Donate

རྒྱ་བལ་བོད་གསུམ་ལ་ས་ཡོམས་ཀྱིས་གནོད་འཚེ་བཏང་བ།

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་རིམ་པ་ ༧་༩ (རྒྱུད་ལམ་ཁག་ཅིག་གིས་ཚད་རིམ་ ༧་༨ དང་ ༨་༡) ཅན་ཞིག་བརྒྱབ་ནས་ཕྱི་ཚེས་ ༢༧ ཉིན་གྱི་ཉིན་གུང་བར་ཤེས་རྟོགས་བྱུང་བ་ལྟར་ན་ཁྱོན་མི་གྲངས་ ༣༤༠༠ ཙམ་རྐྱེན་འདས་དང་། ཁྱོན་མི་གྲངས་ ༦༥༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

Kathmandu Struck By Powerful Earthquakeས་ཡོམ་དེ་གོང་ཚེས་ཉིན་གྱི་སྔ་དྲོའི་བལ་ཡུལ་གྱི་ཆུ་ཚོད་ ༡༡། ༣༠ སྟེང་བརྒྱབ་པ་དང་། ས་ཡོམ་ཤུགས་ཆེ་ཤོས་བརྒྱབ་ཡུལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་ཌུ་ (Kathmandu) ནས་པོག་ར་ (Pokhara) བར་ཡིན་པ་དང་། ས་ཡོམ་དེས་རྐྱེན་པས་མི་ཕྱུགས་ཤི་རྨས་ཚབ་ཆེན་བྱུང་བ་མ་ཟད། ཁང་པ་སྟོང་ཕྲག་མང་པོ་སྡིབ་པ་དང་འགྲོ་ལམ་འགག་པ། ཆུ་གློག་གི་མཐུན་རྐྱེན་ཆད་པ་སོགས་གཏོར་བཤིག་ཚད་མེད་བཏང་འདུག

མ་ཚད་བལ་པོའི་གནའ་བོའི་བཟོ་བསྐྲུན་ཁང་པ་དང་། ལྷ་ཁང་ཡང་མི་ཉུང་བ་ཞིག་གཏོང་བཤིག་བཏང་འདུག་པ་དང་། རྩ་ཆེའི་བལ་ཡུལ་གྱི་མཆོད་རྟེན་བྱ་རོང་ཁ་ཤོར་སེར་ཁ་གས་པ་དང་། མཐའ་སྐོར་གྱི་མཆོད་རྟེན་ཆུང་བ་འགའ་སར་འགྱེལ་འདུག་པ་དང་། འཕགས་པ་ཤིང་བརྐོས་ཀྱི་མཆོད་རྟེན་དབུ་རྩེ་ཡང་གཞོག་ཞིག་ཞིབ་རལ་དུ་ཕྱིན་འདུག

རྒྱ་དཀར་ནག་དང་ཨ་རི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནས་མྱུང་སྐྱོབ་སྨན་བཅོས་དང་། ཟས་གོས་སོགས་ཀྱི་རོགས་གནང་བྱས་དང་བྱེད་བཞིན་པ་དང་། མི་སྣ་འཆི་རྨས་ཀྱི་གྲངས་འབོར་མུ་མཐུད་ནས་འཕར་བཞིན་པ་རེད་འདུག

Earthquack MTSདུས་མཚུངས་སུ་བལ་བོད་ས་མཚམས་ཇོ་མོ་གླང་མའི་ཕྱོགས་སུ་ཡང་ས་ཡོམ་ཤུགས་ཚད་ ༧་༨ ཅན་ཞིག་བརྒྱབ་ནས་རི་འཛེགས་པ་མི་གྲངས་ ༡༧ འདས་གྲོངས་སུ་ཕྱིན་འདུག

དེ་ཉིན་བོད་སྟོད་ཕྱོགས་སུའང་ས་ཡོམ་ཚད་རིམ་མི་འདྲ་བ་ཁག་ཅིག་བརྒྱབ་འདུག་པ་དང་། བོད་ནང་གི་དྲ་ཚིགས་ཁག་ཏུ་”ས་ཡོམ་དེའི་ཤུགས་རྐྱེན་འོག་གཞིས་རྩེ་གྲོང་ཁྱེར་གྱི་ས་ཆ་མང་པོར་ཡོམ་འགུལ་ཆེན་པོ་ཐེབས་ཡོད་པ་མ་ཟད། མངའ་རིས་དང་ལྷོ་ཁ། ལྷ་ས་སོགས་སུ་ཡང་ཡོམ་འགུལ་ཐེབས་ཡོད་པ་རེད། སྤྱི་ཚེས་ ༢༦ ཉིན་གྱི་ཐོ་རེངས་གི་ཆུ་ཚོད་ཀླད་ཀོར་བར་རིམ་པ་གསུམ་ཡན་གྱི་ཡུམ་འཕྲོ་ཐེངས་ ༡༠ བརྒྱབ་པ་དང་། ཡོམ་འཕྲོ་ཆེ་ཤོས་དེ་རིམ་པ་ ༧ ལ་སླེབས་ཡོད།

གཉའ་ལམ་དང་སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ། སྤུ་ཧྲེང་སོགས་རྫོང་མང་པོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་འཕོག་པ་དང་། ད་བར་མི་ ༡༧ རྐྱེན་ལམ་དུ་ཤོར་བ་དང་མི་ ༤ བརྙེད་རྒྱུ་མེད་པ། མི་ ༥༥ ལ་རྨས་སྐྱོན་འཕོག་པ། ཁང་པ་ ༡༡༩༡ དང་དགོན་ ༡ ཞིག་ལོག་ཐེབས་པ། ཁང་པ་ ༥༨༢༨ དང་དགོན་པ་ ༥༤ ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་འཕོག་པ། དེ་བཞིན་འཕྲིན་གཏོང་ས་ཚིགས་ ༥༨ ལ་གཏོར་སྐྱོན་འཕོག་པ། མི་གྲངས་ཁྲི་ ༢༠ ལྷག་ཙམ་ལ་གནོད་སྐྱོན་བྱུང་ཡོད། གཞིས་རྩེ་ནས་གཉའ་ལམ་བར་དང་གཉམ་ལམ་རྫོང་ནས་འགྲམ་འགག་སྒོའི་བར་གྱི་གཞུང་ལམ་ལ་གཏོར་སྐྱོན་ཆེན་པོ་ཐེབས་པ་མ་ཟད། འདམ་རུད་རྒྱུག་པ་དང་རི་ཉིལ་ནས་ལམ་འགག་པ་དང་། སྐྱིད་གྲོང་རྫོང་ཧྲིལ་པོར་གློག་ཆད་ཡོད་པ་རེད།” ཅེས་བཀོད་འདུག

དེ་ཉིན་རྒྱ་གར་གྱི་ས་ཁུལ་ཁག་ཅིག་ལའང་ས་ཡོམ་གྱི་ཚད་རིམ་འདྲ་མིན་བརྒྱབ་སྟེ། བྷི་ཧར་(Bihar)མངའ་སྡེའི་ནང་ཁྱོན་མི་གྲངས་ ༦༢ དང་། ཨུ་ཊར་ཁན་ཌི་མངའ་སྡེའི་(Uttarakhand Pradesh)ནང་མི་གྲངས་ ༡༢ ནུབ་བྷན་གྷལ་(West Bengal)ནང་མི་ ༢ བཅས་ཁྱོན་མི་གྲངས་ ༧༠ ལྷག་ཙམ་རྐྱེན་འདས་སུ་ཕྱིན་འདུག་པ་དང་། ཁང་པ་སྟོང་ཕྲག་འགའ་ཤས་སྡིབ་སྐྱོན་བྱུང་ཡོད་འདུག

ཐེངས་ 42204 བཀླགས་འདུག