Donate

འཛམ་གླིང་རྒྱལ་ཁབ་༡༢༥ཡིས་དབུ་ཁྲིད་ཀྱིས་གནམ་གཤིས་འགྱུར་ལྡོག་སྐོར་གྲོས་བསྡུར་བྱས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེས་གཞི་རྒྱ་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་<<གནམ་གཤིས་འགྱུར་ལྡོག་སྐོར་ལྷན་ཚོགས་>>ཤིག་བསྡུས་པ་དང་། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་ ༡༢༥ དབུ་ཁྲིད་མཉམ་ཞུགས་གནང་ཡོད་པ་རེད། UN climate change summitལྷན་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་(Ban Ki-moon) མཆོག་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་སོགས་ཀྱི་གཏམ་བཤད་དང་། གཞན་ཡང་རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གའོ་ལི་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་སོ་སོའི་དབུ་ཁྲིད་རྣམས་ཀྱིས་དུས་ཡུན་སྐར་མ་ ༤ རེའི་རིང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་ཐོག འཛམ་གླིང་གི་རྒྱལ་ཁབ་ཚང་མས་འགན་འཁུར་མཉམ་ལེན་གྱིས་མ་འོངས་པར་གོ་ལའི་ཚ་དྲོད་ཚད་རིམ་ ༢ ཉུང་དུ་གཏོང་ཐབས་བྱེད་དགོས་པའི་འབུལ་སྐུལ་གནང་འདུག
ཐེངས་འདིའི་ལྷན་ཚོགས་ཐོག་ནས་ཕྱི་ལོ་ ༢༠༣༠ ལོར་རང་བྱུང་ཤིང་ནག་རྩ་སྟོང་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག
སྔོན་མ་ནོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་བཤེགས་དམ་པ་ནལ་སོན་མན་ཌལ་(Nelson Mandela)མཆོག་གི་ལྕམ་གྷ་རཱ་ཁཱ་མཱ་ཆལ་(Graça Machel)ལགས་ཀྱིས་འཛམ་གླིང་གི་དབུ་ཁྲོད་ཚོར་གནམ་གཤིས་འགྱུར་ལྡོག་གདོང་ལེན་བྱེད་པར་སེམས་ཤུགས་འདང་གི་མེད་པའི་སྐྱོན་བརྗོད་བྱས་འདུག
Demostration In New Yorkལྷན་ཚོགས་མ་ཚུགས་པའི་ཉིན་གཉིས་ཀྱི་ཡར་སྔོན་སྟེ་ཕྱི་ཚེས་ ༢ རེས་གཟའ་ཉི་མའི་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་(Ban Ki-moon) མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨལ་གྷོ་རིད་(Al Gore)བཅས་ཀྱིས་གཙོས་ཁྱོན་མི་གྲངས་སུམ་འབུམ་ཆིག་ཁྲི་ ༣༡༠༠༠༠ ཡིས་”ང་ཚོས་མ་འོངས་པ་བསྐྲུན་ཐུབ་”(ྭWe can buld the future)ཟེར་བ་སོགས་ཀྱི་འཕྲད་དར་འཕྱར་ནས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་པ་དང་། འདི་ནི་གནམ་གཤིས་འགྱུར་ལྡོག་ཆེད་ལོ་རྒྱུས་ནང་ཁྲོམ་སྐོར་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།
གཞན་ཡང་འཛམ་གླིང་གི་རྒྱལ་ཁབ་ ༡༢༥ ཙམ་གྱི་ནང་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེར་གནོན་ཤུགས་སྤྲོད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་མ་ཚད། ཁྱོན་ས་རྟགས་གྲངས་ས་ཡ་ ༢།༡ བསྡུ་རུབ་ཀྱིས། ཐེངས་འདིར་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་ཕེབས་པའི་འཛམ་གླིང་གི་དབུ་ཁྲིད་ཚོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་དང་ལག་ལེན་འཁེལ་བ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ པའི་ནང་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་གནམ་གཤིས་འགྱུར་ལྡོག་ཐད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་རྒྱུ་ཐག་གཅོད་བྱས་ཡོད་འདུག

 

 

 

ཐེངས་ 42299 བཀླགས་འདུག