Donate

རྒྱ་གཞུང་གི་ཉེན་རྟོག་པས་ཡུན་ནན་བདེ་ཆེན་རྫོང་ས་གནས་ནས་བོད་མི་ཉི་ཤུ་ཙམ་འཛིན་བཟུང་།

རྒྱ་གཞུང་གི་ཉེན་རྟོག་པས་ཡུན་ནན་བདེ་ཆེན་རྫོང་ས་གནས་ནས་བོད་མི་ཉི་ཤུ་ཙམ་འཛིན་བཟུང་།

ཡུན་ནན༌ཞིང་ཆེན་བདེ་ཆེན་བོད་རིགས་ཁུལ་ཟེར་བའི་འཇུ་བདེ༌ཆེན༌རྫོང༌(ཡན༌མིང༌)ཞེས༌པའི༌གྲོང༌སྡེ་རུ༌རྒྱ༌མི༌གཞུང༌གིས་ཏེར་ཁ་སྔོག་འདོན་དང་དབོར་འདྲེན་གྱི་གནད་དོན་ལ་བོད་མི་ཚོས་ངོ་རྒོལ་བྱེད་སྐབས་རྒྱ་ནག་གིས་དྲག་གནོན་དང་འཇུ་བཟུང་བྱས་འདུག གསར་ལམ་ཁག་དུ་གནས་ཚུལ་ཐོན་པ་ལྟར་ན། སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་ཞོགས་པར། ཁམས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། བདེ་ཆེན་རྫོང་དབྱངས་འགྲོ་(གྲོ་)ཡུལ་ཚོ་འཇུ་པ་(ཡན༌མིང༌?)གྲོང་སྡེ་ནས་རྒྱ་ནག་གིས་ཨར་འདམ་གྱི་རྒྱུ་ཆའི་གཏེར་ཁ་སྔོག་འདོན་དང་དབོར་འདྲེན་བྱེད་བཞིན་པར་ས་གནས་བོད་མི་ཚོས་ངོ་རྒོལ་བཀག་འགོག་བྱེད་སྐབས། རྒྱ་ནག་གཞུང་གིས་དམག་མི་དང་། ཉེན་རྟོག་པ། དམིགས་བསལ་དྲག་ཆས་ཉེན་རྟོག་རུ་ཁག་སོགས་འབོར་ཆེན་སླེབས་ཏེ། ས་གནས་ཀྱི་བོད་མི་ཞི་རྒོལ་བ་རྣམས་ལ་རྡུང་རྡེག་ཚད་མེད་བཏང་བ་དང་ཉུང་མཐར་ཡང་ཡུམ་མི་ ༢༠ ལྷག་འཇུ་བཟུང་བྱས་ཡོད་འདུག་ཅིང་། ད་ལྟའི་ཆར་ཁུལ་དེའི་གནས་སྟངས་ཛ་དྲག་ཆེན་པོར་གྱར་ནས་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ཁག་གཅིག་གིས་བརྗོད་པ་ལྟར་ན། གོང་ཚེས་ཉིན་ཡུན་ནན༌ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོག་ཁུལ་ཟེར་བའི་འཇུ་བདེ༌ཆེན༌རྫོང༌(ཡན༌མིང་?)ཞེས༌པའི༌གྲོང༌སྡེ་རུ། རྒྱ་གཞུང༌གིས༌འབྲི ཆུ༌བཀག༌ནས༌གློག༌གི༌ཆུ༌མཛོད༌བཟོ༌དགོས༌པས༌ཡུལ༌མི༌ཆ༌ཚང༌གནས༌སྤོ༌བྱེད༌དགོས༌པའི༌བཙན་བཀའ་བཏང༌ཡོད་འདུག་ཀྱང་། ཁུལ་དེའི་ཡུལ་མི་མང་པོ་འདུ་འཛོམས་ཀྱིས། ཁོང་རྣམས་རང༌ཡུལ༌བཞག་ནས༌འགྲོ༌འདོད༌མེད༌པ་དང་། དེ་ལྟར་གནས་སྤོ་རྒྱུར་གང་ཅིའི་ཐད་ནས་དཀའ་ངལ་ཆེན་པོ་ཡོད་སྟབས། གནས་པོ་བྱེད་མ་དགོས་པ་གནང་རོགས་ཞེས་འབྲེལ་ཡོད་འགོ་ཁྲིད་ལ་བཤད་ཀྱང་། རྫོང་གི་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཉམ་ཆུང་མི་མང་རྣམས་ལ་ཉེས་རྡུང་ཚབ་ཆེན་བཏང་བ་དང་། མི་ ༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་ཅིང་། དེའི་རྗེས་ཀྱི་གནས་ཚུལ་ད་ལྟའི་ཆར་ཤེས་རྟོག་ཐུབ་ཀྱི་མེད་ཚུལ་སོགས་མདོར་ན་ད་ལྟ་ཡུན་ནན་ཁུལ་དུ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ཐེངས་ 42265 བཀླགས་འདུག