Donate

རི་སྐྱེས་སྲོག་ཆགས་དང་འཆམ་མཐུན་མཉམ་གནས་བྱེད་པའི་བོད་པ་རྣམས།

རི་སྐྱེས་སྲོག་ཆགས་དང་འཆམ་མཐུན་མཉམ་གནས་བྱེད་པའི་བོད་པ་རྣམས།

ཉེ་ལམ་ལོ་ཤས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཁོངས་སུ་ཁ་ཟས་འཚོལ་བར་ཡོང་བའི་སྤྲེའུ་གདོང་ནག་གི་ཁྱུ་ཚོགས་ཇེ་མང་དུ་ཕྱིན་ཡོད་པ་དང་།

ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་མ་བོས་མགྲོན་པོར་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་ཅིང་ཚང་མས་སྔ་ས་ནས་གྲ་སྒྲིག་བྱས་པའི་ཤིང་འབྲས་དང་སྔོ་ཚལ་སོགས་སྦྱིན་གྱི་ཡོད། ད་ཆ། གྲོ་མོའི་རོང་དུ་སྤྲེའུ་དང་མི་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ཆགས་ཡོད།

ཆེད་ལས་མཁས་པས་ངོ་སྤྲོད་གནང་བར་གཞིགས་ན། སྤྲེའུ་དེ་རིགས་ནི་གཙོ་བོ་རྒྱ་གར་དང་ནེ་པ་ལ། ཤྲི་རི་ལངྐ། འབྲས་ལྗོངས་སོགས་སུ་འཚོ་གནས་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་མངའ་ཁོངས་སུ་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་ཞིང་། གཙོ་བོ་བོད་ལྗོངས་ཀྱི་གཉའ་ནང་དང་། འགྲམ། སྐྱིད་རོང་། གྲོ་མོ་སོགས་སུ་མ་གཏོགས་མེད་མོད། དེ་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་གྲས་ཀྱི་རི་སྐྱེས་སྲོག་ཆགས་ཤིག་ཡིན།

དེ་ཡང་། གཅིག་ནས་གྲོ་མོ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲུང་སྐྱོབ་བྱེད་ཐབས་རབ་དང་རིམ་པ་སྤྱད་པ། གཉིས་ནས་བོད་རིགས་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་གནོད་སེམས་མེད་པའི་ཐོག་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་རུ་ཕྱིན་རྐྱེན། སྤྲེའུ་གདོང་ནག་ཚུད་པའི་རི་དྭགས་གཅན་གཟན་དང་། དེ་བཞིན་འདབ་ཆགས་ཀྱི་རིགས་སྣ་ཚོགས་སོགས་ཡུན་རིང་མཐོང་རྒྱུ་མེད་པའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་གྲོ་མོའི་ནགས་ཁུལ་དུ་སླར་ཡང་ཐོན་འགོ་ཚུགས་ཡོད་པ་རེད།
འབྲེལ་ཡོད་པར་རིས་བདམས་བཀོད།

སྐད་འཕྲིན་སྤྱི་སྟེགས།Tibetcnr

ཐེངས་ 42371 བཀླགས་འདུག