Donate

རྒྱ་མཚོའི་གད་སྙིགས་དང་རྒྱ་མཚོའི་སྐྱེ་དངོས།

རྒྱ་མཚོའི་གད་སྙིགས་དང་རྒྱ་མཚོའི་སྐྱེ་དངོས།

རྒྱ་མཚོའི་གད་སྙིགས་ནི་རྒྱ་མཚོ་དང་མཚོ་འགྲམ་གྱི་ཁོར་ཡུག་ཁྲོད་ཡུན་རིང་རང་བཞིན་ལྡན་པ་དང་། མིས་བཟོས་དང་ཡང་ན་ལས་སྣོན་བྱས་པའི་སྲ་གཟུགས་སྙིགས་རྫས་ལ་གོ་བ་ཡིན། དེ་ནི་རྒྱ་མཚོའི་སྦག་རྫས་ཁྲོད་ཀྱི་རིགས་གཅིག་ཡིན། རྒྱུ་ཆའི་སྟེང་དབྱེ་ན། འགྱིག་ཤོག ཉ་འཛིན་ཡོ་བྱད། དུ་སྣེ། ད་དུང་ཟས་རིགས་དང་བཏུང་ཆུའི་སྣོད་བཅས་ལ་དབྱེ་ཆོག དུས་ཚོད་ཀྱི་རིང་ཐུང་ལྟར་བསྒྲིགས་པ་ཡིན་ན། སིལ་ཏོག་གི་ཤུན་པགས། ཤོག་བཟོས་དངོས་པོ། དུ་སྣེ། འགྱིག་ཤོག ཡི་ལ་གུན། འགྱིག་དམ་དང་ཉ་སྐུད་བཅས་ཡིན། གད་སྙིགས་འདི་དག་རྒྱ་མཚོའི་ནང་སོང་རྗེས་ ༧༠% མཚོ་གཏིང་ལ་འབྱིང་བ་དང། བརྒྱ་ཆའི་ ༡༥% མཚོ་ངོས་སུ་གཡེང་བ་ཡིན། ༥% རྒྱ་མཚོའི་གྲམ་ཁར་ལུས་ཡོད། རྒྱ་མཚོའི་འཁོར་རྒྱུག་གི་རྐྱེན་གྱིས་གོ་ལ་ཧྲིལ་བོའི་རྒྱ་མཚོའི་གད་སྙིགས་ཡོངས་མཉམ་དུ་འདུས་ནས་གད་སྙིགས་རྒྱུད་ཅིག་ཆགས་ཡོད།གད་སྙིགས་རྒྱུད་ལ་ཤར་དང་ནུབ་གཉིས་ཀྱི་ཅུང་སྟུག་པའི་གད་སྙིགས་མུ་ཁྱུད་ཅིག་ཡོད་དེ། ནུབ་ངོས་ནི་འཇར་པན་གྱི་ཤར་ལྷོ་ངོས་དང་། ཤར་ངོས་ནི་ཨ་རི་དང་ཞའ་ཝེ་ཡིའི་དཀྱིལ་ན་ཡོད། སྤྱི་མིང་ལ “great pacific garbage patch”(ཞི་བདེ་རྒྱ་མཚོ་ཆེན་མོའི་གད་སྙིགས་རྒྱུད) ཟེར། ངག་རྒྱུན་ཁྲོད་ཀྱི་ “སྐམ་ས་བརྒྱད་པ་” ནི་ཨ་རིའི་ནུབ་ཀྱི་མཚོ་འགྲམ་དང་ཞ་ཝེ་ཡི་གཉིས་ཀྱི་དཀྱིལ་ན་ཡོད། དེ་ནི་ཞི་བདེ་རྒྱ་མཚོའི་སྟེང་ཏུན་ཁྲི་ ༤༠༠ ཡིན་པའི་འགྱིག་རྫས་གད་སྙིགས་ཀྱིས་གྲུབ་པའི་ཆུ་འཁྱིལ་ཞིག་ཡིན།

དོན་རྐྱེན།

༢༠༡༦ ལོའི་ ཟླ༡༡ པར་བརྙན་ལེན་མཁན་Chris Jordan གྱིས་ཞི་བདེ་རྒྱ་མཚོའི་ཀྲུང་ཐུའུ་གླིང་ཕྲན་དུ་ཤི་བའི་ཞིན་ཐིན་ཝེང་ཞིག་ལ་པར་བརྒྱབ་ཡོད་པ་དང་། མཚོ་བྱ་འདི་ཚོའི་བེམ་པོ་རུལ་རྗེས་འཇུ་མ་ཐུབ་པའི་སྤོས་འགྱིག་དམ་བུའི་ཁ་གཅོད་དང་མེ་ཆ་རྙིང་བ་མང་པོ་མཐོང་།

༢༠༡༧ ལོའི་ཟླ༣པར་ཀུང་ཏུང་ཧུའེ་ཏུང་ཏ་ཡ་མཚོ་ཁུག་ཏུ་འགལ་རྐྱེན་ལ་འཕྲད་པའི་དྲི་ཞིམ་ཆུ་སྲིན་ཞིག་རྙེད་དུས་ལུས་ལ་ཉ་རྒྱས་དམ་པོར་འཁྱུད་ཡོད་པ་དང་། གཤགས་ལས་བྱས་རྗེས་ལུས་ཕུང་ནང་ནས་སྤོས་འགྱིག་མང་པོ་རྙེད།

དུས་རབས་བཅུ་དགུ་བ་ནས་བཟུང་རྫས་འགྱུར་བཟོ་ལས་དར་རྒྱས་སོང་བ་དང་།སྤོས་འགྱིག་བཟོ་ལས་དང་སྐྱེ་ལྡན་འདྲེས་འགྱུར་བཟོ་ལས་གཉིས་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་མ་ཟད་རྒྱུན་མཐུད་ངང་འཕེལ་བའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། དེ་དག་ལ་སྤུས་ཚད་ཡང་བ་དང་དྲག་ཚད་མཐོ་བ། རྫས་འགྱུར་གཤིས་ནུས་བརྟན་བརླིང་དང་རིན་གོང་ཁེ་བ་སོགས་ཀྱི་ཁྱད་ཆོས་མང་པས་ཁྱབ་ཁོངས་མང་པོའི་ནང་འཕེལ་རྒྱས་རྒྱ་ཁྱབ་བྱིན་ཡོད། ཡང་ནུས་ལྡན་གྱི་ཐག་གཅོད་མེད་པའི་རྐྱེན་གྱིས་སྤོས་འགྱིག་ཐོན་རྫས་ཀྱི་བཞུར་རྒྱུག་དང་མཁའ་དབུགས། རང་བྱུང་གནོད་འཚེ་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་ནས་རྒྱ་མཚོའི་ནང་ཞུགས་ཏེ་རྒྱ་ཁྱོན་ཆེན་པོའི་གད་སྙིགས་གྱི་རི་དང་གད་སྙིགས་ཀྱི་གླིང་ཕྲན་སོགས་གྲུབ་ནས་གནས་དེའི་སྐྱེ་དངོས་ལ་གནོད་འཚེ་བཏང་། སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཡིག་ཆ་ལྟར་ན་རྒྱ་མཚོའི་གད་སྙིགས་ཀྱིས་གནོད་འཚེ་ཐེབས་པའི་དངོས་རིགས་སྣ་ ༡༨༧ ཡོད་ཟེར།

མཚོ་བྱ་ནི་སྤོས་འགྱིག་གད་སྙིགས་ཟས་པའི་རྐྱེན་གྱིས་ནད་ཕོག་པ་དང་ཡང་ན་འཇུ་ལམ་འགག་སྟེ་ལྟོགས་ནས་ཤི་བའི་དངོས་རིགས་ཁྲོད་ཀྱི་གཅིག་ཡིན། ཚན་རིག་པས་ཚོད་དཔག་བྱས་པ་ལྟར་ན་མ་འོངས་པའི་ ༩༠% མཚོ་བྱ་ཡིས་སྤོས་འགྱིག་བཟའ་བ་རེད་ཟེར་། ཡང་ཁོ་ཚོར་ཟས་ནོར་བྱུང་བའི་རྒྱུ་རྐྱེན་ནི་ཅི་ཡིན་ནམ། ཆུ་བྱ་དཀར་རྐྱ་དང་རྒྱ་མཚོའི་ཁུག་རྟ།མཚོ་ཐོག་སྐྱར་མོ་བཅས་ནི་༠༠༠༠༠ལ་གཏོགས་པ་དང་།ཟས་འཚོལ་བའི་སྐབས་སུ་གཙོ་བོ་ཁོ་ཚོའི་སྣོམ་ཚོར་ལ་བརྟེན་དགོས། ལྟོ་འཚོལ་ཡུལ་གཙོ་བོ་ནི་རྒྱ་ཆེ་བའི་རྒྱ་མཚོའི་ནང་གི་རུས་སྐོགས་ཅན་གྱི་སྲོག་ཆགས་རིགས་དང་ཉ་རིགས། བྱ་རོག་བཅས་ཡིན།མཚོ་བྱས་བཟུང་བའི་རྔོན་དངོས་འདི་དག་གིས་གཙོ་བོ་རྒྱ་མཚོའི་ཁ་རུ་གཡེང་བའི་ཆུ་གཡེང་སྐྱེ་དངོས་བཟའ་བ་ཡིན།
༠༠༠༠༠ དེ་ ༠༠༠༠༠ ཟེར་བའི་རང་བྱུང་གི་དྲི་ཞིམ་ལྡན་པའི་ཟུ་ལྡན་འདྲེས་འགྱུར་རྫས་ཀྱི་རིགས་ཅིག་གིས་བཀུག་པ་ཡིན། DMS འདི་རིགས་ནི་རྒྱ་མཚོའི་སྔོ་རྩྭ་ལས་བྱུང་བ་ཡིན་ལ། སྔོ་རྩ་ཡི་ཕྲ་ཕུང་ནང་ ༠༠༠༠༠༠ (DMSP) ཟེར་བའི་འདྲེས་འགྱུར་རྫས་རིགས་གཅིག་བྱུང་བ་རེད། ཕྲ་ཕུང་འདི་དག་ལ་གནོད་འཚེ་ཕོག་སྐབས། དཔེར་ན། སྔོ་རྩ་རིགས་ཤི་བ་དང་ཡང་ན་ལིན་ཞ་རིགས་ཀྱི་རྒྱ་མཚོའི་རྩ་གཟན་སྲོག་ཆགས་ཀྱིས་ཁོ་ཚོ་ཟས་པ་ཡིན་ན DMSP དབྱེ་འབྱེད་བྱས་ཏེ་ DMS རུ་གྲུབ་པ་ཡིན། DMS ཡི་དྲི་མས་མཚོ་བྱ་ལ།༠ལྟོ་ཆས་ནི་ཉེ་འགྲམ་ན་ཡོད་པ་དང་སྔོ་རྩྭ་མ་ཡིན་པར་སྔོ་རྩ་ཟ་བཞིན་པའི་ལིན་ཞ་རེད། ཅེས་དྲན་སྐུལ་བྱེད་པ་རེད།
རྒྱ་མཚོའི་གད་སྙིགས་དེ་མཚོ་ནང་སྦོང་ནས་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ངོས་སུ་སྔོ་རྩྭ་ཡིས་གཡོགས་ཡོད་པ་མ་ཟད་ DMS འབོར་ཆེན་ཡོད། དེའི་ངོས་ཀྱི DMS ཟིན་ཚད་ནི་སྤྱིར་བཏང་གི་ཁོར་ཡུག་ཁྲོད་ཀྱི་ཟིན་ཚད་ལས་མཐོ་ལ། ༠༠ མཚོ་བྱ་ལ་ཟུག་གཟེར་སློང་སྟེ་ལྟོ་འཚོལ་བའི་ཞིབ་དཔྱད་ཚད་ལེན་མཚམས་ལས་ཀྱང་ལྡབ་འགྱུར་གྱིས་ཆེན་པོ་ཡོད།

དེ་ལས་གཞན་མཚོ་བྱས་སྤོས་འགྱིག་གད་སྙིགས་ཁྱིར་མིད་གཏོང་བའི་རྒྱུ་མཚན་ནི་སྤོས་འགྱིག་གད་སྙིགས་ཀྱིས་མཐོང་ཚོར་གྱི་སྟེང་ཁོ་ཚོར་མགོ་སྐོར་བཏང་བ་ཡིན་ལ། མཚོ་བྱས་ཁྱིར་མིད་བཏང་བའི་སྤོས་འགྱིག་གད་སྙིགས་གཙོ་བོ་ནི་ཆུང་བ་དང་ཡང་བའི་སྤོས་འགྱིག་ལེབ་མོ་དང་ཡང་ན་ཧའི་སྨི་འགའ་མ་གཏོགས་མེད་པའི་སྤོས་འགྱིག་ལྒང་བུ་ཡིན་ལ། ཁོ་ཚོས་སྤོས་འགྱིག་ནི་ཉ་ཆུང་ཆུང་དང་ཉ་སྒོང་ཡིན་པར་རྩིས་ནས་ཟས་པ་རེད། རྒྱ་མཚོའི་འོ་འཐུང་སྲོག་ཆགས་ཀྱིས་ཀྱང་སྤོས་འགྱིག་ཁྱིར་མིད་གཏོང་བ་ཡིན་ཏེ། དཔེར་ན་རྒྱ་མཚོའི་རུས་སྦལ་གྱིས་ཆུ་ཁར་གཡེང་བའི་སྤོས་འགྱིག་ཁུག་མ་ནི་ཆུ་མོར་རྩིས་ནས་ཟས་པ་རེད། འོན་ཀྱང་ཟས་ནོར་བྱུང་བའི་ཉེན་ཁ་ནི་དམ་དུ་འཁྱུད་པ་ལས་ཆུང་བ་ཡིན།

ཉ་རྒྱ།
གྱང་གཟུགས་ཉ་དྲས་ཉ་འཛིན་པའི་བྱ་སྤྱོད་ཀྱིས་རྒྱ་མཚོའི་སྐྱེ་དངོས་དང་ཁྱད་པར་དུ་རྒྱ་མཚོའི་སྐྱེ་དངོས་ཆེ་རིགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཉེ་བའི་ལོ་ངོ་བཅུའི་ནང་ཉ་ཆེན་པོ་འཛིན་པའི་གྲངས་ཀ་ཇེ་ཉུང་ལ་སོང་བའི་རྐྱེན་གྱིས་ཉ་འཛིན་དྲ་བའི་དྲ་མིག་ཇེ་ཆུང་དུ་གྱུར་ལ། སྔོན་ཆད་ཐར་ཐུབ་པའི་ཉ་རིགས་ཀྱང་ད་ལྟ་ཐར་མ་ཐུབ། ལྷག་ལུས་དང་ཡང་ན་དོར་བའི་ཉ་རྒྱ་དག་རྒྱ་མཚོའི་ནང་གི་འོ་འཐུང་སྲོག་ཆགས་རྣམས་ཀྱི་རྩེད་ཆས་བྱས་ནས་མཇུག་མཐར་དེས་བཅིངས་ཏེ། ཐར་མ་ཐུབ་པར་ལྟོགས་ནས་འཆི་བ་དང་། ཡང་ན་རྔོན་པས་བསད་པ་རེད། རྒྱ་མཚོའི་ཁྲོད་ཀྱི་ཆེས་ཆེ་བའི་སྤོས་འགྱིག་གད་སྙིགས་ནི་རིང་ཚད་ལ་དབྱིན་ལེ་འགའ་ཡོད་པ་དོར་བའི་ན་རྒྱ་དེ་དག་རེད། མཚོ་རྒྱུན་གྱི་བྱེད་ནུས་ཁྲོད་ཉ་རྒྱ་འདི་དག་མཉམ་དུ་དཀྲིས་ནས་རྒྱ་མཚོའི་འོ་འཐུང་སྲོག་ཆགས་རྣམས་ཀྱི་འཆི་བའི་རྒྱ་རྙི་རུ་གྱུར་ཡོད། ཉ་རྒྱ་བསྐོན་པ་ཡང་རྒྱ་མཚོའི་སྐྱེ་དངོས་ཀྱི་གནོད་འཚེའི་རིགས་གཅིག་ཡིན། ལྷག་པར་དུ་སྲོག་ཆགས་ཆུང་གྲས་རྣམས་་སྤོས་འགྱིག་གིས་དཀྲིས་འི་ན་གཟུགས་གཞི་ཆེན་པོ་ཆགས་དུས་སྤོས་འགྱིག་གད་སྙིགས་ཀྱིས་་བཅིངས་ནས་གསོད་པ་རེད།

རྒྱ་མཚོའི་གད་སྙིགས་ཀྱི་གནོད་འཚེ་ནི་སྐྱེ་དངོས་ཁོ་ན་མ་ཡིན་པར། དེས་གཟན་ཕྲེང་བརྒྱུད་ནས་སྐྱེ་དངོས་གཞན་པ་དང་མིའི་རིགས་རང་ཉིད་ལ་གནོད་སྐྱེལ་ཡོང་བ་རེད། དེ་བས་རྒྱ་མཚོའི་གད་སྙིགས་ཐད་ང་ཚོས་ཅི་ཐུབ་ཀྱིས་སྤོས་འགྱིག་བེད་སྤྱོད་བྱེད་པ་ཇེ་ཉུང་གཏོང་དགོས། དཔེར་ན་འཚོ་བའི་ཁྲོད་ཅི་ཐུབ་ཀྱིས་རས་ཀྱི་ཟོག་ཉོ་ཁུག་མ་བེད་སྤྱོད་གཏོང་བ་དང་། མགོ་ཁུངས་ན་ས་སྤོས་འགྱིག་ལ་བསྒྱུར་བཅོས་བྱས་ཏེ། སླར་འབྱེད་ཐུབ་པའི་འཚོ་བའི་སྤྱོད་ཆས་ཐོན་སྐྱེད་བྱེད་པ་དང་རྒྱབ་སྐྱོར་བྱེད་པ། དཔེར་ན་ཧིན་རྡུས་ཐོན་སྐྱེད་བྱས་པའི་བཟའ་རུང་བའི་ཐོམ་བུ་དང་བཟའ་རུང་བའི་སྤོས་འགྱིག་སོགས་ལྟ་བུ། སྤོས་འགྱིག་གི་གྲུབ་ཆ་བསྒྱུར་བ་དང་སྤོས་འགྱིག་གི་གྲུབ་ཆའི་སྟེང་ལེགས་བཅོས་གཏོང་བར་ཤུགས་སྣོན་བྱེད་པ་ཁོ་ན་མ་ཡིན་པར། ང་ཚོས་ད་དུང་སྤོས་འགྱིག་གི་ཕྱིར་བསྡུ་བེ་དསྤྱོད་ལ་ཤུགས་སྣོན་བྱེད་དགོས།

བསྡུ་སྒྲིག་པ། ཚེ་དབང་སྐྱིད་ལགས། བསྒྱུར་མཁན། བན་དེ་མཁར། ཞུ་དག དབང་མོ། དཔར་སྒྲིག ལྔ་ཆུང་།

རྩོམ་དང་པར་གྱི་ཡོང་ཁུངས། Tsaluma 橘子科普网

ཐེངས་ 42400 བཀླགས་འདུག