ་མི་ལི་མི་ཊར་ ༩༢༤ ཡིན་པ་ཤེས་རྟོགས་བྱུང་ཡོད། འདི་ལྟར་མཚོ་སྔོན་པོའི
ཆུ་ཁ་བྲི་བའི་གནས་སྟངས་འདིས། མཚོ་རྒྱུད་ས་ཁུལ་གྱི་ཁོར་ཡུག་ལ་གནོད་རྐྱེན་མང་དག་ཅིག་བྱེད་རྒྱུ་ཡིན་པ་སྟེ། དཔེར་ན། རྩྭ་ཐང་ཉམས་ཟད་དང་། ཆུའི་སྤུས་ཚད་ཇེ་སྡུག་བྱེ་སའི་ས་ཁྱོན་རྒྱ་བསྐྱེད་སོགས་འབྱུང་རྒྱུ་ཡིན་པ་ལྟ་བུའོ།
སྔོན་དུས་མཚོ་ཆེན་འདི་ནི་ཁྲུང་ཁྲུང་སྐེ་ནག་དང་། སཱ་ཡི་བེ་རི་ཡའི་ངང་པ། ནུབ་ཕྱོགས་ཀྱི་བྱིའུ་ཏི་ཏི་མ་སོགས་བྱ་རིགས་སྣ་ཚོགས་ཀྱིས་དབྱར་དུས་ངལ་གསོ་རྒྱག་སའི་ཞིང་ཁམས་ཤིག་ཡིན། འོན་ཀྱང་འདས་པའི་ལོ་བཅུ་
གྲངས་ནང་གནམ་གཤིས་ཀྱི་ཚ་དྲོད་འཕར་བ་དང་། མཚོ་ཁའི་ཆུའི་རྒྱ་ཁྱོན་བྲི་ཆག་བྱུང་བའི་རྐྱེན་གྱིས་བྱ་རིགས་དེ་ཚོའི་གྲས་ནས་མང་དག་ཅིག་མཚོ་ངོགས་སུ་མཐོང་རྒྱུ་མེད་པར་གྱུར་ཟིན། ད་དུང་བྱ་རིགས་ལ་གནོད་པ་བྱེད་
མཁན་སུའང་མེད་པའི་མཚོ་སྙིང་ཞེས་མཚོ་སྔོན་གྱི་དབུས་སུ་ཆགས་པའི་གླིང་ཕྲན་ཞིག་ཡོད་པ་དེའང་། མཚོ་ཆུ་བྲི་ཆག་གི་གནས་སྟངས་འདིས་མཚོ་ཁ་རིམ་པས་སྐམ་པར་བརྟེན། བྱ་རིགས་ཚོས་མཚོ་སྙིང་སྟེང་ཚང་བཅས་ཏེ་
གནས་རྒྱུར་བདེ་འཇགས་མེད་པ་བཟོས་ཡོད།
དེ་དང་མཚུངས་པར་ཕྱི་ལོ་ ༢༠༠༧ ལོར་སུང་ཧྲུའུ་ཐའོ་ (Song Shutao) ཡིས་ཉམས་ཞིབ་བྱས་པ་ལྟར་ན། འདས་པའི་ལོ་ངོ་བཞི་བཅུའི་རིང་བོད་མཐོ་སྒང་གི་གཤེར་ས་ཁག་གི་བརྒྱ་ཆ་ ༡༠ ལྷག་འཁུམ་ཟད་དུ་ཕྱིན་ཡོད་འདུག དཔེར་ན། རྒྱ་ནག་ཚན་རིག་སློབ་ཁང་གི་ཚན་རིག་པ་རྣམས་ཀྱིས་སྙན་ཐོའ་ིནང་། འབྲི་ཆུའི་ཆུ་འགོའ་ིགཤེར་ས་ཁག་བརྒྱ་ཆ་ ༢༩ ཙམ་རྩ་མེད་དུ་གྱུར་ཟིན་པ་དེ་ཛ་དྲག་གི་གནས་སྟངས་ཡིན་པ་བརྗོད་པ་ལྟར་ཡིན། ཕྱོགས་ཡོངས་ནས་བཤད་ན། འདས་པའི་ལོ་བཞི་བཅུའི་རིང་བོད་མཐོ་སྒང་གི་གཤེར་ས་ཁག་
གི་བརྒྱ་ཆ་ ༡༠ ཉམས་རྒུད་དུ་ཕྱིན་ཡོད། གཤེར་ས་ཉམས་རྒུད་འཁུམ་ཟད་ཆེས་ཆེ་ཤོས་ཀྱི་གནས་སྟངས་དེ་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་ས་ཁུལ་དུ་བྱུང་ཡོད་ཅིང་། དེ་ཁུལ་དུ་བརྒྱ་ཆ་ ༢༩ ཟིན་གྱི་ཡོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱིས་མཁོ་འདོན་གནང་།

ཐེངས་ 42167 བཀླགས་འདུག