Donate

རྒྱ་གར་ནང་གནམ་གཤིས་ཚ་དྲོད་ཀྱིས་རྐྱེན་པས་མི་གྲངས་ ༡༨༢༣ ཙམ་ཤི་བ།

ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༩ ཉིན། རྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན་འདས་པའི་བདུན་ཕྲག་གཉིས་ནང་ཚུད་ཙམ་སྟེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཙམ་ནས་རྒྱ་གར་ནང་ཐན་པ་དང་ཚ་དྲོད་ཤིན་ཏུ་ཆེ་བ་འཕར་རྐྱེན་རྒྱ་གར་ལྷོ་ཕྱོགས་ཨན་དྷར་མངའ་སྡེའི་ནང་(Andhra Pradesh)ནང་ཁྱོན་མི་གྲངས་ ༡༣༣༣ ཙམ་འདས་གྲོངས་དང་། India Heat Wave (1)རྒྱ་གར་ལྷོ་ཕྱོགས་ཏེ་ལན་གྷ་ནཱའི་(Telangana)མངའ་སྡེའི་ནང་ཁྱོན་མི་གྲངས་ ༤༤༠ དེ་བཞིན་ཨོ་དྷེ་ཤཱ་(Odisha)མངའ་སྡེའི་ནང་མི་གྲངས་ ༤༣ རྒྱལ་ས་ལྡི་ལིའི་ནང་མི་གྲངས་ ༧ བཅས་ཁྱོན་མི་གྲངས་ ༡༨༢༣ ཙམ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

Indian children distribute free cold sweet water on a street in New Delhi on May 28, 2015. More than 1,100 people have died in a blistering heatwave sweeping India, authorities said, as forecasters warned searing temperatures would continue. AFP PHOTO/MONEY SHARMA.MONEY SHARMA/AFP/Getty Images

འདས་གྲོངས་སུ་ཕྱིན་མཁན་མང་ཆེ་བ་ནི་གྲང་གློག་སོགས་ཀྱི་མཐུན་རྐྱེན་མེད་ཁར། འཐུང་ཆུ་གཙང་མའི་ཆ་རྐྱེན་ཞན་པའི་དབུལ་ཕོངས་དང་། ཁང་པ་དང་སྡོད་གནས་མེད་པའི་སློང་མོ་བ། གཞན་ཡང་ངལ་རྩོལ་བྱེད་མཁན་སོགས་ཡིན་འདུག་ཅིང་། ཁོང་ཚོ་ནི་རྒྱུན་དུ་ཟས་བཅུད་ཀྱི་མ་མདང་བའི་ལུས་ཀྱི་ཟུངས་ཤུགས་ཞན་ཁར། ཕྱི་ཉི་མའི་ཚ་ཟེར་འགོག་པའི་བསིལ་ཁང་དང་། ནང་འཐུང་ཆུ་གཙང་མའི་མཐུན་རྐྱེན་ཇི་བཞིན་མེད་པ་བཅས་ཀྱིས་རྐྱེན་པས་ལུས་ཀྱི་ཟུངས་ཁྲག་དང་དངུལ་ཆུ་བསྐམ་ནས་འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག

Indian cycle rickshaw riders sleep during the heat of the day in New Delhi on May 28, 2015.  More than 1,100 people have died in a blistering heatwave sweeping India, authorities said, as forecasters warned searing temperatures would continue.   AFP PHOTO/Chandan KHANNAChandan Khanna/AFP/Getty Images

གོང་གསལ་རྒྱ་གར་གྱི་ས་ཁུལ་དེ་དག་ནང་དྲོད་ཚད་རིམ་པ་ C50 ལ་སླེབས་ཀྱི་ཡོད་འདུག་ལ། ཉེ་ཆར་རྒྱལ་ས་ལྡི་ལི་གསར་པའི་ནང་དྲོད་ཚད་རིམ་པ་ ༤༥་༥ ཟིན་ཏེ་འདི་ལྟའི་ཚ་དྲོད་འདས་པའི་ལོ་ཁ་ཤས་ནང་བྱུང་མ་མྱོངས་ཟེར།
India Heat Wave (5)དེར་བརྟེན་རྒྱ་གར་གཞུང་དང་འཕྲོད་བསྟེན་ཚན་པས་མི་མང་གི་ཚ་ནད་འགོག་ཐབས་ཀྱི་སྨན་བཅོས་མཐུན་རྐྱེན་སྦྱར་བ་དང་། མི་མང་ལ་སྔ་དྲོའི་ཆུ་ཚོད་ ༡༠ པ་ནས་ཕྱི་དྲོའི་ཆུ་ཚོད་ ༤ པ་བར་གང་བྱུང་ཕྱི་ལོགས་སུ་མི་འགྲོ་བར་ཉི་མའི་ཚ་ཟེར་ལས་གཡོལ་ཐབས་བྱེད་དགོས་སྐོར་བརྙན་འཕྲིན་བརྒྱུད་ལམ་ཁག་སོགས་ལས་ལམ་སྟོན་བྱེད་བཞིན་ཡོད་འདུག
ལྡི་ལིའི་སྨན་ཁང་ཁག་གི་ནང་ཚ་བས་མནར་བའི་ནད་པ་སྟོང་ཕྲག་ཁ་ཤས་ཀྱིས་ཁེངས་ཡོད་འདུག་པ་དང་། ལྡི་ལིར་ཨར་པོའི་ལས་ཀ་བྱེད་མཁན་ཞིག་གིས་ཚ་བ་ཤིན་ཏུ་ཆེ་བས་ལྕགས་ཤོག་གི་ཁེབས་བརྒྱབ་པའི་ཁང་པའི་ནང་མཚན་མོ་ཡང་ཉལ་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག་ལ། ཚ་བ་ཤིན་ཏུ་ཆེ་བས་རྐྱེན་གྱིས་ལྡི་ལི་སོགས་ས་ཁུལ་ཁག་ཅིག་གི་ནང་སློབ་གྲྭ་ཡང་ཚུགས་མ་ཐུབ་པར་གནས་སྐབས་རིང་སྒོ་རྒྱག་དགོས་ཁེལ་ཡོད་འདུག
India Heat Wave (4)མ་འོངས་པའི་ཉིན་ཁ་ཤས་ནང་ཚ་དྲོད་མུ་མཐུད་གནས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་པ་དང་། རྒྱ་གར་ནང་ཚ་དྲོད་ཤིན་ཏུ་ཆེ་བའི་ས་ཆ་ཁག་ཅིག་དུ་སྣུམ་ནག་གཏིང་བའི་གཞུང་ལམ་ཡང་བཞུ་བཞིན་པའི་གནས་ཚུལ་ཐོན་འདུག

ཐེངས་ 42138 བཀླགས་འདུག