Donate

རྒྱ་ནག་ཡུན་ནན་ས་ཁུལ་ཏུ་ས་ཡོམ་གྱིས་གནོད་འཚེ་ཤུགས་ཆེ་བཏང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣ རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ལུའུ་ཏན་རྫོང་(鲁甸县 )དུ་ཚད་རིམ་ ༦་༡ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ། ཁྱོན་མི་གྲངས་ ༥༨༩ འདས་གྲོངས་སུ་གྱུར་པ་དང་། ཁྱོན་མི་གྲངས་ ༢༤༠༠ སྨས་སྐྱོན། སྡོད་ཁང་ ༡༢༤༠༠༠ ཙམ་གཏོར་བཤིགས་ཚབ་ཆེན་ཐེབས་ནས་ཁྱོན་མི་གྲངས་ ༢༢༩༧༠༠ གནས་སྤོ་ཉེན་ཡོལ་དུ་འགྲོ་དགོས་ཐུབ་ཡོད་འདུག
Yunan China 1ས་ཡོམ་དེས་རྐྱེན་པས་ས་གནས་ཀྱི་གཞུང་ལམ་ལ་གནོད་སྐྱོན་ཤུགས་ཆེ་ཐེབས་ནས་འགྲིམ་འགྲུལ་འགག་སྟབས་སྨྱུར་སྐྱོབ་མི་སྣ་དུས་ཐོག་ཏུ་སླེབས་མ་ཐུབ་པ་དང་། གནོད་ཐེབས་མི་མང་གི་བཟའ་བཅའ་འཚོ་བ་དང་། སྨན་བཅོས་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ལ། ཉིན་རེ་བཞིན་མི་ཤི་རྨས་ཀྱི་གྲངས་འབོར་འཕར་བཞིན་ཡོད་འདུག རྒྱ་ནག་གཞུང་འབྲེལ་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ ༦།༥ ཡིན་ཚུལ་བརྗོད་ཡོད་ཀྱང་། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་ས་ཡོམ་གྱི་ཚད་རིམ་ ༦།༡ ཡིན་ཚུལ་བརྗོད་འདུག
ཐེངས་འདིའི་གཏིང་ཟབ་ཚད་སྤྱི་ལེ་ ༡༢ ཡིན་པའི་རང་བྱུང་ས་ཡོམ་གྱི་གནོད་འཚེ་དེས་ཡུན་ནན་ཞིང་ཆེན་གྱི་རི་གྲོང་ས་ཁུལ་ཁག་ཡོངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་འདུག་ལ། ཀོས་ཀྲིག་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་སོགས་ལའང་གཡོ་འགུལ་ཐེབས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁ་སང་གནོད་ཐེབས་ཀྱི་གནས་ཚུལ་ཐོས་རྗེས། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གི་སྣེ་འཁྲིད་པའི་ཚོགས་པ་ཞིག་པེ་ཅིན་ནས་ཡུན་ནན་དུ་འབྱོར་ཏེ་གནོད་ཐེབས་ས་ཁུལ་དུ་བཀོད་འདོམས་ཀྱི་ལས་དོན་བསྒྲུབ་བཞིན་ཡོད་ཚུལ་དང་། ཀྲོ་ཡང་ས་ཁུལ་ནས་དམག་མི་དང་མྱུར་སྐྱོབ་མི་སྣ་ ༦༠༠ དང་། སྦྱོང་བརྡར་ཡོད་པའི་ཁྱི་ ༡༢ བཅས་མངགས་གཏོང་གིས་འཚོལ་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
Yunan China 2རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་ས་ཡོམ་ཤུགས་ཆེ་བ་དང་གཏིང་ཚད་ཟབ་པ། གནོད་ཐེབས་ས་ཁུལ་གྱི་སྡོད་ཁང་འཚང་ཁ་ཆེ་བ། ས་གནས་ཀྱི་ཕྱོགས་གང་སར་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་སྟབས། རྒྱུ་དངོས་ཀྱི་འགྲོ་སོང་ཕོན་ཆེན་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
ཐེངས་འདིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལོའུ་ཏིན་རྫོང་ནི། ཡུན་ནན་ཞིང་ཆེན་གྱི་རི་གྲོང་ཞིག་ཡིན་འདུག དེར་མེའོ་རིགས་དང་ཀྲོང་རིགས། པེ་རིག
ས་བཅས་གཙོས་པའི་མི་མང་ཁྲི་ ༤༣ གནས་སྡོད་བྱས་ཡོད་པ་དང་། རྒྱ་ནག་ནང་ཁུལ་དབུལ་སྐྱོར་ས་ཁུལ་ཆེ་ཤོས་ཤིག་ཡིན་འདུག ༢༠༡༢ ལོའི་ཟླ་ ༩ བར་ས་ཁུལ་དེར་ཚད་རིམ་ ༥།༦ ཅན་གྱི་ས་ཡོམ་བྱུང་སྟེ། མི་ ༨༡ འདས་གྲོངས་དང་། མི་ ༨༢༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་ཤས་རིང་མུ་མཐུད་དུ་དྲག་ཆར་འབབ་རྒྱུ་ཡིན་པས། ཆུ་ལོག་དང་ས་ཉིལ་སོགས་འབྱུང་རྒྱུའི་ཉེན་ཁ་ཡོད་པ་རེད།།
Yunan Chinaཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན་ཟེར་བའི་ནང་། “དམངས་སྲིད་པུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་ ༨ པའི་ཚེས་ ༦ ཉིན་གྱི་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ བར། ས་ཡུམ་གྱིས་ཀྲའོ་ཐུང་གྲོང་ཁྱེར་གྱི་ལུའུ་ཏན་རྫོང་དང་། ཆའོ་ཅ་རྫོང་། ཀྲའོ་དབྱང་ཆུས། ཡུང་ཧྲན་རྫོང་། ཆུས་ཅིན་གྲོང་ཁྱེར་གྱི་ཧུའེ་ཙེ་རྫོང་གི་མི་ཁྲི་ ༡༠༨་༨༤ལ་གནོད་སྐྱོན་ཐེབས་ཏེ། མི་ ༥༨༩ རྐྱེན་ལམ་དུ་ཤོར་བ།(དེའི་ནང་དུ་ལུའུ་ཏན་རྫོང་གི་མི་ ༥༠༤ དང་། ཆའོ་ཅ་རྫོང་གི་མི་ ༧༢ ཀྲའོ་དབྱང་ཆུས་ཀྱི་མི་ ༡ ཧུའེ་ཙེ་རྫོང་གི་མི་ ༡༢ བཅས་ཡོད་པ་རེད།)མི་ ༩ གང་སོང་མི་ཤེས་པ།(ཆའོ་ཅ་རྫོང་གི་མི་ ༩)མི་ ༢༤༠༡ རྨས་པ། མི་ ༢༢་༩༧ སྡོད་གནས་སྤོ་ཞིང་བདེ་འཇགས་བཀོད་སྒྲིག་བྱས་པ། དུད་ཁ་ཁྲི་ ༢་༥༨ ཀྱི་ཁང་པ་ཁྲི་ ༨་༠༩ རྡིབ་པ། དུད་ཁ་ཁྲི་ ༤་༠༦ གི་ཁང་པ་ཁྲི་ ༡༢་༩༡ ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ། དུད་ཁ་ཁྲི་ ༡༥་༡༢ ཀྱི་ཁང་པ་ཁྲི་ ༤༦་༦༡ ལ་གནོད་སྐྱོན་ཅུང་ཐེབས་ཡོད་པ་རེད། “ཅེས་བཀོད་འདུག

ཐེངས་ 42356 བཀླགས་འདུག