Donate

རྒྱ་ནག་གི་མཁའ་རླུང་འབག་བཙོག་ལྷ་སར་འབྱོར་བ།

རྒྱ་ནག་གི་མཁའ་རླུང་འབག་བཙོག་ལྷ་སར་འབྱོར་བ།

ཐོག་མར་ཧོང་ཀོང་གི་རྒྱ་ཡིག་དྲ་ཚིགས་ ifeng.com ལས་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༠ རེས་གཟའ་པ་སངས་ཉིན། རྒྱ་ནག་གིས་མཁའ་རླུང་གཙང་བའི་གྲོང་ཁྱེར་ ༡༠ ནང་བདམས་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་ Cloud of Dust 《ཐལ་རྡུལ་གྱི་སྤྲིན་》 འཁྲིགས་ནས་ཕོ་བྲང་པོ་ཏཱ་ལ་ཡང་མཇལ་མི་ཐུབ་པའི་གནས་ཚུལ་ཆགས་ཡོད་འདུགདྲ་ཚིགས་ཐོག བོད་ཀྱི་རྒྱལ་ས་ལྷ་ས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་ ༣༧༠༠ 《རྩེ་གྲུ་༡༢༠༠༠》ཡོད་པ་དང་། འཛམ་གླིང་གི་གྲོང་ཁྱེར་མཐོ་ཤོས་ཀྱི་གྲས་ཤིག་ཡིན།

ཟླ་བ་སྔོན་མའི་ནང་ China’s Ministry of Environmental Protection རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱིས་ལྷ་ས་ནི་རྒྱ་ནག་གི་མཁའ་རླུངས་གཙང་ཤོས་ཀྱི་གྲོང་ཁྱེར་ ༡༠ ནང་བདམས་ཡོད་པའི་ཕྱིར་བསྒྲགས་བྱས་ཡོད།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ལྷ་སར་འཁྲིགས་པའི་མཁའ་རླུང་འབག་བཙོག་གི་ཐལ་རྡུལ་གནམ་གཤིས་དེ་རིགས་ཀྱིས་མིའི་གཟུགས་གཞིར་གནོད་ཚབས་ཆེན་པོ་ཡོད་པ་མ་ཟད། དམིགས་བསལ་གློ་བའི་ནད་གཞི་དང་། པགས་ནད་སོགས་ཕོག་རྒྱུར་ཉེན་ཚབས་ཆེན་པོ་ཡོད་ལུགས་བཀོད་འདུག

ལྷ་སའི་ཁུལ་དུ་མཁའ་རླུང་འབག་བཙོག་གི་ཐལ་རྡུལ་གནམ་གཤིས་དེའི་རྐྱེན་པས་ཕན་ཚུན་བར་ཐག་ཉེ་བ་མ་གཏོགས་མཐོང་མི་ཐུབ་པ་དང་། གནམ་ཐང་དུ་གནམ་གྲུ་འབབ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འོག་གནམ་གྲུ་མི་ཉུང་བ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་འདུག

ཐལ་རྡུལ་དེ་དག་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཤར་ཕྱོགས་ནས་ཚུལ་སླེབས་པ་ཞིག་དང་། དེང་སང་ཐལ་རྡུལ་དེ་དག་གྲོང་ཁྱེར་ཙམ་མ་ཟད་ས་ཆ་ཁུག་ཀྱོག་དེ་དག་ལའང་འཚུབ་བཞིན་ཡོད་པས་རྐྱེན་གྱིས། འཕྲུལ་སྒྲ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཐོག་མི་རྣམས་ཧང་སང་སང་གིས་བགྲོ་གླེང་བྱེད་བཞིན་འདུག

ཡང་རྩོམ་ཡིག་ཅིག་གི་ནང་། “Even Lhasa has floating dust, Heaven on Earth is gone.” ལྷ་ས་ཡང་ཐལ་རྡུལ་གྱིས་ཁེངས་ནས། གོ་ལ་འདིའི་ཐོག་ལྷ་ཡུལ་མེད་པ་ཆགས་སོང་། ཞེས་བྲིས་འདུག

ལྷ་སར་ཐལ་རྡུལ་འཚུབ་ནས་ཕོ་བྲང་པོ་ཏཱ་ལ་ཡང་མཇལ་མི་ཐུབ་པ་གྱུར་བའི་གནས་ཚུལ་དེ། རྒྱ་གར་གྱི་ཧིན་དྷུ་སི་ཐན་དུས་བབ་དང་། www.hindustantimes.com རྒྱ་གར་གྱི་ཛི་གསར་འགྱུར་དྲ་ཚིགས། www.zeenews.india.com དབྱིན་ཇིའི་ཏར་འཕྲིན་དྲ་ཚིགས་ www.telegraph.co.uk སོགས་རྒྱལ་སྤྱིའི་བརྒྱུད་ལམ་གྲགས་ཅན་དེ་དག་ནང་ལའང་གནས་ཚུལ་བརྒྱུད་འགོད་བྱེད་བཞིན་འདུག

ཐེངས་ 42264 བཀླགས་འདུག