Donate

ཡུ་ནན་ཁུལ་དུ་གཏེར་ཁ་སྔོག་འདོན་དང་བོད་མིར་དྲག་གནོན།

བདེ་ཆེན་ཕྱོགས་ཀྱི་ས་གནས་བོད་མིས་ཁུལ་དེའི་གཏེར་སྔོག་ལས་དོན་རྒྱ་བསྐྱེད་ལ་ངོ་རྒོལ་བྱས་སྐབས་རྒྱ་གཞུང་གི་ཉེན་རྟོག་པས་གཅར་རྡུང་དང་བོད་མི་ཁག་ཅིག་འཛིན་བཟུང་ཡང་བྱས་འདུག Younen of Tibetདེ་ཡང་ཡུན་ནན་འཇོལ་་བདེ་ཆེན་རྫོང་ཁོངས་ཡ་མ་ཡུལ་ཚོ་མར་རྟག་གྲོང་པའི་ས་གནས་ཀྱི་གནས་རི་ཡོད་སར་རྒྱ་ནག་གི་གཏེར་འདོན་ཚན་པ་ཁག་གིས་ཟངས་ཀྱི་གཏེར་ཁ་སྔོག་བཞིན་པའི་ཐོག གྲོང་ཚོའི་རྒྱབ་རི་ནས་གཏེར་ཁ་སྔོག་ཡུལ་བར་གཞུང་ལམ་བཟོས་བ་དང་། གཏེར་སྔོག་ལས་དོན་རྒྱ་བསྐྱེད་བྱས་པར་ས་གནས་ཡུལ་མི་ཚོས་མི་འདོད་པའི་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་དང་། ལྷག་པར་གྲོང་པའི་གནས་རི་ཡིན་པས་གཏེར་སྔོག་ལས་དོན་མཚམས་འཇོག་དགོས་པའི་རེ་བ་ཞུས་ཀྱང་རྒྱ་ནག་གི་གཏེར་འདོན་ཚན་བདག་སྤྲོད་མ་བྱས་བར་རྩོད་རྙོག་བྱུང་ཡོད་འདུག

དེ་མ་ཐག་རྫོང་གི་ཉེན་རྟོག་པ་དང་། དྲག་ཆས་དམག་མི་ཡོང་ནས་ས་གནས་ཡུལ་མི་ཚོར་དྲག་གནོན་བྱས་བ་དང་། ཉུང་མཐར་བོད་མི་གྲངས་ ༩ ཙམ་འཇུ་བཟུང་བྱས་ཡོད་པ་མ་ཟད། མུ་མཐུད་གཏེར་སྔོག་ལས་དོན་ལ་འགོག་རྐྱེན་བཟོས་ཚེ་གོང་རིམ་ནས་གསོད་ཆོག་པའི་ཆོག་མཆན་ཡོད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག
ཡོང་ཁུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

yunen 2 yunen 3 yunen 5yunen 4yunen 6  པར་བོད་ཀྱི་དུས་བབ་ནས་དྲངས།

 

ཐེངས་ 42597 བཀླགས་འདུག