Donate

རུས་སྦལ་རིགས།

རུས་སྦལ་ནི་ལྟོ་འགྲོ་སྲོག་ཆགས་ཀྱི་སྡེ་རུཚད་ལ་མི་ཊར་ ༢་༤ དང༌། ཞིང་ཚད་ལ་སན་ཊི་མི་ཊར་ ༡༥ ཙམ་ཡོད། རུས་སྦལ་རིགས་ཆེ་ཤོས་ཤིག་ཨ་རིར་འཚོ་གནས་བྱེད་ཀྱི་ཡོད་ཅིང༌། ལྗིད་ཚད་ལ་སྤྱི་རྒྱ་ ༩༠ ཙམ་ཡོད་པ་རེད། རུས་སྦལ་ནང་ཆེས་ཆེ་ཤོས་རིགས་དེ་རྒྱ་མཚོའི་ནང་གནས་ཀྱི་ཡོད་ཅིང་དེ་ལ་སྤྱི་རྒྱ་ ༥༤༠ ཙམ་ཡོད།

རུས་སྦལ་རིགས།འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་གཟུགས་དབྱིབས་ནི་སྒོར་སྒོར་དང༌། མགོ་དབྱིབས་ཀྱང་སྦྲུལ་མགོ་དང་འདྲ་བ་ཡིན། སྐེ་རིང་ལ་ཕར་ཚུར་བརྐྱངས་བསྐུམས་བྱེད་པར་བདེ་མྱུར་དོད། རྐང་ལག་བཞི་པོ་སྦོམ་ཞིང་ལེབ་ལ་སྦར་མོ་ལྡན།

རྔ་མ་ཕྲ་ཞིང་ཅུང་ཐུང༌། སྒལ་པ་དང་ལྟོ་ངོས་ལ་རུས་པའི་མདུན་ངོས་སུ་དུམ་བུ་བཅུ་གཉིས་དང༌། རྒྱབ་ངོས་ལ་དུམ་བུ་སོ་བརྒྱད་བཅས་ཁྱོན་བསྡོམས་དུམ་བུ་ཞེ་དགུ་ཙམ་ལས་རུས་སྦལ་གྱི་ཁང་པ་འམ་ཤུན་སྐོགས་ལས་གྲུབ་ཡོད་པས། ཤུན་པགས་དེའི་ནང་རུས་སྦལ་རྣམས་དགྲའི་འཇིགས་ཉེན་དང་འཕྲད་དུས་མགོ་དང་ཡན་ལག་རྣམས་བསྐུམས་ཀྱི་ཡོད་པས་དགྲའི་གནོད་འཚེ་ལས་ཐར་ཐུབ་པ་སོགས་ཀྱང་གསལ་འདུག

སྤྱིར་རུས་སྦལ་གྱི་ཤུན་པགས་ནི་རིགས་གཅིག་ལ་ཆེས་འཐུག་པོ་དང་མཁྲེགས་པོ་ཡོད་པས་རང་ཉིད་སྲུང་སྐྱོབ་བྱེད་པར་ཕན་ཐོགས་དང་ནུས་པ་ལྡན་ཡོད་ལ། ལུས་ཀྱི་སྟེང་འོག་གཉིས་ཀ་ལ་ཤུན་པགས་ཀྱིས་གཡོག་ཡོད་པ་དང༌། རིགས་གཅིག་ལ་ཤུན་པགས་རྒྱབ་ལ་མ་གཏོགས་མེད་པས། དེ་ཡང་ཤུན་སྐོགས་རི་མོ་དང་དུམ་བུ་སོགས་གང་ཡང་མེད་པ་འཇམ་བདར་དང༌། ངོས་སྙོམས་པོ་མེད་པ་སོགས་ཅི་རིགས་ཡོང་གི་ཡོད་པས་མཐའ་གཅིག་ཏུ་དུམ་བུ་ཡོད་པ་མ་ངེས།

ཟས་སུ་གཙོ་བོར་འབུ་རིགས་དང༌། ཉ་སྦལ་སོགས་ཀྱི་ཤ་རིགས་བཟའ་བ་དང༌། རུས་སྦལ་འགའ་ཤས་རྩི་ཤིང་དང་སྔོ་ཟས་མ་གཏོགས་ཤ་རིགས་ཟས་སུ་མི་སྤྱོད་མཁན་ཡང་ཡོད། ཡིན་ནའང་ཆུ་འགྲམ་དུ་གནས་པའི་རིགས་མང་ཆེ་བ་ཤ་གཟན་ཡིན་པ་རེད། སྲོག་ཆགས་འདི་སྐྱེ་འཕེལ་བྱེད་སྟངས་ནི་སྒོང་སྐྱེས་ཡིན་ཞིང༌། ཐེངས་གཅིག་ལ་སྒོ་ང་བཅུ་གྲངས་སྐྱེ་འཕེལ་བྱེད། རུས་སྦལ་གྱི་ཚེ་ཚད་ནི་ཆེས་རིང་པོ་ཡོད་པས། ལོ་ ༡༠༠ ཙམ་འཚོ་གནས་ཐུབ་མཁན་དེ་འདྲ་ཡོད།

རུས་སྦལ་གྱི་ཤ་དང་སྒོ་ང་ནི་ཁ་ཟས་དང༌། ཆུང་བ་རིགས་ཀྱི་ཤུན་སྐོགས་ནི་རྒྱན་ཆར་བེད་སྤྱོད་བྱེད་པ། པགས་པ་ནི་ཐོན་རྫས་དང༌། ད་དུང་ཤུན་སྐོགས་གཙོས་པའི་ལུས་ཀྱི་ཆ་ཤས་འགའ་ཤས་སྨན་རྫས་ནང་འགྲོ་ཡི་ཡོད་པས། སྟོངས་ལ་ཉེ་བའི་ལྟོ་འགྲོ་སྲོག་ཆགས་རིགས་ཤིག་ཡིན།

ད་དུང་སྦལ་པ་རིགས་གཅིག་ཡོ་རོབ་དང༌། ཨེ་ཤི་ཡ་སོགས་ཁ་ཟས་ཆེད་འགྲོ་རྒྱུག་ཧ་ཅང་ཆེ་བའི་ཆེས་མང་པོ་ཚེ་སྲོག་ཤོར་གྱི་ཡོད་པ་རེད། དཔེར་ན་ཨེ་ཤི་ཡ་གཅིག་པུའི་ནང་ནས་ལོ་རེར་སྦལ་པ་ས་ཡ་གཉིས་བརྒྱ་ལྷག་ཉོ་ཚོང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་སྦལ་པ་རིགས་གཅིག་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།།

 

རུས་སྦལ་སྐོར་གྱི་དཔྱད་གཞིའི་ཡིག་ཆ།

1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.384,385

2 Microsoft Encarta Reference Library 2006

3 Wildlife Crime (WPSI 1998) P.77-79

 

ཐེངས་ 42289 བཀླགས་འདུག